མ་ཞིག་གི་སྐྱེད་རིམ།

ཟ་མ་མོ།(རྔ་བ) 琼迈文学网 2025-12-30
མགོ་ཆུ་དྲལ་བའི་གཤེར་ཁུ་ཆད་མ་མཐུད་འདི
རླན་དྲོད་ཀྱི་མལ་དུ་བདེན་པ་བདེན་ཐུབ་ཀྱིས་བཞུར་ཡོང
དངངས་སྐྲག     ཡང་ན་ཡིད་ཆེས་དཀའ་བའི་སེམས་འགྱུ་སྐད་ཅིག་མ
ཟླ་བཅུ་གཅིག་པའི་ཚེས་དགུ་ཉིན་གྱི་དགུང་མོའི་ཆུ་ཚོད་བཅུ་དང་སྐར་མ་དྲུག
སང་ཞོགས་ཕྱོགས་སུ་གྱེས་པའི་ནང་མི་ལྷན་འཛོམས་ཀྱི་ཉིན་འདི
ཅིའི་ཕྱིར     ཅིའི་ཕྱིར་དུ
ཟླ་ཁ་གཏན་ནས་མ་གང་རུང 
བཟའ་བཏུང་དང་འགྲོ་འདུག་གིས་གནོད་པས་སམ
ད་ནི      དུས་ཚོད་ཕྱེད་ཀྱི་གཏའ་མ་རུ
སྐར་མ་གསུམ་བཞི་རེས་འཁོར་བའི་བུ་སྣོད་སྐུམ་པའི་ཟུག་གཟེར་གྱི་རྒྱུན
ཆོས་ཉིད་མ་ཞིག་པར་བརྟན་པོ་ཡིན་ནམ་ཡུན་གྱིས་རྟོག
སྐྱེ་བའི་སྔ་ལྟས་སམ་དཔང་བོ་གཅིག་པུ་འདི་ལས་གཞན་གྱི་ཆག་འཇོག་བྲལ
དེའི་རྗེས་ལ   
ཁ་པར་གྱི་ལམ་ནས་བཟའ་ཟླ་དང་ཕ་མ་ལ་བརྡ་གཏོང
ཐབ་ཐོག་གི་གྲོག་མ་རྣམ་འཚུབ་ལོང་ངེར་བྱེད
ནག་དུབ་སེ་བརྒྱབ་པའི་གྲོང་བའི་སྨན་ཁང་གི་སྒོ་ནས
ཕ་མ་གཉིས་ཁོ་ཐག་གཏིང་ནས་ཆད་དེ
སྤྱི་ལེ་དགུ་བཅུའི་ཡན་གྱི་རྫོང་སྨན་ཁང་ལ་རེ་ལྟོས་འཆང
ཁོས"སྤྱི་ལེ་སུམ་བརྒྱའི་ཕར་ནས་ཁོ་བོ་ད་ལྟ་ཉིད་དུ་བརྒྱུག་ཡོང"ཞེས་སྙིང་ཕུར་རྡེབ་མོད  
ཡོད་ཚད་གྲོང་རྡལ་གྱི་སྨག་ནག་པའི་མཚན་མོའི་དོང་ཞབས་སུ་འགྲིལ
མི་སེམས་ཀྱི་ཟབ་ས་དག་ཏུ་འཚུབ་རླུང་དྲག་པོས་ལྡང་སྐོར་བྱེད
ཡང་ཡང་ལྡང་བས་ཆུ་ཚོད་བཅུ་གཅིག་ལ་ནམ་ཐོན་ཅི་ཆ
དེའི་འཕྲོར
ཚེ་སྲོག་གཉོམ་པོ་གཉིས་རླངས་འཁོར་གྱི་མལ་དུ་ཐབས་ཆག་སྒོས་སྙོལ
བར་ཐག་དང་དུས་ཚོད་ཀྱིས་གཅུན་པའི་སྲོག་གི་སྐུད་པ་ཕྲ་མོ་དེ
ཆགས་སྡང་དཀྲུག་པའི་གྲིམ་ལྷོད་འཆོས་ཙམ་གྱིས
རྗེས་ཤུལ་རླུང་གིས་གཅོད་པ་བཞིན་སྐད་ཅིག་ཙམ་གྱི་བགྱི་བ་ཞིག  
མག་པས་གྲག་འགུལ་མེད་པར་འཕྲུལ་ཆས་ཀྱི་རྒྱ་མ་ལ་ཁ་ལོ་སྒྱུར
འབྲོག་སའི་རྒོད་ཐང་དུ་ཐོགས་པ་མེད་པར་རྒྱུག་པའི་འཕྲུལ་ཆག་འདི
འཇིག་རྟེན་གྱི་སྣེ་མོ་ནས་གཏིང་རིང་བའི་མུན་ནག་གི་གཞུང་དེར
ད་ལྟ་ཉིད་དུ་ཚམ་ཚོམ་མེད་པར་གཤེགས
འཛད་རྒྱུ་མེད་པའི་ཕར་རོལ་ཕར་རོལ་ལ་འཐེན་པའི་ཐག་པ་ནི
རྩིབ་ཀྱི་མ་ལོས་ལག་མགོ་སྡོམ་གྱིན་གསོལ་འདེབས་བྱེད་པ་ཙམ་མིན
ཅི་ཡིན་འདི་ཡིན་འཆོལ་བའི་ལམ་གྱི་ཡ་ཡོ་འབའ་ཞིག
བྲང་ཁོག་གནམ་ལ་གཏོད་རུང       རྐང་ལག་བཞི་རྒྱོང་བྱེད་རུང
པུས་མོ་ས་ལ་འཛུགས་རུང          ཨམ་གཙིགས་ཁུ་ཚུར་སྡོམ་རུང
ཚོར་ཤེས་ཀྱི་མཚན་མ་ནི་ན་ཟུག་གི་གཟེར་རྒྱུན་ཁོ་ན
ཡོད་ཚད་ལག་ནས་ཤོར་བའི་སྙིང་འཚུབ་ལན་གྲངས་ཤིག
རུས་པའི་གསེང་ནས་སྙིང་ཁམས་ཀྱིས་མི་ཐེག་སར་སླེབས་པས
དབྱུང་རྔུབ་རིང་མོ་བསྟུད་མར་གྱིས་ལས་དབང་སྐྱབས་ལ་བཅོལ   
དེ་ཙམ་ལ
ལྷུ་ཚིགས་ཀྱི་འཕར་ཁ་ཕྱེས་ཏེ་ཕྲུ་གུའི་མགོ་བོ་ཡུན་གྱིས་རུས་པའི་སྒོ་ལ་ཐོན་མོད
འོན་ཀྱང       མ་ཞིག་གི་སྐྱེད་རིམ་ནི་གཡང་གཟར་གྱི་གཅན་འཕྲང་ཞིག 
རབས་གོང་ནས་ཐར་རུང་འོག་ནས་ཐར་དཀའ་རབས་མང
སྐྱི་ལྤགས་ཡར་མར་ལ་རྐྱོང་བའི་ཚད་མཐའ་རུ་བཏུམ་པའི་མགོ་དེ
རྣོ་སོ་ཕྱི་ནང་ལ་བཏོད་པའི་རལ་གྲི་ངོ་གཉིས་མ་ཞིག
ཕྱི་ལ་ཐོན་ཐབས་མེད་ལ་མཚམས་འཇོག་ཐབས་དེ་བས་མེད་ས་འདི
བུ་ཕྲུག་སྔ་མ་སྐྱེས་པའི་མྱོང་བས་ཀྱང་མི་ལྕོགས་པའི་བྱང་ཐང་སྐྱ་མོ་དེ
སྐབས་འདིར་སྨན་པའི་རམ་འདེགས་མེད་པའི་སྡུག་སྐྱོན་དམར་རྗེན་དུ་ལྷུང་ལ་འབུད
ཡུན་གྱིས་སྙེང་ཡོང་བའི་དུས་ཚོད་བཟོད་དཀའ་ཨང
འུ་ཐུག་ཐབས་ཟད་དུ་ཡར་ལངས་ཏེ་རྐང་གཉིས་ས་ལ་འཛུགས
མ་ཁར་སོ་བཏབ་ཀྱི་བློ་སྟོབས་ཆེན་པོས
རས་ཡུག་ཅིག་ཐད་སོ་ནས་ཡར་མར་ལ་གཤགས
ཕྱོགས་སོ་སོར་གས་པའི་ཚ་གཟེར་བཟི་ལོངས་བའི་ཁྲོད
ཚེ་སྲོག་གི་སྐད་ངག་གསར་བ་སྙན་ལ་གསང་པོ་ཞིག
རྒྱ་མཚོའི་ཟབ་ས་ནས་སྐམ་སའི་ཁུད་དུ་རྗེན་པར་ཕོག་པས
དེ་མ་ཐག་མནར་ཆེན་པོའི་ཁུར་བོ་དག་ཐལ་དང་ུརྡུལ་དུ་བརླག
དེ་ག་རང་ལ་ཡུལ་དུས་འཁྲུག་པའི་ཟ་ཟི་ཚར་དུ་གཅོད
སྨག་ནག་གི་སྟོང་བ་ཆེན་པོའི་ལམ་སྣེ་ག་ཤེད་ཅིག་ཏུ
དཀར་པོའི་འོད་ཐིག་གི་བཀྲག་མདངས་འཚེར་ས་ནས
ང་ཚོ་ནི་རང་ཉིད་ཀྱི་དེ་ཁོ་ན་ཉིད་ལ་ཆགས་པས
ཁ་རླངས་ཐུ་ལུ་ལུའི་ཡོ་ལང་གི་མགོ་མཇུག་སྐད་ཅིག་ཙམ་ལ་སྡུད
སྐབས་དེར་ཆུ་ཚོད་ཀྱིས་འཇམ་ཅག་གེར་བྱེད་ནའང
སྐར་མ་གཅིག   སྐར་མ་གཉིས   སྐར་མ་གསུམ་་་་་
ཚེས་པ་བཅུ་སྟེ་ཉིན་གསར་བ་ཞིག་ས་ཆེན་འདིར་སྔ་མོ་ནས་ཚེས་ཟིན
མི་སེམས་དང་འཕྲུལ་འཁོར་གཉིས་སྨན་ཁང་གི་ཕྱོགས་ལ་ལྷོད་ཀྱིས་གློད
                                               ༢༠༢༥.༡༢.༢༧

རྩོམ་སྒྲིག་པ། གངས་དགའ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

མ་ཞིག་གི་སྐྱེད་རིམ།

2025-12-30 ཟ་མ་མོ།(རྔ་བ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།