སྙན་ངག་བཅུ་གསུམ།

དགོས་འདོད་ནོར་བུ།(ཁྱུང་མཆུ) 琼迈文学网 2026-01-04
སྒྱུ་འཕྲུལ། 

ད་ལྟ་འདི་ནས་དངན་པ་ཞིག་འཐེན་ན གནམ་ངོ་འཁྲུག་སྲིད 
ཡང་སྡུག་ངོ་བྱས་ན ནག་མོས་སྡིགས་སྲིད 
དེ་བས་ཅི་ཡང་བྱུང་མེད་པ་ལྟར 
ཁ་ནང་གི་རྒྱ་ཁབ་དག་བཙན་གྱིས་མིད་ཚེ 
ཁོག་པའི་ནང་ནས་དུག་སྦྲུལ་ལ་གྱུར 
འོག་རླུང་ཞིག་མངགས་ན་འཇའ་ཚོན་ལ་གྱུར 
ཡང་ཅུང་ཙམ་གྱི་རྗེས་ནས དེ་འབྲུག་ལ་འགྱུར་ཡང་སྲིད 
གང་ལྟར་དེ་རིང་ཆར་བ་ཆེན་པོ་ཞིག་བབ་ཚེ 
པུ་ལི་སི་ཡི་ཁང་པའི་ནང་ནས
ངེད་ཅག་གིས་གདུགས་ཕུབ་ནས་འགྲོ་མི་དགོས་སོ། །
                 ༢༠༢༥/༤/༦
       
 ལན།

ཇི་ལྟར་བསྒུག་ཀྱང་སླེབས་རྒྱུ་མི་འདུག
དུས་ཚོད་ཞེས་པ་དམྱལ་བ་རུ་གྱུར
མིང་ལ་གློ་བུར་བ་ཟེར་བའི་མི་ཞིག
མུན་པའི་ཁྲོད་དུ་ངའི་གྲིབ་མ་རུ་གྱུར
ང་ལ་བསམ་བློ་གཏོང་བའི་ཁོམ་སྐབས་ཀྱང་མེད་དེ
རྒྱ་ཁབ་ཅིག་སྙིང་ག་ནས་འབུས་ཀྱིན་འདུག
ད་ནི་གཏན་དུ་སླེབས་མི་སྲིད
ད་ནི་གཏན་དུ་དེ་ལྟར་སེམས
སྨྲ་བ་མེད་པར་ཅི་ཞིག་ལ་ཉན་བཞིན་པའི་བཟོ་ལྟ་ཁོ་ན
གང་ལྟར སྙན་ངག་ཀློག་པའི་གནས་ཤིག་མི་འདུག
ང་རང་ཉིད་ཀྱང་རྒྱ་ཁབ་ཕྲ་མོ་ཞིག
ཁྱེད་ཀྱི་སྙིང་ཁ་ན་འབུས་ཀྱིན་འདུག
               ༢༠༢༥/༣/༤ 

མེ་ནག་པོ། 

གསང་སྤྱོད་དང་འདྲ་བའི་ཁང་པ་གྲུ་བཞི་མ་ཞིག་གི་ནང་ལ་བསྡུས་རྗེས
ཕྱི་རོལ་ན་ནམ་མཁའ་ལྐུག་པ་ཞིག་དང་དབྱར་ཁ་ཞར་བ་ཞིག་ཡོད་པའང་བརྗེད་སྲིད 
མེ་ནག་པོ་ཞིག་གིས་འབྲོག་ཐང་ན་བྲོ་འཁྲབ་ཀྱིན་འདུག མོ་ཊ་དག་སྨྱོས
སེམས་ཅན་གྱི་ཞབས་ལ་འཕང་ལོ་ཡོངས་སུ་ཐོགས། 
རྒྱང་རིང་གི་ས་ཆ་གང་རུང་ཞིག་ནས་པུ་ལི་སི་མིང་མེད་དག་གིས་ཁ་པར་བཏང་ཡོང
གྲིབ་ཆེན་ཐང་ལ་ལྷུང་དུས ང་ད་དུང་ཡུལ་ལ་སླེབས་མེད  
                ༢༠༢༥/༥/༥
               ༄༅། །ར་མའི་གླུ

དེ་རིང་ཤི་ནས : སང་ཉིན་ལ་སྤྲུལ : ཁ་སང་ནི་རྒྱ་ཁབ་ཕྲ་མོ་ཕྲ་མོ་ཞིག : ངའི་ལྕེ་གསེང་ལ་དེའི་ས་བོན་འབུས། 
ངས:ཅི:ཞིག:བཤད:ཀྱིན:པ:ཁྱེད:ཀྱིས:རྩ:བ:ནས:ཧ:གོ:ཡི:མི:འདུག 
དེ:བས:ངའི:ལྕེ་:ལེ:ལ་བྱ:བ༹ཅོས:དགོས:ཚེ 
འོ:བརྒྱལ:མཛད:མི:དགོས 
ང:ནི:སྔ:མོ:ནས:ང:ཉིད:ཀྱི:ལག:དམར:ལ:གྱུར:ཡོད། ། 

                ༢༠༢༥/༤/༤
           མ་ཧ་ཀཱ་ལ། 

མངོན་སུམ་གྱི་སྲུབ་ཁ་ཞིག་ནས་རྨི་ལམ་ཞིག་ལ་ལྐོག་ལྟ་བྱེད་པ་བཞིན
ཆར་བ་ཞིག་བབ་ཚེ་དེའི་སྒྲར་ཉན་པ་དང
མཚན་གང་བོར་གཉིད་མི་ཡོང་བ་ཇི་བཞིན
རང་ཉིད་བྱིས་པ་ཞིག་ནས་བྱིས་པ་གཞན་ཞིག་ལ་སྤྲུལ་བ་ལྟར
པུ་ལི་སི་ལ་བྲོས་བྱོལ་བྱས་ནས་ཕྱིར་ཡུལ་ཟེར་བ་ཞིག་ལ་ཐོན་དུས
སྨྱུག་མིང་ལ་མི་རྟག་པ་ཟེར་བ་ཞིག་གིས་ང་ཡི་གྲིབ་མ་གྱོན་ནས་འགྲོ
           ནད།

བོད་ཀྱི་ནད་པ་སྒྱུ་འཕྲུལ་གྱི་རྟ་ཕོར་ཆིབས་པའི་སྐད་ཅིག་མ་དེར
ཁྲོ་ཁོ་བདུད་འདུལ་རྡོ་རྗེའི་སྤྲུལ་བ་ནི
བྱིས་པ་ལྐུག་པ་ཞིག་གིས་གསོས་བའི་དུག་སྤྲུལ་ཉིད
དུག་སྤྲུལ་དེ་ངའི་འཕྲུལ་ཆས་ཀྱི་སྙིང་ངོས་ལ་འཁྱིལ
ངའི་འཕྲུལ་ཆས་ཀྱི་སྙིང་དེ་ནི་ཁྱོའི་སང་ཉིད་ཀྱི་རྩེད་ཆས་རེད
༼                                                ༽
གནས་སྐབས་འདིར་ང་རང་རྟགས་མཚན་གྱི་རྒྱ་རུ་ཚུད་ནས རང་ཉིད་ཀྱི་པུ་ལི་སི་ལ་ཡོངས་སུ་གྱུར། །

            སྒྲུང་ནང་གི་ལེའུ། 

༡ 
ཁོ་ཧྥེ་ནི་ཕོར་བའི་པང་ནས་བྲོས
དེ་ནས་བཟུང་གློག་བརྙན་ཁྲོད་འཚོ་ཁུལ་བྱས

ཙན་དན་གྱི་ཕྲེང་བའི་བར་ལ་བྱུ་རུ་བརྒྱུན
ཆུ་ཚོད་འཁོར་ལོ་ནི་ཚེ་ཡི་གར་བ་རྫུན་མ་དེ་ཉིད
ཁ་པར ཁ་པར་ཞིག་བཏང་ཡོང་ཚེ་འཇིགས་སྣང་གི་ཆུ་བོ་སྐད་ཅིག་ལ་བྲུག་ངེས
བྲོས་དང འབྲོ་ས་མེད་དོ། །

༢ 
ཁ་རོག་གེར་སེམས་ནས་འཁང་ར་ཇི་ལྟར་བརྒྱབ་ཀྱང
མིག་མདུན་གྱི་ཁྱེད་ནི་ང་ལས་ཀྱང་སྨྲ་བ་མེད་པར་ལུས

མིག་བཙུམ་ནས་ཁྱེད་ལ་བཤད་འདོད་ཀྱི་སྐད་ཆ་བློས་བསླངས་བྱས
ཇི་ལྟར་ཡིན་ཡང་ཁྱེད་ནི་ང་དང་ལྷན་དུ་སྡོད་མི་ཚུགས

ཁ་བ་བབས་རྗེས་ངས་གངས་ནང་དུ་བྲིས་པའི་རི་མོ་ནི
ང་རང་གི་རྐང་རྗེས་དང་ཐང་ལ་འགྱེད་པའི་ཤུལ་ཙམ
          ཉིན་ཐོ། 
                ༢༠༢༢/༩/༡༨

རི་འདབས་ཀྱི་ཁ་བ་མ་ཞུ་བར་ལུས
སྤང་ཁུག་ལ་སྟོན་རླུང་བར་མེད་དུ་རྒྱུ
དར་ལྕོག་གི་འདར་སྒྲ་ཡང་བར་མེད་དུ་འབྱིན
ཉི་འོད་ལན་རེ་འཕྲོ་ཡང་འཁྱག་སྣང་གིས་གང
འཆི་བ་ཞེེས་པར་བསྐྱོད་པའི་རི་ལི་ནི་ལུས་པོ་འདི་མིན་འགྲོ
གང་ལྟར་སྨྲ་ལྕེ་ནི་་་་་
མགོ་བོ་དུད་ནས་འགྲོའོ། ། 
 
                 རྨི་ལམ་གྱི་མི་སེར

རི་རབ་ཀྱི་གསེང་ལ་སྡེར་མོ་ཆེན་མོ་ཞིག་འཛུལ་ནས་ཡོམ་ཡོམ་འགུལ
དུས་དེར་བྱིས་པ་བརྒྱ་ཡིས་གླུ་དབྱངས་གཅིག་མགྲིན་གཅིག་ཏུ་བླངས
སྲང་ལམ་ན་བཟི་ནས་ར་རོར་གྱུར་བའི་ཁྱེད་ཀྱིས་རང་གི་བྲང་རྡུང་གིན་འདུག
ཁྱེད་ཀྱི་བྲང་ཁོག་ནི་དུར་ཁྲོད་དུ་གྱུར་ནས
དེ་རུ་མེས་པོ་ཞེས་པའི་རྒད་པོ་རྒད་མོ་དག་གཉིད་ལ་ཞུགས
མུན་པའི་ནང་ལ་ཡུལ་གྱར་དུ་སོང་བའི་སྙན་ངག་པ་འགའ
རྨི་ལམ་གྱི་མི་སེར་ལ་གྱུར
                ༢༠༢༤/༣/༢༥
སྒྲུང་གླེན་པ། 

བྱིས་པའི་རྒྱལ་བོས་ལྒང་བུ་ཞིག་ལ་དབུགས་བརྒྱབ
སངས་རྒྱས་ཀྱིས་དེའི་ཁ་བསྡམ
དབང་ཕྱུག་གིས་དེ་གནམ་ལ་སྤུར
སྦྲང་རྩི་བློ་གྲོས་ཀྱིས་མདའ་ཡིས་དེ་བཀད
དུས་དེར འཇིག་རྟེན་བྱེད་པོ་དཀོན་མཆོག་གིས་ཧབ་དགོད་བྱས་པ་དང
ཁོང་གི་སྤྱན་ཆེན་མོའི་ནང་འཆར་བའི་འགྲོ་བ་ཡོངས་ཀྱང་བགད་བྱུང
འགྲོ་བ་རིགས་དྲུག་གི་མིག་ནང་ལ་མེ་འབར
མེ་འབར་བའི་སྒྲ་ནི་དོན་དུ་དགོད་སྒྲ་ཡིན་འདུག
               ༢༠༢༤/༦/༣༠ 
             ཁྱེད་དང་ང་། 

ཁ་སང་ང་རང་མལ་ལས་སད་དུས་སུ
ཁྱེད་རང་མུན་ནག་ཁྲོད་ན་མེ་མདའ་ཐོགས
ང་ཡིས་ནངས་ཇ་ཁོ་ཧྥེ་འཐུང་བ་ན
ཁྱེད་ཀྱི་གདོང་ལ་ཁྲག་དམར་འཛར་འཛར་བྱེད
ང་རང་མོ་ཊ་བཏང་ནས་ལས་ཀར་ཞུགས་པ་ན
ཁྱེད་རང་ཐང་ལ་འགྱེལ་ནས་དབུགས་གྱི་རྒྱུ་བ་ཡོངས་སུ་འགག
ང་ནི་བཟའ་ཚང་ལྷན་དུ་ཉི་འོད་འོག་ནས་དྲོས་ཇར་རོལ་བ་ན
ཁྱེད་ཕྱོགས་ད་དུང་མེ་མདའ་མཆེད་དང་འགད་རྫས་འཕུར
ང་རང་དགོང་མོར་དཔེ་ཆ་ཉུང་ཙམ་བཀླགས་རྗེས་གཉིད
ཁྱེད་ཕྱོགས་ལྷིང་འཇགས་ཉི་འོད་ཤར་དང་དུ་བ་ནག་ནོག་འཕྱོ

ནམ་གུང་གསར་འགྱུར་གཅིག་ནི་གོ་དུས་ང་རང་གསང་སྤྱོད་ནང་ན་ཡོད
ཁྱེད་ཀྱི་མིང་ནི་ཐོ་ཡིག་ཞིག་ལས་དོར་རྗེས་དུར་ཁྲོད་རྡོ་ལེབ་ངོས་སུ་བརྐོ
དེ་ནས་དོར་མ་ཡར་ལ་འཐེན་ནས་ཆུ་ཡིས་མི་གཙང་རྣམས་ནི་བཤལ་བ་ན
ཁྱེད་ཀྱི་གསར་འགྱུར་དེ་ཉིད་དྲན་པའི་ནང་ནས་གད་སྙིགས་བཞིན་དུ་བསུབ་པ་འདྲ
                                     ༢༠༢༢/༢/༢༢
རྩོམ་སྒྲིག་པ། ལྷ་སྐྱིད།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྙན་ངག་བཅུ་གསུམ།

2026-01-04 དགོས་འདོད་ནོར་བུ།(ཁྱུང་མཆུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།