ཉིན་ཐོ་ཞེད་སྣང་མ།

ཀླུ་པད་བཟང་།(དཀར་མཛེས) 琼迈文学网 2026-01-11
གཉིད་དུ་ཡུར་བའི་དུས་ཚོད་ག་དུས་སླེབས་པ་ཤེས་མ་བྱུང
གློ་བུར་བའི་ཉི་འོད་ཞོགས་པའི་དུས་ཚོད་བརྒྱད་པར་ལྷང་ལྷང་འཚེར
རྨི་ལམ་དུ་བང་གིས་བརྒྱུགས་པའི་རྟ་མཆོག་དང་དེའི་བདག་པོ
ཐག་རིང་ཡུལ་གྱི་གྲོང་ཚོ་བཞིན་སད་པའི་མིག་གིས་རྙེད་ཐབས་བྲལ

ཐང་ཆད་པའི་མི་དེས་འཆི་ཁའི་འོད་ཟེར་ལ་ཕྱོགས་པ
ང་ཡིས་ཕྱི་དྲོའི་མཚམས་སྤྲིན་ལ་བསྒུགས་པ་དང་འདྲ

གཞུང་ལམ་གྱི་རྡུལ་འཚུབ་ཁ་སྣར་འཛུལ་རྗེས
ཧབ་སྦྲིད་ཅིག་བརྒྱབ་པ་ལས་བྱུང་བའི་བདེ་སྣང་དེ
ཉིན་གཅིག་གི་ངལ་གསོ་རུ་འཁྲུལ

སྙུ་གུ་དང་ཡིག་ནོར་གྱི་རྒྱལ་ཕམ་ང་ཡི་ལག་རྩེད་དུ་གྱུར་རྗེས
དངོས་ཡོད་ཀྱི་འཚོ་བས་ཉམ་ང་བར་བྱས་པའི་གྲིབ་གཟུགས
དོར་ཟིན་པའི་སྡོད་ཁང་དུ་གཡོ་མེད་ངང་ལངས་འདུག

ང་ཚོས་མཐོང་མྱོང་བ་དག་བརྗེད་སླ་བ་ཇི་བཞིན
སྲང་ལམ་ནས་ཕན་ཚུན་ཡུད་ཙམ་ཕྲད་པའི་མི་དག
ལྕི་ཡང་མི་སྙོམས་པའི་གོམ་འགྲོས་ཀྱིས་བཏེགས་ཏེ
མཚམས་ཤིག་ནས་དུས་ཚོད་ཀྱི་སྐྱེ་འཇིག་ཁྲོད་མི་སྣང་བར་གྱུར

ས་སྲོད་ཀྱི་བསིལ་རླུང་དང་ནུབ་ཁའི་ཉི་འོད
འབར་ཁམས་ཀྱི་ནམ་མཁར་གསལ་ཙམ་བྱུང་བ
མེ་ལོང་དུ་སྒྲོན་མེ་ཞིག་ལྷབ་ལྷུབ་གཡོ་བ་དང་འདྲ

བསྟན་པ་དབང་མོའི་གླུ་སྐད་ནང་གི་རྒྱལ་མོ་ཚ་བ་རོང
དྲན་པ་བརྗེད་པ་མིན་ན  མཐོང་ཐོས་སུ་མ་གྱུར་པའི་སྒོ་ར་རྙིང་པ་ཞིག
རྟོག་པས་བརྟགས་པའི་ཁང་མིག་དེ་དང་ནང་གི་བཀོད་པ
རྡོ་རུ་བརྐོས་པའི་ཡིག་འབྲུ་དེ་དག་བཞིན་གྱ་གྱུར་གཡོ

གཟིམས་བདེ་ཞུས་དུས  ནང་དུ་ཇི་ལྟར་སླེབས་པ
སྐྱ་རེངས་ཁྲོད་ཀྱི་ཟླ་བ་དང་བ་མོ་ཆགས་པའི་སྒེའུ་ཁུང་ལས
རྨི་ལམ་དུ་རྒྱུ་བའི་རྟ་ཕོ་དེས་ཤེས་ཚོད་མ་རེད།
             2025. 12. 15 ཉིན་འབར་ཁམས་སུ།

རྩོམ་སྒྲིག་པ། གངས་དགའ།
 

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཉིན་ཐོ་ཞེད་སྣང་མ།

2026-01-11 ཀླུ་པད་བཟང་།(དཀར་མཛེས) ཀློག་གྲངས། མཆན ཡོད།
གཉིད་དུ་ཡུར་བའི་དུས་ཚོད་ག་དུས་སླེབས་པ་ཤེས་མ་བྱུང
གློ་བུར་བའི་ཉི་འོད་ཞོགས་པའི་དུས་ཚོད་བརྒྱད་པར་ལྷང་ལྷང་འཚེར
རྨི་ལམ་དུ་བང་གིས་བརྒྱུགས་པའི་རྟ་མཆོག་དང་དེའི་བདག་པོ
ཐག་རིང་ཡུལ་གྱི་གྲོང་ཚོ་བཞིན་སད་པའི་མིག་གིས་རྙེད་ཐབས་བྲལ

ཐང་ཆད་པའི་མི་དེས་འཆི་ཁའི་འོད་ཟེར་ལ་ཕྱོགས་པ
ང་ཡིས་ཕྱི་དྲོའི་མཚམས་སྤྲིན་ལ་བསྒུགས་པ་དང་འདྲ

གཞུང་ལམ་གྱི་རྡུལ་འཚུབ་ཁ་སྣར་འཛུལ་རྗེས
ཧབ་སྦྲིད་ཅིག་བརྒྱབ་པ་ལས་བྱུང་བའི་བདེ་སྣང་དེ
ཉིན་གཅིག་གི་ངལ་གསོ་རུ་འཁྲུལ

སྙུ་གུ་དང་ཡིག་ནོར་གྱི་རྒྱལ་ཕམ་ང་ཡི་ལག་རྩེད་དུ་གྱུར་རྗེས
དངོས་ཡོད་ཀྱི་འཚོ་བས་ཉམ་ང་བར་བྱས་པའི་གྲིབ་གཟུགས
དོར་ཟིན་པའི་སྡོད་ཁང་དུ་གཡོ་མེད་ངང་ལངས་འདུག

ང་ཚོས་མཐོང་མྱོང་བ་དག་བརྗེད་སླ་བ་ཇི་བཞིན
སྲང་ལམ་ནས་ཕན་ཚུན་ཡུད་ཙམ་ཕྲད་པའི་མི་དག
ལྕི་ཡང་མི་སྙོམས་པའི་གོམ་འགྲོས་ཀྱིས་བཏེགས་ཏེ
མཚམས་ཤིག་ནས་དུས་ཚོད་ཀྱི་སྐྱེ་འཇིག་ཁྲོད་མི་སྣང་བར་གྱུར

ས་སྲོད་ཀྱི་བསིལ་རླུང་དང་ནུབ་ཁའི་ཉི་འོད
འབར་ཁམས་ཀྱི་ནམ་མཁར་གསལ་ཙམ་བྱུང་བ
མེ་ལོང་དུ་སྒྲོན་མེ་ཞིག་ལྷབ་ལྷུབ་གཡོ་བ་དང་འདྲ

བསྟན་པ་དབང་མོའི་གླུ་སྐད་ནང་གི་རྒྱལ་མོ་ཚ་བ་རོང
དྲན་པ་བརྗེད་པ་མིན་ན  མཐོང་ཐོས་སུ་མ་གྱུར་པའི་སྒོ་ར་རྙིང་པ་ཞིག
རྟོག་པས་བརྟགས་པའི་ཁང་མིག་དེ་དང་ནང་གི་བཀོད་པ
རྡོ་རུ་བརྐོས་པའི་ཡིག་འབྲུ་དེ་དག་བཞིན་གྱ་གྱུར་གཡོ

གཟིམས་བདེ་ཞུས་དུས  ནང་དུ་ཇི་ལྟར་སླེབས་པ
སྐྱ་རེངས་ཁྲོད་ཀྱི་ཟླ་བ་དང་བ་མོ་ཆགས་པའི་སྒེའུ་ཁུང་ལས
རྨི་ལམ་དུ་རྒྱུ་བའི་རྟ་ཕོ་དེས་ཤེས་ཚོད་མ་རེད།
             2025. 12. 15 ཉིན་འབར་ཁམས་སུ།

རྩོམ་སྒྲིག་པ། གངས་དགའ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།