སྙན་ངག་རིང་མོ། 《སྤྲུལ་བའི་ངག་དང་བྱེ་མ》

མགར་དམག(མཛོད་དགེ) 琼迈文学网 2026-01-16
སྟོབས་ཤུགས་གང་ཡང་རྫོགས་པའི་མི་བོ་ཆེ།།
སྔོན་མ་ཁྱོད་ཉིད་དྭངས་གཙང་ཁྱེའུ་ཞིག།

ལེགས་ཚོགས་གང་ཡང་སྦྱིན་པའི་མཆོག་ཉིད་དེ།།
ས་གཞི་ཉི་ཟླའི་ཆེད་དུ་མ་ཡིན་གྱི།།
མེ་ཏོག་ཁོ་ནའི་ཆེད་དུ་ཅིས་མ་ཡིན།།

དྭངས་གཙང་བྱིས་པ་རྩེད་འཇོ་ཅི་དགར་རོལ།།
ཉི་དུག་སྤང་ཤ་བསྲེགས་པའི་སྡུག་ཉེས་དག །
ཁོ་བོས་ནམ་ཡང་བློ་ལ་ཤོང་དུ་མེད།།

ཀྱེ་མ་ཀྱི་ཧུད་བདེན་མཛེས་ལགས།།
བརྩེ་དུང་ཁྲོད་དུ་རང་ཉིད་འཚོལ་བ་མ་ཡིན་གྱི།།
གཡོ་འཕྲུལ་ནང་དུ་བརྩེ་དུང་རང་བཞིན་འཚོལ་བ་ལགས།།

ཡིག་འབྲུའི་མཚོ་རླབས་གང་ཡང་འཇགས།།
མིག་ཆུས་སེམས་ནི་ཡོངས་སུ་སྒྲིབ།།
ཅི་ཡང་སྟོང་པའི་མེད་པ་ལགས།།
ང་ནི་ཁྱོད་ལ་མཆོག་ཏུ་དགའ།།

མ་སྒུག་མ་སྒུག་ཟླ་བ་ལགས།།
ཉི་མས་ལམ་ནི་མི་འབྱེད་དོ།།
མ་སྒུག་མ་སྒུག་ཟླ་བ་ལགས།།
ང་ཡང་ད་ནི་རྒ་བས་མནར།།

སྒེའུ་ཁུང་ཁ་ལ་བསྲིངས་པ་ཡི།།
ལག་པ་དེ་ནི་སུ་ཡིན་ལགས།།
འུར་ཟིང་འཕྱོ་བའི་ས་ཆེན་སྟེང་།།
ལྕུག་ཕྲན་ཚོགས་ནི་ཤིན་ཏུ་ལྐུགས།།

སྐྱ་རེངས་སླེབས་པའི་གླགས་རེ་རེར།།
ལྷ་ཆེན་གང་ཡང་སྐྱོ་ལྷང་ལྷང་།།
ཉི་ནུབ་གྲིབ་མའི་སྣེ་རེ་ན།།
ང་ཡང་སྐྱོ་བ་མི་ཉུང་ལགས།།

བརྩེ་དུང་མ་རྙེད་རང་ཉིད་ལགས།།
དགོས་པ་མ་རྙེད་འབྱོར་བ་ལགས།།
སྲོག་གི་ཕྱིར་དུ་འཇིག་རྟེན་འདི།།
མགོ་རྟིང་མ་སློག་ཚེ་སྲོག་ལགས།།

གྲམ་ལ་ལུས་པའི་འདས་སོང་དེ།།
བཀའ་དྲིན་ཆེའོ་གྲུ་གཡོར་ལགས།།

བྱེའུ་ཆུང་སྤྲིན་པས་རྒྱང་ལ་ཁྲིད།།
ང་རང་རླབས་ཀྱིས་ཡུལ་ལ་ཁྲིད།།
རླབས་དང་གཤོག་པའི་ཐུག་འཕྲད་ལ།།
མཚན་ཞག་སྟོང་གི་གྱེས་གདུང་ངུ།།

རྦབས་ཆུ་ཆལ་ཆིལ་གར་གྱིས་སྨྱོས།།
རང་དབང་ཐོབ་པའི་དགྱེས་གླུ་ཉིད།།
གཤོག་ལྡེབ་ཤིག་ཤིག་མཁའ་ལ་འཕྱོ།།
དམར་པོ་མེ་ཡི་འཇོ་སྒེགས་ཀྱང་།།
དེ་དང་ཆབས་ཅིག་མཁའ་ལ་འཕྱོ།།

སེམས་འདི་ཁུ་སིམ་ངང་གིས་འཕྱོ།།
བགྲེས་རྒུད་མེད་པའི་གླུ་ཡང་འཕྱོ།།
དགོས་པ་ཅི་ཡང་མ་མཆིས་མོད།།
ལྷ་དང་ཀླུ་ཡང་དུས་གཅིག་འཕྱོ།།

ཚེ་གཅིག་འཛིན་པའི་བདག་མོ་ལགས།།
མཉེན་ལྕུག་ལྡེམ་པའི་སོར་མོ་ཡིས།།
རྫ་ཆུ་ཁྱོར་གང་མཆོད་རོགས་ཞུ།།
སྡུག་སྒྲིབ་དག་པ་མེད་ན་ཡང་།།
སྣང་བརྙན་ཁོ་ན་ཡིད་དུ་སྡུག།།

ཤར་ནས་བགྲོད་པའི་རྟ་བའི་ཁྱུ།།
སྒུག་ཙམ་གནོང་དང་རྟ་བ་ལགས།།
ང་དང་རི་ཆུ་སྐྱོ་ཨང་སྐྱོ།།
ནུབ་ཏུ་ལུས་པའི་རི་ཚོགས་ལགས།།
འགུལ་ཙམ་གནོང་དང་ལས་དབང་ལགས།།
ད་ནི་སྒུག་གཟོད་མི་འདུག་ལགས།།

ཡི་ག་མ་འགག་འདོད་པའི་ལྷ།།
ང་ཡི་སྡིག་སྒྲིབ་དག་པ་མེད།།
ཟ་རོགས་རི་སྤྱང་སྔོན་མོ་ལགས།།
ང་ལ་ཡི་ག་འབྱེད་རོགས་གནོང་།།

ལྗོན་ཚོགས་མ་སྐྱོ་བྱ་ཚང་རླུང་གིས་གཏོར་ན་ཅི།།
བྱ་མ་མ་སྐྱོ་ལྗོན་ཚོགས་རླུང་གིས་སྒུལ་ན་ཅི།།

རིང་ནས་བོར་བའི་སྣང་བ་ལན་གཅིག་རྙེད།།
གཏན་དུ་ལྐུགས་པའི་ངག་ཀྱང་ཐེངས་གཅིག་གྲོལ།།
བྱེའུ་ཆུང་བསམ་གཏན་པ་ཡང་གླུ་ཡིས་སྨྱོས།།
མེ་ཏོག་བསམ་གཏན་མ་ཡང་གར་གྱིས་སྨྱོས།།

རབ་ཏུ་བརྟན་པའི་ཚོགས་ཀྱང་ཤིག་ཤིག་འགུལ།།
གདུང་སྐྱོའི་སྒྲ་དབྱངས་རྣམས་ནི་འུར་ཟིང་ཟིང་།།
སེམས་ཀྱི་མཚོན་ནི་རབ་ཏུ་རྟུལ་གྱུར་ནས།།
འཇིག་རྟེན་འདི་ཡང་རེ་ཞིག་ནག་ཐོམ་མེར།།

བྱིན་རླབས་འོད་དུ་འབར་བའི་ལྷ་མོ་ལགས།།
ཅུང་ཙམ་སྒུག་རོགས་བདག་གི་འོད་སྣང་ལགས།།
རྗེས་སུ་སྙེགས་ཡོང་འོད་ཀྱི་ལྷ་མོ་ལགས།།
བརྩེ་དུང་འོད་དུ་སྒྲོན་རོགས་འཇིག་རྟེན་ལགས།།

སྐར་མ་ཐར་ཐོར་གནམ་གྱི་མཐའ་ན་འཚེར།།
སྣང་བ་ཐར་ཐོར་སྲིད་པའི་གྲོང་ན་རྒྱུ།།
སྒྱུ་ལུས་ཟད་པའི་མཐའ་མའི་མཐའ་མ་ལ།།
གཏན་དུ་མི་གཡོ་བ་ཞིག་འབྱུང་ངམ་ཀྱེ།།

ཁྱོད་ཉིད་རྡུལ་དུ་གྱེས་པའི་ཡང་མཐའ་དེར།།
རྡུལ་རྣམས་རྐྱེན་གྱིས་འཕྲད་པའི་རྟེན་འབྲེལ་འབྱུང་།།

ཨ་ཅེ་འཛུམ་རོགས་ཟླ་བ་འཛུམ་མུལ་མུལ།།
དགུ་ཚིགས་དབྱིངས་སུ་སྐར་མའི་ཚོགས་ཀྱང་འཛུམ།།
ག་རེ་སྙིང་སྡུག་མ་སྐྱོ་གླུ་ལོངས་དང་།།
འུ་གཉིས་འཛོམས་པ་ཐེངས་གཅིག་ཙམ་དུ་ཟད།།
ངང་བ་འཕུར་སོང་མཚོ་རླབས་དེ་ཡང་འཇགས།།
ང་ཚོ་གྱེས་པ་ཐེངས་གཅིག་ཙམ་དུ་ཟད།།

སྐྱ་རེངས་ཇི་སྲིད་རེས་སུ་སླེབས་ངེས་ཀྱང་།།
གྲམ་ཐང་བྱེ་མའི་ནང་གི་གྲུ་ཆུང་ཉིད།།
རྟག་ཏུ་ས་སྲོད་དེ་གར་འདུག་དགོས་ཅི།།

སྲོག་ནི་ལས་ཀྱིས་ང་ཚོར་གནང་བ་ཡིན།།
སྲོག་ནི་ང་ཚོས་ཅིས་ཀྱང་འདོར་དགོས་ཡོད།།

ཁེངས་དྲེགས་རབ་ཏུ་སྐྱོང་ངོ་སྐྱོངས་པར་གྱིས།།
རླབས་ཆེན་ཇི་སྙེད་ཁེངས་དྲེགས་ཉིད་དུ་གནས།།
སྲིད་པ་མཐའ་ཟད་ཁེངས་དྲེགས་བློ་ཡིས་མཇལ།།
ང་ནི་ཁེངས་པས་སྨྱོས་སོ་དཀོན་མཆོག་ལགས།།

ཇི་སྙེད་གླུ་ལ་ལོངས་ཤིག་ཚེ་སྲོག་ལགས།།
སྐད་ཅིག་ཇི་སྙེད་བདེན་པ་ཤ་སྟག་གོ།།
ཇི་སྙེད་མཛེས་པ་ཕྱོགས་སུ་བྱོ་བར་གྱིས།།
མཛེས་པ་ཇི་སྙེད་སྐད་ཅིག་མཐའ་མའོ།།

བྲེལ་འཚུབ་རླུང་ཁར་འཕྱོ་བའི་འཚོ་སྙེགས་ཀྱི་ངལ་བ།།
ཅི་ཡང་རྙེད་པ་སྟོང་བའི་འདུར་རྒྱུགས་ཀྱི་ལུས་ཚེགས།།
ག་ལེར་དབེན་པར་གནས་ཤིག་ཡུལ་གྱར་གྱི་སེམས་པ།།
ཐམས་ཅད་དེ་གར་གནས་སོ་ལོངས་སྤྱོད་དུ་སྒོམ་ཞིག།

ཨེ་མ་ལོ་ཆང་བདུད་རྩི་བུམ་པ་གང་།།
ཨེ་མ་མཆོད་དང་གྲོགས་ཀྱི་དྭངས་མ་ལགས།།
ཨེ་མ་ནམ་གུང་ཟླ་བ་ཅི་བས་གསལ།།
ཨེ་མ་སྙན་ངག་གྱེར་ན་ཅི་བས་འོས།།

མཛེས་སྡུག་རྫོགས་པའི་ལང་ཚོ་མ།།
ཚོས་ཀྱི་ནང་དུ་ཡིབ་དོན་ཅི།།
མཛེས་པའི་མཛེས་པ་གཤའ་མ་ཉིད།།
བརྩེ་དུང་ཁོ་ནས་འཁྲོལ་བ་འདི།།
མཛེས་པའི་མཛེས་པ་གཤའ་མ་ཉིད།།

བདག་ལ་གཅོར་དང་སྙིང་ཉེ་ལགས།།
རྨ་ཁ་ཕལ་ཆེར་གཅེས་ནས་བཟོས།།
གདུང་བ་ཕལ་ཆེར་དགའ་བས་བསྐྱེད།།
བདག་ལ་གཅོར་དང་སྙིང་ཉེ་ལགས།།

བཀའ་དྲིན་མི་ཆེ་མེ་ལྕེ་ལགས།།
ང་ཡིས་དཔལ་འབར་རིང་ནས་ཐོགས།།
བཀུར་བསྟི་མི་ཞུ་དཔའ་བོ་ལགས།།
འོད་ནི་རང་སེམས་རང་ནས་རྡོལ།།

སྟོབས་པོ་ཆེ་རྣམས་བྲེལ་བྲེལ་མ་གནང་རོགས།།
གླིང་བཞི་བསྐྱོམ་པའི་འོམ་གླིང་འདི་ལ་གྲགས།།
གཞོན་པའི་ཚོགས་རྣམས་ཐུགས་དལ་མ་གནང་ཞུ།།
ས་ཆེན་སྐྱོ་བའི་ངུད་མོ་འདི་ལ་མཆེད།།

ཟེའུ་འབྲུ་ངུ་ཞོར་ཁོ་བོར་གླུ་དབྱངས་བླངས།།
ཟག་བཅས་ཚོགས་ཉིད་ཟག་མེད་ཡོང་བར་ཤོག།
འདབ་མ་སྐྱོ་བཞིན་རླུང་གི་རྟ་ལ་ཞོན།།
སྲིད་མཐའ་ཟད་ཀྱང་བརྩེ་དུང་རྟག་པར་ཤོག།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྙན་ངག་རིང་མོ། 《སྤྲུལ་བའི་ངག་དང་བྱེ་མ》

2026-01-16 མགར་དམག(མཛོད་དགེ) ཀློག་གྲངས། མཆན ཡོད།
སྟོབས་ཤུགས་གང་ཡང་རྫོགས་པའི་མི་བོ་ཆེ།།
སྔོན་མ་ཁྱོད་ཉིད་དྭངས་གཙང་ཁྱེའུ་ཞིག།

ལེགས་ཚོགས་གང་ཡང་སྦྱིན་པའི་མཆོག་ཉིད་དེ།།
ས་གཞི་ཉི་ཟླའི་ཆེད་དུ་མ་ཡིན་གྱི།།
མེ་ཏོག་ཁོ་ནའི་ཆེད་དུ་ཅིས་མ་ཡིན།།

དྭངས་གཙང་བྱིས་པ་རྩེད་འཇོ་ཅི་དགར་རོལ།།
ཉི་དུག་སྤང་ཤ་བསྲེགས་པའི་སྡུག་ཉེས་དག །
ཁོ་བོས་ནམ་ཡང་བློ་ལ་ཤོང་དུ་མེད།།

ཀྱེ་མ་ཀྱི་ཧུད་བདེན་མཛེས་ལགས།།
བརྩེ་དུང་ཁྲོད་དུ་རང་ཉིད་འཚོལ་བ་མ་ཡིན་གྱི།།
གཡོ་འཕྲུལ་ནང་དུ་བརྩེ་དུང་རང་བཞིན་འཚོལ་བ་ལགས།།

ཡིག་འབྲུའི་མཚོ་རླབས་གང་ཡང་འཇགས།།
མིག་ཆུས་སེམས་ནི་ཡོངས་སུ་སྒྲིབ།།
ཅི་ཡང་སྟོང་པའི་མེད་པ་ལགས།།
ང་ནི་ཁྱོད་ལ་མཆོག་ཏུ་དགའ།།

མ་སྒུག་མ་སྒུག་ཟླ་བ་ལགས།།
ཉི་མས་ལམ་ནི་མི་འབྱེད་དོ།།
མ་སྒུག་མ་སྒུག་ཟླ་བ་ལགས།།
ང་ཡང་ད་ནི་རྒ་བས་མནར།།

སྒེའུ་ཁུང་ཁ་ལ་བསྲིངས་པ་ཡི།།
ལག་པ་དེ་ནི་སུ་ཡིན་ལགས།།
འུར་ཟིང་འཕྱོ་བའི་ས་ཆེན་སྟེང་།།
ལྕུག་ཕྲན་ཚོགས་ནི་ཤིན་ཏུ་ལྐུགས།།

སྐྱ་རེངས་སླེབས་པའི་གླགས་རེ་རེར།།
ལྷ་ཆེན་གང་ཡང་སྐྱོ་ལྷང་ལྷང་།།
ཉི་ནུབ་གྲིབ་མའི་སྣེ་རེ་ན།།
ང་ཡང་སྐྱོ་བ་མི་ཉུང་ལགས།།

བརྩེ་དུང་མ་རྙེད་རང་ཉིད་ལགས།།
དགོས་པ་མ་རྙེད་འབྱོར་བ་ལགས།།
སྲོག་གི་ཕྱིར་དུ་འཇིག་རྟེན་འདི།།
མགོ་རྟིང་མ་སློག་ཚེ་སྲོག་ལགས།།

གྲམ་ལ་ལུས་པའི་འདས་སོང་དེ།།
བཀའ་དྲིན་ཆེའོ་གྲུ་གཡོར་ལགས།།

བྱེའུ་ཆུང་སྤྲིན་པས་རྒྱང་ལ་ཁྲིད།།
ང་རང་རླབས་ཀྱིས་ཡུལ་ལ་ཁྲིད།།
རླབས་དང་གཤོག་པའི་ཐུག་འཕྲད་ལ།།
མཚན་ཞག་སྟོང་གི་གྱེས་གདུང་ངུ།།

རྦབས་ཆུ་ཆལ་ཆིལ་གར་གྱིས་སྨྱོས།།
རང་དབང་ཐོབ་པའི་དགྱེས་གླུ་ཉིད།།
གཤོག་ལྡེབ་ཤིག་ཤིག་མཁའ་ལ་འཕྱོ།།
དམར་པོ་མེ་ཡི་འཇོ་སྒེགས་ཀྱང་།།
དེ་དང་ཆབས་ཅིག་མཁའ་ལ་འཕྱོ།།

སེམས་འདི་ཁུ་སིམ་ངང་གིས་འཕྱོ།།
བགྲེས་རྒུད་མེད་པའི་གླུ་ཡང་འཕྱོ།།
དགོས་པ་ཅི་ཡང་མ་མཆིས་མོད།།
ལྷ་དང་ཀླུ་ཡང་དུས་གཅིག་འཕྱོ།།

ཚེ་གཅིག་འཛིན་པའི་བདག་མོ་ལགས།།
མཉེན་ལྕུག་ལྡེམ་པའི་སོར་མོ་ཡིས།།
རྫ་ཆུ་ཁྱོར་གང་མཆོད་རོགས་ཞུ།།
སྡུག་སྒྲིབ་དག་པ་མེད་ན་ཡང་།།
སྣང་བརྙན་ཁོ་ན་ཡིད་དུ་སྡུག།།

ཤར་ནས་བགྲོད་པའི་རྟ་བའི་ཁྱུ།།
སྒུག་ཙམ་གནོང་དང་རྟ་བ་ལགས།།
ང་དང་རི་ཆུ་སྐྱོ་ཨང་སྐྱོ།།
ནུབ་ཏུ་ལུས་པའི་རི་ཚོགས་ལགས།།
འགུལ་ཙམ་གནོང་དང་ལས་དབང་ལགས།།
ད་ནི་སྒུག་གཟོད་མི་འདུག་ལགས།།

ཡི་ག་མ་འགག་འདོད་པའི་ལྷ།།
ང་ཡི་སྡིག་སྒྲིབ་དག་པ་མེད།།
ཟ་རོགས་རི་སྤྱང་སྔོན་མོ་ལགས།།
ང་ལ་ཡི་ག་འབྱེད་རོགས་གནོང་།།

ལྗོན་ཚོགས་མ་སྐྱོ་བྱ་ཚང་རླུང་གིས་གཏོར་ན་ཅི།།
བྱ་མ་མ་སྐྱོ་ལྗོན་ཚོགས་རླུང་གིས་སྒུལ་ན་ཅི།།

རིང་ནས་བོར་བའི་སྣང་བ་ལན་གཅིག་རྙེད།།
གཏན་དུ་ལྐུགས་པའི་ངག་ཀྱང་ཐེངས་གཅིག་གྲོལ།།
བྱེའུ་ཆུང་བསམ་གཏན་པ་ཡང་གླུ་ཡིས་སྨྱོས།།
མེ་ཏོག་བསམ་གཏན་མ་ཡང་གར་གྱིས་སྨྱོས།།

རབ་ཏུ་བརྟན་པའི་ཚོགས་ཀྱང་ཤིག་ཤིག་འགུལ།།
གདུང་སྐྱོའི་སྒྲ་དབྱངས་རྣམས་ནི་འུར་ཟིང་ཟིང་།།
སེམས་ཀྱི་མཚོན་ནི་རབ་ཏུ་རྟུལ་གྱུར་ནས།།
འཇིག་རྟེན་འདི་ཡང་རེ་ཞིག་ནག་ཐོམ་མེར།།

བྱིན་རླབས་འོད་དུ་འབར་བའི་ལྷ་མོ་ལགས།།
ཅུང་ཙམ་སྒུག་རོགས་བདག་གི་འོད་སྣང་ལགས།།
རྗེས་སུ་སྙེགས་ཡོང་འོད་ཀྱི་ལྷ་མོ་ལགས།།
བརྩེ་དུང་འོད་དུ་སྒྲོན་རོགས་འཇིག་རྟེན་ལགས།།

སྐར་མ་ཐར་ཐོར་གནམ་གྱི་མཐའ་ན་འཚེར།།
སྣང་བ་ཐར་ཐོར་སྲིད་པའི་གྲོང་ན་རྒྱུ།།
སྒྱུ་ལུས་ཟད་པའི་མཐའ་མའི་མཐའ་མ་ལ།།
གཏན་དུ་མི་གཡོ་བ་ཞིག་འབྱུང་ངམ་ཀྱེ།།

ཁྱོད་ཉིད་རྡུལ་དུ་གྱེས་པའི་ཡང་མཐའ་དེར།།
རྡུལ་རྣམས་རྐྱེན་གྱིས་འཕྲད་པའི་རྟེན་འབྲེལ་འབྱུང་།།

ཨ་ཅེ་འཛུམ་རོགས་ཟླ་བ་འཛུམ་མུལ་མུལ།།
དགུ་ཚིགས་དབྱིངས་སུ་སྐར་མའི་ཚོགས་ཀྱང་འཛུམ།།
ག་རེ་སྙིང་སྡུག་མ་སྐྱོ་གླུ་ལོངས་དང་།།
འུ་གཉིས་འཛོམས་པ་ཐེངས་གཅིག་ཙམ་དུ་ཟད།།
ངང་བ་འཕུར་སོང་མཚོ་རླབས་དེ་ཡང་འཇགས།།
ང་ཚོ་གྱེས་པ་ཐེངས་གཅིག་ཙམ་དུ་ཟད།།

སྐྱ་རེངས་ཇི་སྲིད་རེས་སུ་སླེབས་ངེས་ཀྱང་།།
གྲམ་ཐང་བྱེ་མའི་ནང་གི་གྲུ་ཆུང་ཉིད།།
རྟག་ཏུ་ས་སྲོད་དེ་གར་འདུག་དགོས་ཅི།།

སྲོག་ནི་ལས་ཀྱིས་ང་ཚོར་གནང་བ་ཡིན།།
སྲོག་ནི་ང་ཚོས་ཅིས་ཀྱང་འདོར་དགོས་ཡོད།།

ཁེངས་དྲེགས་རབ་ཏུ་སྐྱོང་ངོ་སྐྱོངས་པར་གྱིས།།
རླབས་ཆེན་ཇི་སྙེད་ཁེངས་དྲེགས་ཉིད་དུ་གནས།།
སྲིད་པ་མཐའ་ཟད་ཁེངས་དྲེགས་བློ་ཡིས་མཇལ།།
ང་ནི་ཁེངས་པས་སྨྱོས་སོ་དཀོན་མཆོག་ལགས།།

ཇི་སྙེད་གླུ་ལ་ལོངས་ཤིག་ཚེ་སྲོག་ལགས།།
སྐད་ཅིག་ཇི་སྙེད་བདེན་པ་ཤ་སྟག་གོ།།
ཇི་སྙེད་མཛེས་པ་ཕྱོགས་སུ་བྱོ་བར་གྱིས།།
མཛེས་པ་ཇི་སྙེད་སྐད་ཅིག་མཐའ་མའོ།།

བྲེལ་འཚུབ་རླུང་ཁར་འཕྱོ་བའི་འཚོ་སྙེགས་ཀྱི་ངལ་བ།།
ཅི་ཡང་རྙེད་པ་སྟོང་བའི་འདུར་རྒྱུགས་ཀྱི་ལུས་ཚེགས།།
ག་ལེར་དབེན་པར་གནས་ཤིག་ཡུལ་གྱར་གྱི་སེམས་པ།།
ཐམས་ཅད་དེ་གར་གནས་སོ་ལོངས་སྤྱོད་དུ་སྒོམ་ཞིག།

ཨེ་མ་ལོ་ཆང་བདུད་རྩི་བུམ་པ་གང་།།
ཨེ་མ་མཆོད་དང་གྲོགས་ཀྱི་དྭངས་མ་ལགས།།
ཨེ་མ་ནམ་གུང་ཟླ་བ་ཅི་བས་གསལ།།
ཨེ་མ་སྙན་ངག་གྱེར་ན་ཅི་བས་འོས།།

མཛེས་སྡུག་རྫོགས་པའི་ལང་ཚོ་མ།།
ཚོས་ཀྱི་ནང་དུ་ཡིབ་དོན་ཅི།།
མཛེས་པའི་མཛེས་པ་གཤའ་མ་ཉིད།།
བརྩེ་དུང་ཁོ་ནས་འཁྲོལ་བ་འདི།།
མཛེས་པའི་མཛེས་པ་གཤའ་མ་ཉིད།།

བདག་ལ་གཅོར་དང་སྙིང་ཉེ་ལགས།།
རྨ་ཁ་ཕལ་ཆེར་གཅེས་ནས་བཟོས།།
གདུང་བ་ཕལ་ཆེར་དགའ་བས་བསྐྱེད།།
བདག་ལ་གཅོར་དང་སྙིང་ཉེ་ལགས།།

བཀའ་དྲིན་མི་ཆེ་མེ་ལྕེ་ལགས།།
ང་ཡིས་དཔལ་འབར་རིང་ནས་ཐོགས།།
བཀུར་བསྟི་མི་ཞུ་དཔའ་བོ་ལགས།།
འོད་ནི་རང་སེམས་རང་ནས་རྡོལ།།

སྟོབས་པོ་ཆེ་རྣམས་བྲེལ་བྲེལ་མ་གནང་རོགས།།
གླིང་བཞི་བསྐྱོམ་པའི་འོམ་གླིང་འདི་ལ་གྲགས།།
གཞོན་པའི་ཚོགས་རྣམས་ཐུགས་དལ་མ་གནང་ཞུ།།
ས་ཆེན་སྐྱོ་བའི་ངུད་མོ་འདི་ལ་མཆེད།།

ཟེའུ་འབྲུ་ངུ་ཞོར་ཁོ་བོར་གླུ་དབྱངས་བླངས།།
ཟག་བཅས་ཚོགས་ཉིད་ཟག་མེད་ཡོང་བར་ཤོག།
འདབ་མ་སྐྱོ་བཞིན་རླུང་གི་རྟ་ལ་ཞོན།།
སྲིད་མཐའ་ཟད་ཀྱང་བརྩེ་དུང་རྟག་པར་ཤོག།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།