ཟོལ་མེད་ཀྱི་འོ་ཞིག་སྟེར།(ཞར་བཀོད་གསུམ་ཡོད)

མཛངས་གཞོན།(ལྷ་ས) 琼迈文学网 2026-01-25

དབྱར་གཞུང་ཞིག་གི་ནམ་མཁའ་རུ་བཞད་པའི་མེ་ཏོག
མཚན་ཐུན་གཅིག་ལས་ཕྱོགས་གང་དུ་ཡལ
ངེས་མེད་ཀྱི་སྤྲིན་ཚོགས་ཐལ་རྡུལ་གྱི་སློང་ནས་ལྷུག་པོར་འཕྱོ
དགུན་སྟོད་དེའི་ཁ་བ་ང་ཡི་ནང་སེམས་སུ་བབས
ཁ་བའི་འདབ་མ་རེ་རེ་ཁྱོད་ཉིད་དྲན་པའི་ཕྱོགས་སུ་ཟགས

རླུང་བུ་གྲང་མོ་ཞིག་སྡུག་བསྔལ་གྱི་བར་སྣང་དུ་འཁྱམ
འཇའ་ཚོན་གྱི་མཛེས་པ་མཐའ་དག་མིག་གི་དཀྱིལ་ནས་བརླག
སྲང་ལམ་ནས་འཐུལ་བའི་ཁོ་མོའི་ངུ་སྐད་ར་བཟི་ཚོས་འུར་གྱིས་བཀབ
གཏམ་རྒྱུད་རྨས་མ་དེ་དག་གཏམ་རྒྱུད་གཞན་པར་མཐུད

གློ་བུར་བས་གང་ཞིག་ཏུ་ཁུར་བར་འཇིགས་ཏེ
དུས་ཚིགས་ཀྱི་ཁ་དོག་རེ་རེར་ཟོལ་མེད་ཀྱི་འོ་ཞིག་སྟེར
དེ་དག་མཚན་མོའི་རྨི་ལམ་དུ་བཅུག་སྟེ་རྨི་ལམ་ཡོད་ཚད་བདག་པོ་བརྒྱབ
              ༢༠༢༥.༡༢.༢༩

བྲེལ་བ་མེད་པའི་ན་ཟུག

དྲན་གདུང་གི་རྨ་ཁ་སེམས་ལ་ཕོག་བྱུང
དགོང་ཁའི་ཉི་ནུབ་དང་འདྲ་བའི་ཁྱོད་ཀྱི་རྒྱབ་གཟུགས
མངར་སྐྱུར་གྱི་འཚོ་བ་ཡིད་མུག་གིས་བཅིངས
གྲང་འཁྱག་ཡོད་ཚད་མཁའ་རུ་འཁྲིགས་པའི་ས་སྲོས་སུ
ཁེར་རྐྱང་གི་ཟླ་བ་ཁོག་འདར་བརྒྱག་གིན་རྒྱང་དུ་ཆས

མི་རྟག་པའི་སྐྱོ་གར་ལ་རྫོགས་མཐའ་མེད་པའི་གཞན་ཡུལ་ནས
མིག་ཟུང་མུན་ནག་གིས་བཏུམས་ཤིང་རི་ལུང་སྨུག་པས་གཡོགས
གཉོམ་ཞིང་ཕྲ་བའི་ལས་ཀྱི་རྒྱུད་སྐུད་རང་ཉིད་ལའང་དབང་ཐབས་མེད
ནམ་གུང་གི་ནམ་མཁའ་ནས་གསལ་བའི་ང་ཡི་སྐར་མ
ད་ནི་འཇིག་རྟེན་གང་དུ་ཆས་ཟིན

བདག་པོ་མེད་པའི་སྐྱོ་བ་དང་མིག་ཆུ
ལུང་སྟོང་དེ་ནས་འཐོར་ཞིང་ལུང་སྟོང་དེ་རུ་ལུས
སུ་དང་གང་ལའང་འབྲེལ་བ་མེད་པའི་ན་ཟུག
ལུས་ངག་ཡིད་གསུམ་གྱི་དཀྱིལ་དུ་རུམ་དགོས་བྱུང
               ༢༠༢༥.༡༢.༡༣

གཉིད་མི་ཁུག་པའི་མཚན་མོར།

སྟོང་བར་ལུས་པའི་གྲང་འཁྱག་གི་ས་གཞི
སྐྱ་སང་སང་གི་ནམ་མཁའ་མུན་ནག་དང་གཅིག་ཏུ་འདྲེས
ཁ་བ་དང་ཉི་འོད་མེད་པའི་དགུན་གཞུང
མཛེས་སྡུག་དང་འབྲེལ་བ་ཅི་ཡང་མེད་པའི་ཁ་ཚོན་ཆོད
གཉིད་མི་ཁུག་པའི་མཚན་མོ་དེ་དག་ཏུ
ང་ཡི་ལུས་སེམས་སྦྲིད

ཁ་སང་གི་བྱིས་པ་དགུན་ཟླ་འདི་ནས་སད་རྗེས
དབྱར་ཁས་ཁོ་མོ་མ་བསྒུགས་པའི་ངང་ཚུལ་ལ་འཁང་ར་བྱས
གཙང་བོའི་གཞུར་རྒྱུན་ལས་ནོགས་པའི་གཏམ་རྒྱུད་དེ་དག
གཉིད་མི་ཁུག་པའི་མཚན་མོར་མིག་ཆུ་དང་འཁྱུད

རྒས་པའི་འཛུམ་མདངས་ལ་འཇིགས་དོན
འཇིག་རྟེན་པའི་སྐྱོ་གདུང་མཐའ་དག་ཚོར་བས་རེད
གཉིད་མི་ཁུག་པའི་མཚན་མོར་གས་ཆག་གི་ཟླ་བ་མཐོང
དེ་ལས་བོར་སོང་བའི་རང་ཉིད་དྲན
              ༢༠༢༥.༡༡.༢༦

ལྷིང་འཇགས་སྤུར་བའི་དགུན་གཞུང་།

ཉི་ཟླ་བོར་བའི་སྟོན་མཇུག་གི་ནམ་མཁར
དྲག་ཆར་བབས་ཤིང་གློག་དམར་འཁྱུག
འཛུམ་ཆུང་གིས་དཀྲིས་པའི་མེ་ཏོག་མཐའ་དག
མི་རྟག་པའི་གདུག་རྩུབ་ལས་གང་དུ་དེད་འགྲོ
སྐྱོ་གདུང་གིས་ང་ཡི་ཕྱི་ནང་གཏོར་ཞིང་འཛུམ་པའི་ངོ་གདོང་བརླག

སེམས་ཀྱིས་བྲིས་པའི་རི་མོ་གློ་བུར་རླུང་གིས་ཁུར་ཚེ
དབྱར་ཁའི་ཉི་འོད་དང་འདྲེས་ཐབས་བྲལ།
གོམ་ཆུང་གིས་འཚོས་པའི་རྨི་ལམ་རྒྱང་དུ་ཡལ་རྗེས
སྨུག་པ་འཐིབས་པའི་རི་ལུང་ཁེར་རྐྱང་གིས་ཁེབས

ལྷིང་འཇགས་ཀྱི་ས་སྲོད་རླུང་གིས་སྤུར་བས
འཆར་ཡན་གྱིས་མེ་ཁ་གསོས་པའི་དགུན་གཞུང་འདི
ཧ་ཅང་འཁྱག   ཤིན་ཏུ་འཁྱག
ད་ནས་སྒྱུ་འཕྲུལ་གྱི་མཚན་མོ་ཅི་ཙམ་ཞིག་བརྒལ་སྲིད
                  ༢༠༢༥.༡༡.༢༧

རྩོམ་སྒྲིག་པ། དབང་མོ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཟོལ་མེད་ཀྱི་འོ་ཞིག་སྟེར།(ཞར་བཀོད་གསུམ་ཡོད)

2026-01-25 མཛངས་གཞོན།(ལྷ་ས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།