རྨི་ལམ་མཚར་སྣང་ཅན་ཞིག་ལས་སད་པ།(ཞར་བཀོད་གསུམ་ཡོད)
ཕྱི་རོལ་གྱི་གྲང་རླུང་ནང་རོལ་དུ་རྒྱུ་མི་ཐུབ་པས
མིག་གིས་སྒེའུ་ཁུང་ཕྱི་རོལ་གྱི་ཡུལ་ལྗོངས་ཟིན་ངེས
མིག་གིས་ཟིན་པ་དེ་སེམས་ཀྱིས་ཇེ་ཆེར་བཏང་འགྲོ
ང་རང་དེ་ལྟར་སྐད་ཅིག་རིང་འཇིག་རྟེན་ལས་བརྒལ་འགྲོ
ང་རང་ཕོ་ལོ་ཉེར་བརྒྱད་རིང་འཚོ་བཞེས་གནང་པ་དེ
དུས་ཚོད་གྲངས་མེད་ཀྱི་བར་གྱང་བརྒལ་ནས་སླེབས་པ་ན
ང་ཡི་རྨི་ལམ་དུ་མངོན་ཆུང་གི་མཚོ་མོའི་རླབས་སྒྲ་དེ
ཐེངས་ཤིག་སྐྱོམས་པས་ང་ཡང་སྔངས་འདར་ཐེངས་ཤིག་སྐྱེ་བྱུང
རྨི་ལམ་དུ་མི་ཚེ་གཅིག་གི་དུས་ཡུན་སྒྱུ་འཕྲུལ་གྱི་མེ་ལོང་ངོས་སུ
ཧ་ཅང་གསལ་བས་དངོས་ཡོད་གང་ཡིན་ཆ་མི་འཚལ་པར་གྱུར
མི་ཚེ་རིང་པོ་རིང་པོ་ཟེར་བ་དེ་མཚན་གཅིག་རྨི་ལམ་དུ་རྨིས་པས
ཞེ་ནས་དུངས་པའི་བུ་མོ་དེར་མྱུར་བར་ཐེངས་ཤིག་འཐམས་ན་འདོད
ནམ་ལངས་པ་ན་རྨི་ལམ་ལས་སད་བྱུང
ང་ཡི་གོམ་འགྲོས་བར་གྱི་རླུང་བུ་དུས་ཚོད་ཀྱི་བང་ལ་འགྲན་ནུས
ཞི་འཇམ་གྱི་སྙན་ངག
རླུང་བུ་གཡུགས་པ་ཧ་ཅང་དལ
རོལ་མོའི་སྒྲ་དེའང་ཚད་དང་རན
ཉི་ཧོང་གི་སྲང་ལམ་དུ་སྣང་བ་འཁྱམས
སྒྲུང་ནང་གི་ཉི་ཧོང་བ་དེ་གུས་ཞབས་ལྡན་པའི་ངང
ང་ཡི་གམ་དུ་ཚུར་སླེབས་པ་དང
འཛུམ་ཙམ་བྱེད་པས་འཇིག་རྟེན་གྱི་བར་གྱང་མཐའ་དག་ཞིག
སའི་གོ་ལའི་གླིང་སྣེ་གཞན་ཞིག་ཏུ་མི་ནག་སྐོར་ཞིག་འདུག
ཁོ་ཚོའི་རིགས་རྒྱུད་ཤིན་ཏུ་ནག་པས་དགོད་ཙམ་བྱེད་དུས
སྙིང་ཉེ་བའི་སོ་ཕྲེང་དེས་དཀར་ནག་གི་མཛེས་པ་འཆད་ཡོང
ཐམས་ཅད་འཁོན་འཛིང་མེད་པར་ངོ་འཕྲད་དུས
ཁྱིམ་དུ་ལོག་པའི་བྱིས་པ་བཞིན་དགའ་མགུར་རོལ
བཙོན་དཔོན་ལག་ཏུ་དཔེ་ཆ་ཐོགས་ཤིང
དམག་མིའི་ལག་ཏུ་པི་ལྦང་བཟུང་བས་ཐམས་ཅད་ཤིན་ཏུ་ཡག
མཛེས་སྡུག་ཟེར་བ་དེ་ལྟར་སྐད་ཅིག་སྐད་ཅིག་ལ་སླེབས་པས
བྱོལ་སོང་གི་གཞིས་ཀ་སླར་གསོན་རྒྱག
མི་ཐམས་ཅད་རང་སྣང་གི་ཚོར་ཤེས་ཁྲོད་འཁྱུད་པས
འཇིག་རྟེན་གྱི་དུས་ཚོད་ཤིན་ཏུ་ཐུང
གནས་འདིར་ཕ་ཡི་སྡུག་བསྔལ་བུ་ཡིས་གཉོར་ཞིང
བུ་ཡི་བསམ་འདུན་ཕ་ཡིས་སྐྱོར་བས
ཁྱོད་རང་བསྐྱོད་པའི་ལམ་བུ་དྭངས་གསལ་གྱི་རྫ་ཆུ་བཞིན
ཤིན་ཏུ་དྭངས ཤིན་ཏུ་དྭངས མྱངས་ཙམ་བྱེད་དུས་ལྷག་པར་དྭངས
རི་མཐོན་པོ་ཞིག་གི་འགོར་བུད་ནས་རྒྱང་ལ་བལྟས
རྒྱང་རིང་གི་རི་ཚོགས་དང་སྤྲིན་པར་བལྟས
ཉི་འོད་ཀྱིས་ཁྱབ་པའི་རི་ངོས་དེར་ཡང་ཡང་བལྟས
ཁྱོད་ཀྱི་ནང་སེམས་ནས་འཇིག་རྟེན་མཐོང་རག་བར་བལྟས
རི་སྒང་དུ་རླུང་ཆེ་བས་རི་ཁུག་ཅིག་ནས་གན་རྐྱལ་དུ་ལོག
ཁ་གནམ་ལ་འཁོར་བས་ནམ་མཁར་སྤྲིན་ནག་འཁྲིགས
གློ་བུར་འཇག་མའི་གསེབ་ཏུ་མིའི་རིགས་ཀྱི་སྐད་བརྡ་རྒྱུ
རང་བྱུང་ཁམས་དེ་ལྟར་འུ་གཉིས་ཀས་དང་ལེན་བྱེད་ཐུབ་པར་གྱུར
ཚམ་ཚོམ་མེད་པར་སྙན་ངག་བྲིས
ནང་སེམས་ཀྱི་སྐད་ཆ་མིའི་ཁམས་ནས་རུལ་མྱགས་སུ་གྱུར
ད་སྐབས་སྐད་ཆ་དེ་དག་སླར་གསོན་རྒྱག་ཆེད
འཇིག་རྟེན་ལ་སྐོར་བ་འགའ་ཤེད་ཀྱིས་བརྒྱབ
མ་འོངས་པའི་བགྲང་བྱ་ལྔ་བརྒྱའི་རྗེས་སུ
དུས་ཚོད་ཟེར་བར་སྙིང་བོ་མེད་པར་འགྱུར་སྲིད
ཐམས་ཅད་རྨི་ལམ་དང་མངོན་མཁྱེན་ལ་བྱང་བས
འཇིག་རྟེན་འདི་མེ་ཤུགས་འཕུར་མདའི་མགྱོགས་ཚད་ཀྱིས
སྟོང་བའི་དབྱིངས་གཞན་ཞིག་ཏུ་འཁུར་འགྲོ
འདང་མི་ཕོག་པ།
ཁྱོད་རང་འཇིགས་ཡེར་བའི་དངོས་པོར་གཡོལ་བ་བཞིན
མི་རྣམས་མུ་གེ་དང་དམག་འཁྲུག་ལ་གཡོལ
ཞི་བདེ་ནི་དེ་ལྟར་སླ་མོ་སླ་མོ་ཞིག་ཡིན་ནའང
འདང་མི་ཕོག་པ་ཞིག་ལ
དབྱེན་དང་ཕྲ་མར་རྫོགས་རྒྱུ་མི་འདུག
ཁྱོད་རང་དངུལ་ལོ་ལ་ཤིན་ཏུ་དགའ་བ་བཞིན
མི་རྣམས་དེ་ཡིས་བསྐྲུན་པའི་བདེ་ཐང་ལ་ཧ་ཅང་དགའ
ལུས་ཀྱི་བདེ་ཐང་སྲོག་ལྟར་བརྩི་ཡང
འདང་མི་ཕོག་པ་ཞིག་ལ
རང་ཁྱིམ་སྤྱིལ་བུར་རང་ཤི་རྒྱག་པ་ལ་མཚམས་ཆད་རྒྱུ་མི་འདུག
ཁྱོད་རང་བུ་མོ་ཞིག་གི་མཛེས་སྡུག་ལ་ཆགས་པ་སྐྱེ་བ་བཞིན
མི་རྣམས་ཆགས་པའི་རྗེས་ཀྱི་བརྩེ་དུང་ལ་ཤིན་ཏུ་འཁྲེང
འཇིག་རྟེན་བདེ་ཐང་གི་རྟགས་ནི་ཆགས་པ་སྤྱོད་པ་དེ
འདང་མི་ཕོག་པ་ཞིག་ལ
མིའི་གཉུག་གཤིས་འདི་ལྟ་བུ་ཡང་ཁྲི་མུན་དུ་ཚུད་ཀྱིན་འདུག
འཇིག་རྟེན་ནག་ཡོར་ཡོར་ཕྱི་མའི་ལམ་བུ་དེ
སྣང་བ་ཕྲ་མོའི་བྲག་ཅ་བཞིན་ཡོམ་ཡོམ་འགུལ
རྩོམ་སྒྲིག་པ། དབང་མོ།

བཙའ་ཆགས་མི་སྲིད་པའི་སྙན་ངག

རྩོམ་ཁུངས། ངེད་དྲ་བ།