ཚེས་མ་ཐུབ་པའི་ཟླ་བ་དེ་ཁྱོད་རང་ཡིན་ནམ།
དུས་ཚོད་ཀྱི་ཕ་མཐར་བསྙེགས་པའི་སྤྲིན་ཕུང་དེ་ལས
ཚེས་མ་ཐུབ་པའི་ཟླ་བ་ཞིག་རབ་རིབ་ཏུ་འཚེར
ངང་སྒུག་དང་རྒྱུན་རིང་བའི་རྨི་ལམ་གྱི་ཤུལ་དུ
དཔྱིད་ཀ་གྲངས་མེད་ཅིག
སྐབས་འགར་ཆུ་ཐིགས་བཞིན་ས་ལ་ལྷུང་འགྲོ
སྙིང་གཟེར་མེད་པའི་དུས་ཚོད་དག་སྐྱིད་སྣང་རེ་བསམས་ན
ཁྱོད་ཀྱིས་ཕ་ཡུལ་དྲན་པའི་གདུང་བ་ཡང་མོ་དེའི
ཕྱེད་ཀ་ཙམ་ཞིག་སུ་དང་གང་གིས་མྱོང་དུ་ཡོད་ནའང
ས་ལ་འཕོ་བའི་དབང་ཐང་དང་བརྩེ་དུང་ཡོངས་སུ་དོར་མི་འདུག
མདོག་ཉེས་པའི་སྐྱེ་བོ་དེ་འཁྲུལ་སྣང་གི་ཀློང་དུ་སིམ
རྐྱེན་སྣང་གང་ཞིག་གིས་ཡིན་ནམ
དུས་ཚོད་ཀྱི་ངལ་དུབ་དང་སུན་སྣང་དལ་བ་ལ
རྨི་ལམ་གྱི་གཟེབ་དྲ་རུ་ཚུད་པའི་ཀོ་གྲུ་དེ
ཅི་ཞིག་མཐོང་འདོད་པ་བཞིན་རྣམ་ཤེས་འཁྱག་པ་ཞིག་དྲུད་དེ
ཁྱོད་ཀྱིས་མིག་ཟུང་འབྱེད་ཙམ་བྱེད་པའི་སྐད་ཅིག་ལ
རྡུལ་འཚུབ་གཞན་ཞིག་གིས་མི་སྣང་བར་གྱུར
ཁྱོད་ཀྱིས་ནག་རོག་རོག་གི་ཡིག་འབྲུ་དེ་ཚོ་ལས
དུས་ཚོད་སྟོང་པའི་ནང་གི་རང་ཉིད་ནད་པ་བཙལ
འཇིག་རྟེན་འདིར་ཅི་ཡང་མི་འདུག་སྙམ་ན
སྐད་ཅིག་ཙམ་རྟག་པའི་རྨི་ལམ་གྱི་བདེ་བའང
འཐོར་བཞིན་པ་ཙམ་མོ།།
རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།