འཆར་ཡན་གྱི་ཀློང་གི་ཁྱོད།(ཞར་བཀོད་གཉིས་ཡོད)
གངས་དང་འབྲེལ་བའི་མིང་ཡིག་ཅིག
ཤིན་ཏུ་གློ་ཉེ་བའི་ཚུལ་དུ
ང་ཡི་འཆར་ཡན་གྱི་ཀློང་དུ་གསལ་བོར་བྲིས
སུ་ལའང་བཤད་རྒྱུར་དོགས་ནས
སེམས་པ་ཁོ་ནར་བཅོལ་དགོས་བྱུང
ཁྱོད་འཚོལ་བ
མི་ཚོགས་དང་འབྲེལ་བ་མེད་ཅིང
དངུལ་ལོ་དང་རྟོག་སྒྲུང་ལ་འབྲེལ་བ་མི་འདུག
ཁྱོད་རང་སེམས་ཀྱི་ཉེ་ས་ནས་འཚོལ་དགོས་ཀྱིན་འདུག
ངོ་མ་འཕྲད་པའི་སྔ་རོལ་ཏུ
འུ་གཉིས་ལ་བཤད་མ་ཚར་བའི་སྐད་ཆ་ཤིན་ཏུ་མང
དཔེར་ན སྙན་ངག་དང་ལོ་རྒྱུས
འདས་སོང་དང་འབྱུང་འགྱུར་ལྟ་བུ
འདི་དག་ཡོད་ཚད དེ་དག་ཡོད་ཚད
ང་དང་ཁྱོད་ཀྱི་སང་ཉིན་ལ་བཞག་པའི་གྲོ་ཁ་ཡིན
༢༠༢༥-༡-༥མཚན་མོར།
ཁྱོད་འགྲོ་ཁར།
མིང་མེད།
ཐུང་དྲགས་པའི་དུས་ཚོད་ཀྱི་མདུན་དུ
ངས་ཁྱོད་ལ་ཅི་ཡང་ཤོད་མེད་ནའང
ནམ་མཁའ་དང་ས་གཞིའི་བར་ཐག་བཞིན
བཤད་འདོད་པ་མཐའ་དག
བར་ཐག་གྲངས་མེད་ཀྱིས་ཆོད་པ་སེམས་པ་རུ་ལུས
2026-1-20
རྩོམ་སྒྲིག་པ། ལྷ་སྐྱིད།
ཤིན་ཏུ་གློ་ཉེ་བའི་ཚུལ་དུ
ང་ཡི་འཆར་ཡན་གྱི་ཀློང་དུ་གསལ་བོར་བྲིས
སུ་ལའང་བཤད་རྒྱུར་དོགས་ནས
སེམས་པ་ཁོ་ནར་བཅོལ་དགོས་བྱུང
ཁྱོད་འཚོལ་བ
མི་ཚོགས་དང་འབྲེལ་བ་མེད་ཅིང
དངུལ་ལོ་དང་རྟོག་སྒྲུང་ལ་འབྲེལ་བ་མི་འདུག
ཁྱོད་རང་སེམས་ཀྱི་ཉེ་ས་ནས་འཚོལ་དགོས་ཀྱིན་འདུག
ངོ་མ་འཕྲད་པའི་སྔ་རོལ་ཏུ
འུ་གཉིས་ལ་བཤད་མ་ཚར་བའི་སྐད་ཆ་ཤིན་ཏུ་མང
དཔེར་ན སྙན་ངག་དང་ལོ་རྒྱུས
འདས་སོང་དང་འབྱུང་འགྱུར་ལྟ་བུ
འདི་དག་ཡོད་ཚད དེ་དག་ཡོད་ཚད
ང་དང་ཁྱོད་ཀྱི་སང་ཉིན་ལ་བཞག་པའི་གྲོ་ཁ་ཡིན
༢༠༢༥-༡-༥མཚན་མོར།
ཁྱོད་འགྲོ་ཁར།
ཁྱོད་འགྲོ་ཁར
ཞོགས་པའི་ཉི་འོད་འདི་ང་ལ་བསྐྱུར་ནས་བུད་སོང
ད་ནས་བཟུང ཞོགས་པ་རེ་རེའི་ཉི་འོད་ཀྱི་ཁྲོད་དུ
ཁྱོད་ཀྱིས་ང་ལ་བཞག་པའི་བརྩེ་བ་ཞིག་ལུས་ཡོད་པར་ངས་ཡིད་ཆེས་བྱ་ཆོག
ཁྱོད་འགྲོ་ཁར
ངས་ཁྱོད་ཀྱི་སྙིང་གི་འཕར་སྒྲ་རེ་རེ་གསལ་བོར་གོ་ཐུབ་ཅིང
ཁྱོད་འགྲོ་ཁར
ངས་ཁྱོད་ཀྱིས་མིག་ཆུ་ལྐོག་ཏུ་འབྱིད་བཞིན་པའི་རྣམ་པའང་མཐོང་ཐུབ
སྙིང་ཉེ་བའི་མི་ལགས
ཁྱོད་རང་དབུས་པ་ཡིན
ང་དང་ཤིན་ཏུ་ཁ་ཐག་རིང་བའི་དབུས་པ་ཡིན
ང་ཡི་བཙན་པོའི་ཕ་མཁར་གྱི་འགྲམ་ནས་ལག་ཆགས་པའི་དབུས་པ་ཡིན
སྙིང་ཉེ་བའི་མི་ལགས
དོན་དམ འུ་གཉིས་ནི་སོ་སོའི་སྨོན་འདུན་ཁྲོད་དུ་ལུས་ཡོད་པའི་མི་ཞིག་ཡིན་པ་གཏན་ནས་བརྗེད་མི་ཉན
2025/7/27ཞོགས་པར།
མིང་མེད།
ཐུང་དྲགས་པའི་དུས་ཚོད་ཀྱི་མདུན་དུ
ངས་ཁྱོད་ལ་ཅི་ཡང་ཤོད་མེད་ནའང
ནམ་མཁའ་དང་ས་གཞིའི་བར་ཐག་བཞིན
བཤད་འདོད་པ་མཐའ་དག
བར་ཐག་གྲངས་མེད་ཀྱིས་ཆོད་པ་སེམས་པ་རུ་ལུས
2026-1-20
རྩོམ་སྒྲིག་པ། ལྷ་སྐྱིད།
རྩོམ་ཁུངས། ངེད་དྲ་བ།

