ཉི་ཟླ་དབང་མོ།(ཞར་བཀོད་བཞི་ཡོད)

རྫ་སྐྱེས་ཕུར་བ།(རྫ་ཆུ་ཁ) 琼迈文学网 2026-04-05
ཧེ་མི་ནས། ཉི་ཟླ་དབང་མོ་དྲན་པ།(1)

མིག་ཆུ་ཞིག
རང་ཡུལ་ནས་བསྐྱུར།
གཏམ་རྒྱུད་ཅིག
རྒྱང་རིང་ལ་བསྐུར།

ལ་དྭགས་ནས་ཆས་ན།
གཏམ་རྒྱུད་ཅིག
གཞིས་རྩེ་ནས་བསྡད་ན།
རྨི་ལམ་ཞིག

ས་སེར་པོ་དང་། 
སྤྲིན་དཀར་པོའི་བར་ན།
ཉི་ཟླ་དབང་མོ།

ཡང་ན། བརྩེ་དུང་ཞིག
ཡང་ན། ལས་འཕྲོ་ཞིག
ཉི་ཟླ་དབང་མོ།

གཙང་དང་། ལ་དྭགས།
རྨི་ལམ་དང་། རྨི་ལམ།
ཉི་ཟླ་དབང་མོ།
 
ཉི་ཟླ་དབང་མོ།

གཏམ་རྒྱུད་དེའི་ཕ་རོལ།
རྒྱུས་མེད་ཡིན་འདྲ།
ལས་འཕྲོ་ཞིག
ལན་གཅིག་གི་ཐུག་འཕྲད།
བསླུ་བྲིད་ཡིན་འདྲ།
བརྩེ་བ་ཞིག

ཨ་ཁ།
རྣམ་གླིང་ནི་ཕ་རོལ་ཞིག
སུ་ལ་ཆ་མེད།
མི་ཕོ་དེ་ཡིད་འོང་ཞིག
རང་ལ་རྒྱུས་མེད།

ལུང་བསྟན་ཁ་བ་བཞིན་བབས།(2)
དེ་ཡང་ཆ་མེད།
ལས་འཕྲོ་མེ་ཏོག་ལྟར་སྨིན།
དེ་ཡང་རྒྱུས་མེད།
 
སླར་ཡང་། ཉི་ཟླ་དབང་མོར་ཕུལ་བ།

འཁྲེང་སེམས་ཀྱི་བྱིའུ་ཆུང་དེ་གང་ནས་འཕུར།
ལས་སྨོན་གྱི་ཁ་བ་དེ་གང་ལ་བབས།
ཉི་ཟླ་དབང་མོ།
གཙང་དང་ལ་དྭགས་བར་ནས།
“སྐྱོ་གླུ”ལེན་དགོས་བྱུང་ངམ།(3)

གོམ་སྒྲ་ཡང་མོ་ཞིག་ཕ་རོལ་ནས་གྲགས།
གོམ་སྒྲ་ཡང་མོ་ཞིག་ཚུར་རོལ་ནས་གྲགས།
ཉི་ཟླ་དབང་མོ། 
གཏན་གྱི་འདུན་མ་མེད་ན།
རང་ཡུལ་བཞག་ནས་ཅི་བྱ།

ལ་དེའི་ཕ་རོལ།
རྣམ་གླིང་ཡིན་འདྲ་བརྩེ་བ་ཞིག
ཆུ་དེའི་ཚུར་རོོལ།
ལ་དྭགས་ཡིན་འདྲ་སྨྲེང་བ་ཞིག
ཉི་ཟླ་དབང་མོ།
ལ་དང་ཆུ་མོའི་བར་ལ།
འཁོར་བའི་རྣམ་ཤེས་ཡོད་དམ།

དོ་ནུབ་ང། བྱང་ཐང་མཚོ་མོ་རི་ན་ཡོད།(4)

དོ་ནུབ།
གྲང་འཁྱག་ལུས་ལ་ཟུག་ཡོང་བའི།
བྱང་ཐང་མཚོ་མོ་རི་ན་ཡོད།
མཚོ་དང་ཁ་གཏད་ཀྱི་མགྲོན་ཁང་དེ་ན།
ཙོང་ཁ་ཚེ་བརྟན་རྒྱལ་དང་ལྷན།
གཏམ་རྒྱུད་ཁྲོད་ཀྱི་ཉི་ཟླ་དབང་མོ་གླེང་གིན་ཡོད།

དོ་ནུབ།
མངའ་རིས་ཀྱི་ཤར་མཐའ་དང་།
རུ་ཐོག་གི་ནུབ་སྣེ་ན་འགྲེང་བའི།
གནམ་གྱི་མེ་ལོང་དང་།
ཉི་ཟླའི་རྣ་ལུང་ཡིན་ཆོག་ཆོག་གི
བྱང་ཐང་མཚོ་མོ་རི་ན་ཡོད།

དོ་ནུབ།
སྔོ་ཡུག་ཡུག་གི
དཀར་ཕུང་ཕུང་གི
གངས་མཚོ་གཉིས་གཉེན་དུ་བསྡེབ་སའི།
བྱང་ཐང་མཚོ་མོ་རི་ན་ཡོད།

བདག་མེད་དང་ཁེར་རྐྱང་གི་ཡུལ་གྱར་བ་ང་།
དོ་ནུབ། བདག་མེད་དུ་ལུས་པའི་བྱང་ཐང་ན་ཡོད།
བྱང་ཐང་གི་མཚོ་མོ་རི་ན་ཡོད།
  
འཇིགས་སྣང་།

འདར་བཞིན་པ་དེ་དག
གངས་རི་ཡིན་ནམ།
གྲང་ངར་ཞིག

ཁྲ་ལམ་ལམ་དེ་དག
སྐར་ཚོགས་ཡིན་ནམ།
གདུང་ཡུས་ཤིག

ནག་རོག་རོག་དེ་ཚོ།
མཚན་མོ་ཡིན་ནམ།
འཇིགས་སྣང་ཞིག

མཆན་འགྲེལ།
(1)ཧེ་མི་ཞེས་པ་ས་གནས་དེ་གའི་མིང་སྟེ། སྔར་རྒོད་ཚང་པ་གནས་དེར་ཕེབས་དུས། ས་ཆ་དེ་ཧེ་རང་བྱོན་གྱི་རྣམ་པར་ཡོད་པའི་བདེ་མཆོག་གི་གནས་སུ་གཟིགས་པས། མཚན་དེ་ལྟར་གནང་བར་བཤད།
(2)པཎ་ཆེན་སྐུ་ཕྲེང་ལྔ་བའི་ཡང་སྲིད་འཚོལ་ཞིབ་སྐབས། ལུང་བསྟན་ཞིག་ཏུ“ཡང་སྲིད་ཉི་ཟླའི་པང་ནས་འཁྲུངས”ཞེས་འཁོད།
(3)དམངས་ཁྲོད་ཀྱི་ངག་རྒྱུན་ན<<ཉི་ཟླ་དབང་མོའི་སྐྱོ་གླུ>>ཞེས་པའི་གླུ་གཉིས་ཡོད་ཀྱང་། དེ་གཉིས་ཀྱི་བྱུང་བ་དང་ནང་དོན་རྦད་དེ་སོ་སོ་ཡིན། 
(4)མཚོ་མོ་རི།  རུ་ཐོག་རྫོང་དང་ཉེ་བའི་ས་ཆ་ཞིག་གི་མིང་། 

  ཉི་ཟླ་དབང་མོ་ལ་བྲིས་པའི་སྙན་ངག་འདིའི་ས་བོན་ཙམ་ནི། ལོ་བཞིའི་ཡར་སྔོན་ས་དེར་འབྱོར་དུས་རྙེད་ལ། གཙོ་བོ་ས་གནས་དེའི་ངག་རྒྱུན་དུ་ཁྱབ་ཡོད་པའི་གཏམ་རྒྱུད་འགའ་ལ་གཞི་བཅོལ་བ་ཡིན། ཉི་ཟླ་དབང་མོའི་མི་ཚེ་ཡི་གཏམ་རྒྱུད་ནི། བརྩེ་དུང་དང་། འདུ་འབྲལ། བར་ཐག་དང་། ཡུལ་གདུང་འདུ་ཤེས་སོགས་ཀྱིས་གྲུབ་པ་ཞིག་ཡིན་ཚོད་ལ། མོས་གང་ཞིག་བསྙེག་ན། གང་ཞིག་ལུས་འགྲོ་བ་དང་། ཅི་ཞིག་དང་དུ་བླངས་ན། ཅི་ཞིག་བློས་གཏོང་དཀའ་བའི་སྣང་ཚུལ་འགལ་བ་ཅན་ཞིག་ཏུ་སོང་ཡོད་སྟབས། སྙན་ཐུང་གསུམ་གྱི་བློས་བསླངས་ཀྱི་དཀྱིལ་འཁོར་ཡང་། དེ་ལྟ་བུའི་རྣམ་གླིང་དང་། ལ་དྭགས་བར་གྱི་ཉི་ཟླ་དབང་མོ་ཡིན།

  ལོ་རྒྱུས་ཀྱི་ཁུངས་སྣེ་དེད་ན། ཉི་ཟླ་དབང་མོས།  ཐོག་མར་ལ་དྭགས་རྒྱལ་པོ་བདེ་སྐྱོང་རྣམ་རྒྱལ་གྱི་བཙུན་མོ་གནང་ཞིང་། རྗེས་སུ་གཙང་རྣམ་གླིང་གི་བཀྲ་ཤིས་རྩེ་སྡེ་བའི་བཙུན་མོ་གནང་སྐད། ལ་དྭགས་སུ་བཞུགས་དུས་ཧེ་མིའི་རྒྱལ་སྲས་དང་། གཙང་ནས། ཁོང་ལ་པཎ་ཆེན་དཔལ་ལྡན་ཡེ་ཤེས་འཁྲུངས།  དཔལ་ལྡན་ཡེ་ཤེས་དང་། ཧེ་མིའི་རྒྱལ་སྲས་གཉིས་མ་གཅིག་པའི་གཅེན་གཅུང་དུ་གྱུར་ཏེ། གཙང་དང་། ཧེ་མི་གཉིས་ནས་སོ་སོར་བཞུགས། རྗེས་སུ། གཅུང་དཔལ་ལྡན་ཡེ་ཤེས་ཀྱིས། གཅེན་པོ་ཧེ་མིའི་རྒྱལ་སྲས་ལ་སྐུ་རྟེན་དང་ནང་མཛོད་སོགས་ཀྱི་ནོམ་པ་རྒྱ་ཆེན་བསྩལ་བས། དེ་ནས་ཧེ་མི་ནི། རིག་དངོས་དང་། ནང་རྟེན་གྱི་མཛོད་ཅིག་ཏུ་གྲུབ་སྐད།
  གང་ལྟར།  ཉི་ཟླ་དབང་མོ་ནི། གཏམ་རྒྱུད་ཁྲོད་དུ་ཡིབ་པའི་མི་སྣ་ཞིག་རེད། དེ་བས་མོ་ནི། ཆེས་བསོད་ཉམས་དོད་ལ། ལྐོག་གྱུར་རང་བཞིན་གྱི་གཏམ་རྒྱུད་ཅིག་གི་རྒྱུད་མཐུད་ངང་གནས་ཡོད། ཡིན་ན་ཡང་། མོའི་མི་ཚེ་ནི་ཡུལ་ཁམས་ཆེན་མོ་གཉིས་ཀྱི་ཆབ་སྲིད་འཐབ་འཛིང་དང་། ཕོ་བྲང་གི་རིག་གནས། བླ་རྒྱུད་གཉིས་པོའི་དབང་ཆའི་ར་བ། ས་སྐྱོང་ཁྱོ་བོ་གཉིས་ཀྱི་བདག་མོའི་གོ་ཐོབ་སོགས་དང་འབྲེལ་ནས་ཡོད་པས། གཅིག་བྱས་ན་མོ་ནི་ཆེས་འཚོལ་སླ་བའི་མི་སྣ་ཞིག་ཀྱང་ཡིན་སྲིད།

རྩོམ་སྒྲིག་པ། གངས་དགའ།
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཉི་ཟླ་དབང་མོ།(ཞར་བཀོད་བཞི་ཡོད)

2026-04-05 རྫ་སྐྱེས་ཕུར་བ།(རྫ་ཆུ་ཁ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།