དྲན་རྟོག་གི་ཚིག་འཕྲུལ།(ཞར་བཀོད་གཅིག་ཡོད)
ས་མཐའི་སྤྲིན་པ་ལྷོ་བཞུད་ཅིག་ལ།
མི་ཚེའི་ལས་དབང་དང་བདེ་སྡུག་གི་ཁ་ཆད་བྲིས།
ས་སྲོད་ཀྱི་བསིལ་རླུང་ལྷོད་པོ་ཞིག་ལ།
འཇིག་རྟེན་ཉི་ནུབ་ཀྱི་སྣང་བའི་རྫོགས་ཚིག་འབྲི་མྱོང་།
འཁོར་བ་ནམ་མཁའི་བར་སྟོང་དུ།
ཧ་ཅང་ཐང་ཆད་པའི་སེམས་པའི་སྨྲེང་བ་གསོག་མྱོང་།
དྲན་པ་མེ་ལོང་ཞིག་གི་ཕྱི་ནང་དུ།
གསང་བའི་དབྱངས་ཅན་འཕྲུལ་མའི་སྙན་ངག་སྒོམ།
ཕྱི་དྲོའི་མཚམས་སྤྲིན་ཞིག་གི་བར་སྣང་དུ།
སྣང་བ་བདག་མེད་ཅིག་གིས་ནང་སེམས་རབ་ཏུ་བཀླགས།
ཁ་ཆར་འདྲེས་པའི་མཚན་མོའི་སྐར་ཚོགས་སུ།
སྨིན་དྲུག་སྟོང་གི་བརྩེ་བའི་དབུ་ཁྱུད་དང་ཟླ་བའི་ཁ་ཆད་བྲིས།
༢༠༢༦.༥.༩. ཉིན་གྲུབ།
འཁོར་བའི་སྐར་ཆེན་མ།
སྨུག་ཆེན་སྨུག་ཆུང་ནང་གི་གཡང་འཛིན་མ།།
བརྩེ་ཞེན་དྭངས་གཙང་རྫ་ཆུའི་བསིལ་བ་འཐོར།།
ཚེ་རབས་ལས་ཀྱི་འཕྲད་སྣང་རྟེན་འབྱུང་འདྲ།།
ཞེ་སྣང་ལས་ཀྱི་འཁོར་བའི་འཇའ་ཚོན་མ།།
འཇིག་རྟེན་ཕྱི་ནང་ཁ་བའི་ཡོངས་སུ་གཡོགས།།
ཞེ་འདང་མེ་ཏོག་དམར་པོ་སེམས་ཀྱིས་གཉོར།།
དམ་ཚིག་དབྱར་གྱི་མེ་ཏོག་ཡིད་དུ་འཁྲུངས།།
ནམ་མཁའི་སྐར་ཚོགས་ནང་གི་སྐར་ཆེན་མ།།
མེ་ཏོག་སྐར་ཚོགས་གཞུང་གི་སྐར་ཆེན་མ།།
ལས་སྣང་འཁོར་བ་སྐྱོང་བའི་དྲན་འཛིན་མ།།
མི་རྟག་སེམས་ཉིད་ཕྲ་མོའི་ཁྲེལ་གཞུང་གཙང་།།
འཁོར་བའི་ནམ་མཁར་ཚེས་པའི་སྐར་ཆེན་མ།།།
སྲིད་པའི་ཉིན་སྲིབ་འགྲིམ་པའི་སྐར་ཆེན་མ།།
བརྩེ་བ་བདེན་པའི་ཐུན་མིན་དངོས་གྲུབ་རྩོལ།།
གཡང་འཛིན་ཞེན་ཆགས་སྟོང་གི་འཇའ་ཚོན་མ།།
མིག་ཟུང་ལྷོད་པོ་ཞིག་གིས་བདག་ཡིད་འཕྲོག།
༢༠༢༦.༥.༩ཉིན་གྲུབ།
རྩོམ་སྒྲིག་པ། དབང་མོ།
མི་ཚེའི་ལས་དབང་དང་བདེ་སྡུག་གི་ཁ་ཆད་བྲིས།
ས་སྲོད་ཀྱི་བསིལ་རླུང་ལྷོད་པོ་ཞིག་ལ།
འཇིག་རྟེན་ཉི་ནུབ་ཀྱི་སྣང་བའི་རྫོགས་ཚིག་འབྲི་མྱོང་།
འཁོར་བ་ནམ་མཁའི་བར་སྟོང་དུ།
ཧ་ཅང་ཐང་ཆད་པའི་སེམས་པའི་སྨྲེང་བ་གསོག་མྱོང་།
དྲན་པ་མེ་ལོང་ཞིག་གི་ཕྱི་ནང་དུ།
གསང་བའི་དབྱངས་ཅན་འཕྲུལ་མའི་སྙན་ངག་སྒོམ།
ཕྱི་དྲོའི་མཚམས་སྤྲིན་ཞིག་གི་བར་སྣང་དུ།
སྣང་བ་བདག་མེད་ཅིག་གིས་ནང་སེམས་རབ་ཏུ་བཀླགས།
ཁ་ཆར་འདྲེས་པའི་མཚན་མོའི་སྐར་ཚོགས་སུ།
སྨིན་དྲུག་སྟོང་གི་བརྩེ་བའི་དབུ་ཁྱུད་དང་ཟླ་བའི་ཁ་ཆད་བྲིས།
༢༠༢༦.༥.༩. ཉིན་གྲུབ།
འཁོར་བའི་སྐར་ཆེན་མ།
སྨུག་ཆེན་སྨུག་ཆུང་ནང་གི་གཡང་འཛིན་མ།།
བརྩེ་ཞེན་དྭངས་གཙང་རྫ་ཆུའི་བསིལ་བ་འཐོར།།
ཚེ་རབས་ལས་ཀྱི་འཕྲད་སྣང་རྟེན་འབྱུང་འདྲ།།
ཞེ་སྣང་ལས་ཀྱི་འཁོར་བའི་འཇའ་ཚོན་མ།།
འཇིག་རྟེན་ཕྱི་ནང་ཁ་བའི་ཡོངས་སུ་གཡོགས།།
ཞེ་འདང་མེ་ཏོག་དམར་པོ་སེམས་ཀྱིས་གཉོར།།
དམ་ཚིག་དབྱར་གྱི་མེ་ཏོག་ཡིད་དུ་འཁྲུངས།།
ནམ་མཁའི་སྐར་ཚོགས་ནང་གི་སྐར་ཆེན་མ།།
མེ་ཏོག་སྐར་ཚོགས་གཞུང་གི་སྐར་ཆེན་མ།།
ལས་སྣང་འཁོར་བ་སྐྱོང་བའི་དྲན་འཛིན་མ།།
མི་རྟག་སེམས་ཉིད་ཕྲ་མོའི་ཁྲེལ་གཞུང་གཙང་།།
འཁོར་བའི་ནམ་མཁར་ཚེས་པའི་སྐར་ཆེན་མ།།།
སྲིད་པའི་ཉིན་སྲིབ་འགྲིམ་པའི་སྐར་ཆེན་མ།།
བརྩེ་བ་བདེན་པའི་ཐུན་མིན་དངོས་གྲུབ་རྩོལ།།
གཡང་འཛིན་ཞེན་ཆགས་སྟོང་གི་འཇའ་ཚོན་མ།།
མིག་ཟུང་ལྷོད་པོ་ཞིག་གིས་བདག་ཡིད་འཕྲོག།
༢༠༢༦.༥.༩ཉིན་གྲུབ།
རྩོམ་སྒྲིག་པ། དབང་མོ།
རྩོམ་ཁུངས། ངེད་དྲ་བ།

