མིག་ཆུའི་ཆུ་མགོ།
---སྙིང་ཉེ་བའི་རྨོ་མོ་བསོད་ནམས་ལ་ཕུལ།
གཉེར་མའི་ལྟེབས་ཁུག་ལ་མི་རབས་གསུམ་གྱི་སྐྱིད་སྡུག་སོགས།
དེ་ཁོ་ན།
མིག་ཆུའི་ཆུ་མགོ་ཡིན།
འོད་ཀྱི་ཞལ་རས་ལ་ལོ་ཟླའི་རྩུབ་ཁ་དོད།
དེ་ཁོ་ན།
སྨག་མུན་གཤགས་པའི་འོད་ལྷེ་ཡིན།
སྒྱུ་ལུས་གཡར་བོར་བུ་ཡུག་གི་མེ་ཏོག་འཚུབ།
དེ་ཁོ་ན།
རྩྭ་ཐང་ལ་ཟུག་པའི་འཇའ་སྣེ་ཡིན།
གང་ལྟར།
ཁྱེད། སླར་ཡང་ཐོ་རེངས་ཀྱི་སྐྲ་སྣེར་འཇུས་ནས།
བྱང་གི་སྐར་ཆེན་བཙལ།
ཁྱེད་ཀྱིས། སླར་ཡང་རྨི་ལམ་གྱི་ལྷམ་ཀོག་གྱོན་ཏེ།
མུན་པའི་གཏིང་མཐའ་བཅད།
ཤ་དང་རུས་པ།
བགོ་བཤའ་བརྒྱབ་རྗེས།
ཟུངས་ཁྲག་གི་དྭངས་མ།
རྩྭ་ཐང་གིས་བཞེས།
གཉེར་མའི་ལྟེབས་ཁུག་ལ་མི་རབས་གསུམ་གྱི་སྐྱིད་སྡུག་སོགས།
དེ་ཁོ་ན།
མིག་ཆུའི་ཆུ་མགོ་ཡིན།
འོད་ཀྱི་ཞལ་རས་ལ་ལོ་ཟླའི་རྩུབ་ཁ་དོད།
དེ་ཁོ་ན།
སྨག་མུན་གཤགས་པའི་འོད་ལྷེ་ཡིན།
སྒྱུ་ལུས་གཡར་བོར་བུ་ཡུག་གི་མེ་ཏོག་འཚུབ།
དེ་ཁོ་ན།
རྩྭ་ཐང་ལ་ཟུག་པའི་འཇའ་སྣེ་ཡིན།
གང་ལྟར།
ཁྱེད། སླར་ཡང་ཐོ་རེངས་ཀྱི་སྐྲ་སྣེར་འཇུས་ནས།
བྱང་གི་སྐར་ཆེན་བཙལ།
ཁྱེད་ཀྱིས། སླར་ཡང་རྨི་ལམ་གྱི་ལྷམ་ཀོག་གྱོན་ཏེ།
མུན་པའི་གཏིང་མཐའ་བཅད།
ཤ་དང་རུས་པ།
བགོ་བཤའ་བརྒྱབ་རྗེས།
ཟུངས་ཁྲག་གི་དྭངས་མ།
རྩྭ་ཐང་གིས་བཞེས།
རྩོམ་སྒྲིག་པ། གངས་དགའ།
རྩོམ་ཁུངས། ངེད་དྲ་བ།

