གད་སྙིགས་ནི་ཅི་ཞིག་ཡིན།

ས་གནས། ཨ་རི•ཨིན་ཊི་ཨན་ན་ཕའོ་ལི་སི།
དུས་ཚོད། ༢༠༡༥ ༨ ༢༡

  ཕྱི་དྲོའི་ཉི་འོད་རབ་ཏུ་ཚ་བས་གཞུང་ལམ་ནག་པོའི་ངོས་ཀྱི་ལྡོག་འོད་ཀྱིས་བདག་གི་ངོ་གདོང་ཚ་བེར་བེར་བྱས་བྱུང་། ཉི་འོད་ཚ་བོ་དེའི་འོག་ན་མགོ་བོ་མཐོན་པོར་དགྱེ་ཞིང་གཟུགས་བོངས་ཆེ་ལ། དཔུང་ངར་སྦོམ་པའི་མི་རྒྱུད་ནག་པོའི་གསར་བུ་སྟོབས་ཅན་ཞིག་ཡོད་པ་དེ་ཕཱུ་རས་ཆི(Preach)ཡིན་པ་རྗེས་སུ་རྟོགས། ཁོས་བསྐྱར་བཀོལ་གྱི་སྟོབས(Recycle Force)ཟེར་བའི་བཟོ་གྲྭའི་སྒོ་ཁ་ན་སྒུག་འདུག་ལ་ང་ཚོ་མཐོང་མ་ཐག་ཏུ་ནང་ལ་བསུ་མ་བྱས་བྱུང་།
  "ཕཱུ་རས་ཆི་ནི་ཁྱེད་ཡིན་ནམ། དགོངས་དག ང་ལྗེན་ནིས(Jenny)ཡིན། ཁ་པར་ནས་ཁྱེད་ལ་འབྲེལ་གཏུག་བྱེད་མཁན་དེ་ང་ཡིན།" ཞེས་ང་ཚོའི་སྣེ་ཁྲིད་པས་ཁོ་ལ་འཚམས་འདྲི་བྱས།
  "ཡིན་ཡིན། ང་ཕཱུ་རས་ཆི་ཡིན། ཁྱེད་ཅག་མར་བཞུགས་རོགས།"
  མི་ཉི་ཤུ་ལྷག་འདུ་ཆོག་པའི་ཁོའི་ལས་ཤག་ནི་བཟོ་གྲྭའི་གཡས་ཟུར་ཞིག་ན་ཡོད་ལ། དེ་ནི་ཉིན་འདི་དག་གི་རིང་ལ་ཕྱིན་པའི་སྲིད་གཞུང་དང་ཁེ་ལས་ཆེན་པོའི་མཁའ་ལ་ཟུག་པའི་བ་གམ་ཅན་གྱི་ཚོགས་ཁང་དང་མི་འདྲ་བར་གཞན་གྱིས་མར་གཡུགས་པའི་སྒྲོག་ཙེ་རྙིང་བ་དང་རྐུབ་ཀྱག་རལ་བོ་ཁ་ཤས་ཞིག་གསོ་བྱས་ཏེ་ཕྱིར་བསྒྲིགས་པའི་ལས་ཤག་སྟབས་བདེ་ཞིག་རེད།

  "འཛམ་གླིང་གི་རྒྱལ་ཁབ་ཉི་ཤུ་ལྷག་ནས་སླེབས་པའི་སྐུ་ཞབས་དང་སྲས་མོ་རྣམ་པ། ཁྱེད་ཅག་ད་རེས་ང་ཚོའི་བཟོ་གྲྭར་ཕེབས་པར་དངོས་ནས་དགའ་བོ་བྱུང་ཡོད། ང་ནི་ཆེད་མཁས་པའམ་དགེ་རྒན་ཆེན་མོ་སུ་ཡང་མིན་པས་ཁྱེད་ཅག་བློ་མ་ཕམ། ཡིན་ནའང་ངས་ནི་རང་གི་ཉམས་མྱོང་དམར་རྗེན་མ་དེ་ཐེ་ཚོམ་དང་དོགས་པ་ཅི་ཡང་མེད་པར་ཁྱེད་ཅག་ལ་བརྗོད་ངེས། ང་ནི་བཙོན་གྲོལ་ཐོབ་པའི་ཁེ་ལས་པ་ཞིག་ཡིན། གཤམ་ནས་ངས་བརྗོད་པར་བྱ་བའི་སྐད་ཆ་འདི་དག་ལ་ཁྱེད་ཅག་ཡིད་ཆེས་ཀྱང་རུང་། ཡིད་མི་ཆེས་ཀྱང་བླ། ངས་ནི་ཁྱེད་ཅག་ལ་གསོང་བོར་བརྗོད་འདོད། དེས་ནི་ཁྱེད་ཚོའི་ཐེངས་འདིའི་ཡུལ་སྐོར་སློབ་སྦྱོང་དང་དཔྱད་རྩོམ་གྱི་ནང་དོན་ཕུན་སུམ་ཇེ་ཚོགས་སུ་གཏོང་ཐུབ་ཀྱང་སྲིད།"
  སྐབས་དེར་ན་སོ་ཅུང་ཙམ་རྒན་པའི་མི་རྒྱུད་དཀར་བོའི་སྐྱེས་པ་ཞིག་ལས་ཤག་ཏུ་འཛུལ་འོང་ཞིང་ཕཱི་རས་ཆི་ཡིས་ལམ་སེང་རང་གིས་ཅི་ཞིག་བྱེད་ཀྱིན་ཡོད་པ་སྐྱེས་པ་དེར་རེ་རེ་བཞིན་ལབ་པས་འཐད་པའི་བརྡ་རུ་མགོ་བོ་ནང་གུག་ཅིག་བྱས་ཏེ་སྒོ་ཕྱིར་བུད། ཕཱུ་རས་ཆི་ཡིས་གོང་གི་སྐད་ཆའི་འཕྲོར་མཐུད་ནས།
  "གྲོགས་པོ་ཚོ། སྤྱི་ཚོགས་ནི་བཙོན་ར་ཞིག་ཡིན། ཁྱེད་ཅག་གིས་མཐོང་བའི་སྤྱི་ཚོགས་ཀྱི་ངོ་གདོང་དེའི་རྒྱབ་ན་མུན་ནག་གི་སྤྱི་ཚོགས་ཤིག་ཡོད། འཛམ་གླིང་ན་སྐད་གྲགས་ཆོད་པའི་ཁེ་ལས་ཆེན་པོ་མང་ཤོས་ནི་བཙོན་བདག་དང་སྲིད་གཞུང་། ཁེ་ལས་པ་ཚོས་བདག་པོ་རྒྱག་གིན་ཡོད། ཁོ་ཚོའི་ལས་ཀ་བ་རྣམས་ནི་ཕོགས་སྤྲོད་མི་དགོས་པའི་བཙོན་མ་ཚོ་ཡིན། ཚུགས་ཀ་ཅུང་ཙམ་བསྒྱུར་ཡོད་པ་མ་གཏོགས་དུས་རབས་ཉེར་གཅིག་པའི་བྲན་གཡོག་ལམ་ལུགས་ཡིན། མའེ་ཏང་ནའོ (McDonald's) མགྱོགས་ཟས་ཁང་ནི་ཁྱེད་ཚོ་ཚང་མར་གསལ་ནི་རེད། དེའང་བཙོན་མའི་རྔུལ་ཁྲག་ལ་བརྟེན་ནས་བཟོས་པའི་ཁེ་ལས་ནང་གི་གཅིག་ཡིན།"
  ང་ཚོ་སློབ་གྲོགས་མང་བོ་ཞིག་ཡིད་མ་ཆེས་པར་ཁ་གདངས་ཤིང་མིག་ཅེར་བའི་སྐབས་སུ་ཁོས་ད་དུང་ཁེ་ལས་ཆེན་པོ་གཞན་ཁ་ཤས་ཀྱི་མིང་ཡང་བཟློས་ཏེ། "ཁྱེད་ཚོས་ག་ལེར་རྟོག་དཔྱོད་བྱོས་དང་ངའི་སྐད་ཆའི་ཚིག་འབྲུ་རེ་རེ་ལ་བརྡ་འཕྲོད་འོང་ངེས།"
  ཧྥེ་གླིང་གི་ནའེ་ཨོ(Neo)ཡིས། ཧ་ལས་པའི་ངང་ནས།
  "དེས་ན་བཙོན་མ་ཚོའི་ངལ་རྩོལ་གྱི་རྒྱུ་སྤུས་ལ་ཇི་ལྟར་ཚོད་འཛིན་བྱེད། ཁོ་ཚོས་ངལ་རྩོལ་ཡག་པོ་མ་བྱས་ན་ཅི་བྱེད།"
"ཧ་ཧ་ཧ། དེ་ལ་བཙོན་བདག་ཚོར་ཐབས་སྣ་མང་ཡོད་ནི་རེད། ཁོ་ཚོས་ཉལ་ཐ(heroine)དང་ཀོ་ན(cocaine)སོགས་དུག་རྫས་སྣ་ཚོགས་བཙན་གྱིས་བཙོན་མ་ཚོའི་རྩ་སྦུབས་སུ་ཐེངས་འགར་རྒྱབ་ན་ཁོ་ཚོའི་བླ་སྲོག་ལའང་རིམ་བཞིན་ཁ་ལོ་བསྒྱུར་ཐུབ།" ཟེར། བདག་གིས་ནི་ཅི་ཞིག་བརྗོད་དགོས་པའང་མ་ཤེས་པས། "དེས་ན་ཁྱེད་རང་བཙོན་དུ་ལྷུང་དོན་ཅི།"ཞེས་པའི་འདྲི་ཚིག་ཅིག་ཁ་ནས་དབང་མེད་ཤོར།

              ཕཱི་རས་ཆིའི་གཏམ་རྒྱུད།

  "འདི་ནས་ཡར་བརྩིས་པའི་མི་ལོ་བཅོ་ལྔའི་ཡར་སྔོན་དུ། བདག་ལའང་བདེ་ཞིང་སྐྱིད་པའི་ཁྱིམ་ཚང་ཞིག་ཡོད། ཁྱིམ་དུ་ཕ་མ་གཉིས་དང་བདག་གི་ཆུང་མ། བུ་མོ་གཉིས་དང་བུ་གཅིག་བཅས་ཡོད། ཁྱིམ་གྱི་འབྱོར་བ་ཅུང་ཙམ་ཞན་ནའང་དགའ་སྐྱིད་ཀྱི་བརྩེ་བ་འཁྱིལ་ཡོད། ཡིན་ནའང་འདི་ཐམས་ཅད་རྨི་ལམ་བཞིན་ཡལ་བའི་རྩ་བ་ནི་ཁོ་བོ་སློབ་ཆེན་འགྲིམས་མ་ཐུབ་པས་ཡིན། ཁོ་བོ་སློབ་ཆེན་འགྲིམས་མ་ཐུབ་པ་ནི་སྤྱི་ཚོགས་འདིའི་སྒྲིག་གཞི་ངན་པ་ཞིག་གིས་བཟོས་པ་ཡིན་ལ། དེ་ནི་སྒྲིག་གཞི་དེའི་མི་ཞིག་ལ་འབྲེལ་བ་ཡོད་པས་ཡིན། སྐབས་དེར་ཁོ་བོར་ཐོབ་ཆོག་པའི་སློབ་ཡོན་རོགས་དངུལ་དེ་དབང་དང་གོ་ས་མཐོ་བའི་སྐྱེས་པ་དེས་གཞར་ཡང་བདག་ལ་མ་སྤྲད་པར་མི་གཞན་ཞིག་ལ་སྤྲད་པས། བདག་གི་རྨི་ལམ་དང་ཕུགས་བསམ་ཡོད་ཚད་གད་སྙིགས་སུ་དོར། དེ་ནས་བཟུང་སྟེ་བདག་གིས་ཉིན་རྒྱུན་ཨ་རག་འཐུངས་ཤིང་ཉལ་ཐ་བརྔུབས། ཡུན་གྱིས་ཁྱིམ་གྱི་རྒྱུ་ནོར་ཡོད་ཚད་ཟད་ཅིང་ཁང་བ་ཤོར་ལ་ཁྱིམ་མི་བྲལ། རྗེས་སུ་རྐུ་འཕྲོག་བཅོམ་གསུམ་སོགས་བྱས་པས་བཙོན་དུ་ལྷུང་།"
  ཁོས་ཇོར་ཏན(Jordan)ནས་ཡོང་བའི་གཞོན་ནུ་མ་རྗོན(Jun)གྱི་མིག་ཟུང་མཆི་མས་བརླན་པ་མཐོང་བས། "དགོངས་དག དེ་རིང་ཁྱེད་ཚོར་ལྗིད་ཏིག་ཏིག་གི་ཚོར་བ་ཞིག་བྱིན་སོང་། ཡིན་ཡང་སེམས་པ་དེ་འདྲ་མ་སྐྱོ་བར་གཏམ་རྒྱུད་ཆ་ཚང་ལ་ཉན་རོགས། བཙོན་ཁང་དུ་དམྱལ་བ་མནར་མེད་ལས་ཀྱང་ཐུ་བའི་སྡུག་བསྔལ་མང་པོ་ཞིག་མྱངས་རྗེས་གཞི་ནས་བཙོན་གྲོལ་ཐོབ་མོད། འོན་ཀྱང་མཁར་གྱང་མཐོ་ལ་ལྕགས་དང་གློག་གི་ཚེར་མ་གཟེངས་པའི་བཙོན་ཁང་དེ་ལས་ཕྱིར་ཐོན་རྗེས་ནི་དམྱལ་བ་ལྟ་བུའི་བཙོན་ཁང་གཞན་ཞིག་ལ་ལྷུང་བྱུང་། དེ་རུ་སྤྱི་ཚོགས་ཀྱི་མི་ཚོས་ནམ་ཡང་མཐོང་ཆུང་དང་དམའ་འབེབས་བྱེད་པས། རང་ཁ་གསོ་སྤྱད་ཀྱི་ལས་ཀ་ནི་ཅི་ཡང་མ་རེག ལས་ཁུངས་གང་དུ་ཕྱིན་ཀྱང་ཁེ་ལས་པ་ཚོས་བཙོན་མའི་དུས་ཀྱི་ལོ་རྒྱུས་ནག་པོའི་ཡིག་ཚགས་ལ་ནི་གསལ་བོར་བལྟ་ཐུབ། སྲིད་གཞུང་གིས་ནི་དེ་དག་སྦ་མི་སྲིད། ཁྱིམ་མཚེས་དག་གིས་མི་གསོད་གཏེ་བོ་མཐོང་བ་ཇི་བཞིན་ཕྱིར་བཀྱེད་ཅིང་མིག་མདངས་མཚར། ད་ནི་ལམ་གཉིས་ལྷག་ཡོད་དེ། གཅིག་ནི་མི་གཞན་ཞིག་ལ་བརྗེ་རྒྱུ་དང་གཞན་དེ་ནི་འཆི་ལམ་སྙེག་རྒྱུ་འབའ་ཞིག་གོ།"
  ང་ཡིས་སྔོན་ཆད་ཅིག་ལ་བཙོན་གྲོལ་ཐོབ་པའི་བཙོན་མ་འགའ་ཡི་སྤྱི་ཚོགས་འཚོ་བའི་སྐོར་བརྗོད་གཞི་བྱས་པའི་ཨ་རིའི་གློག་བརྙན་ཞིག་ལ་ནི་བལྟས་མྱོང་ཡང་དེ་འདྲའི་དོ་སྣང་མ་བྱས། ད་ནི་རང་གི་མིག་མདུན་དུ་མཐོང་བྱུང་། མི་ཞིག་མཐོང་བྱུང་། མི་རྒྱུད་ནག་པོའི་སྐྱེས་བུ་ཞིག་མཐོང་བྱུང་། ཁོས་མུ་མཐུད་དུ་བརྗོད་རྒྱུར།
  "ད་ནི་ཅི་ཞིག་བྱ་འམ། རང་སྲོག་གཅོད་རྩིས་བྱས་ཀྱང་དེ་ནི་སྤྱི་ཚོགས་འདི་ལེགས་ལམ་དུ་བསྒྱུར་བའི་ཐབས་ནི་མ་རེད། ཡུན་རིང་ལས་ཀ་མ་རེག་ན་ཟ་མ་ཇི་ལྟར་ཟ། ལྟོགས་སྐོམ་ཇི་ལྟར་སེལ། བཟའ་བཏུང་ཡོད་ན་ད་གཟོད་མི་རྣམས་གསོན་ཐུབ། གསོན་ཐུབ་ཚེ་ད་གཟོད་མགོ་བོ་ཕྱིར་དགྱེ་ཐུབ་པའི་ཉིན་ཞིག་ཡོད་ཀྱང་སྲིད། དེ་ལྟར་བྱས་ཚེ་ད་གཟོད་སྤྱི་ཚོགས་ལ་རང་ཉིད་བདེན་དཔང་བྱེད་པའི་གོ་སྐབས་ཤིག་མཆིས་ངེས། དེ་ལྟར་བསམས་ཀྱིན་བརྗོད་ཀྱིན་བདག་དང་གཞན་བཙོན་གྲོལ་པ་ལྔ་ཡིས་མཉམ་དུ་གྲོས་བྱས་ཏེ། སྲང་ལམ་སོགས་ནས་གཞན་ལ་མི་མཁོ་བའི་གློག་ཆས་ཏེ། གློག་ཀླད་རྙིང་བ་དང་བརྙན་འཕྲིན་རལ་བོ། དཔར་ཆས་ཆག་རོ་སོགས་བཏུ་མགོ་བརྩམས། འོན་ཀྱང་དེ་ཚོར་གད་སྙིགས་མ་ཟེར།"

               གད་སྙིགས་ནི་མིང་ངན་པ་ཙམ་ཞིག་རེད།

  ཆུ་ཚོད་ཕྱེད་ཀ་ལྷག་གི་རྗེས་སུ་ཁོས་ང་ཚོ་ལས་ཤག་ཕྱི་ཡི་བཙོན་གྲོལ་པ་ཚོའི་ལས་ཡུལ་དངོས་སུ་གཟིགས་མོར་ཁྲིད། བཟོ་གྲྭ་དེའི་རྒྱ་ཁྱོན་ལ་ཧ་ལམ་མུའུ་གསུམ་ལྷག་ཡོད་ཅིང་བཙོན་གྲོལ་ལས་བཟོ་བ་བརྒྱ་ལྷག་གིས་རང་རང་ས་ན་ཧ་ཅང་བྲེལ་བའི་ངལ་རྩོལ་བྱེད་ཀྱིན་འདུག ལ་ལས་གད་སྙིགས་ཀྱི་ཕུང་བོ་དག མ་རེད། གཞན་ལ་མ་མཁོ་བའི་ཅ་ལག་རྙིང་བ་དག་བཟོ་གྲྭའི་ནང་དུ་འདྲེན་ཞིང་ལ་ལས་དེ་དག་སོ་སོར་གཏོར་ནས་ཟངས་དང་ཞ་ཉེ། ལྕགས་དང་འགྱིག་སོགས་ཁ་ཁར་དབྱེ་སྟེ་ལྷུ་ལག་གཅིག་ཀྱང་ཕྱི་རུ་མི་གཡུགས་པར་འཕོ་བ་གྲོང་འཇུག་བྱས། ལ་ལས་སྣོད་དུ་བཅུག་ཚར་བའི་འབྲས་བུ་དག་ཟོག་འདྲེན་རླངས་འཁོར་དུ་སྐྱེལ་དེ་འཛམ་གླིང་རྒྱལ་ཁབ་སོ་སོར་སྐུར་ཀྱིན་འདུག
  "ཁྱེད་ཚོས་ལྟོས་དང་། མི་ཚོས་འདི་དག་ལ་གད་སྙིགས་ཞེས་འབོད་ཀྱང་། ང་ཚོར་མཚོན་ན་གཏེར་ཁ་རེད། ང་ཚོར་མཚོན་ན་ཁོར་ཡུག་སྲུང་སྐྱོབ་ཡིན། རྫས་འདི་དག་ང་ཚོའི་ལག་ཟུང་མ་བརྒྱུད་པར་རང་བྱུང་ཨ་མའི་པང་དུ་ཐད་ཀར་གཡུག་ན་མཇུག་འབྲས་ཇི་འདྲ་ཞིག་ཡིན་པ་ཁྱེད་ཚོས་ཧ་ཨེ་གོ གློག་རྫས་སྐམ་པོ་གཅིག་གིས་ཆུ་མོ་ཞིག་བརླག་ཐུབ་པ་ཁྱེད་ཚོས་ཨེ་ཤེས། ནོར་འཁྲུལ་བཟོ་མི་སྲིད་པའི་མི་ཞིག་འཇིག་རྟེན་ན་དཀོན་པས་དེ་ལ་ཡིད་ཆེས་ཐེངས་ཤིག་དང་བསྐྱར་གསོན་གྱི་གོ་སྐབས་ཐེངས་ཤིག་བྱིན་ན་ཅིས་མི་ཆོག གད་སྙིགས་ཟེར་བ་ནི་འབོད་ཚུལ་ངན་པ་ཙམ་ཡིན། དེ་ལ་བསྐྱར་གསོན་གྱི་བླ་སྲོག་ཡོད། དེ་ལ་འཇིག་རྟེན་སྐྱོབ་པའི་བརྩེ་བ་དང་ཤེས་རབ་ཡོད།"
  ཁོས་ནི་སྐད་མགོ་མཐོན་པོས་བརྗོད་ཞོར་བཟོ་གྲྭའི་ལས་ཁྱམས་སོ་སོ་ན་ཡོད་པའི་འགན་ཁུར་མི་སྣ་རེ་རེ་ལའང་སོ་སོའི་ལས་ཀ་དག་ང་ཚོར་ངོ་སྤྲོད་མདོར་བསྡུས་རེ་བྱེད་དུ་བཅུག

  "བཟོ་གྲྭ་འདིས་ལོ་རེར་བཙོན་གྲོལ་བ་ཉིས་སྟོང་ལྷག་ལ་ལས་ཀའི་གོ་སྐབས་སྤྲོད་ཀྱིན་ཡོད། སྔོན་ཆད་ཡིན་ན་ཁྱེད་ཚོས་མཐོང་བའི་འཕྲུལ་ཆས་འདི་དག་གཅིག་ཀྱང་མེད་ལ་ལག་ཟུང་ཁོ་ནར་བརྟེན་པས་ལས་ཕྱོད་ཤིན་ཏུ་དམའ། རྗེས་སུ་ཉི་ཧོང་གི་སྦྱིན་བདག་ཅིག་གིས་རོགས་སྐྱོར་བྱས་ཤིང་སྒྲོ་ལོར་ས་ཡ་གཅིག་བཀོལ་ནས་ལག་ཆ་ཆ་ཚང་ཉོས་པས་ང་ཚོས་བཟོ་གྲྭ་རྒྱ་བསྐྱེད་དེ་མི་ཀུན་ཏུ་མང་བོ་ཞིག་ལ་ལས་བགོས་བྱེད་ཐུབ་ཀྱིན་ཡོད། ཁོ་ཚོའི་ཁྲོད་ཀྱི་ཕལ་མོ་ཆེ་ཞིག་ཐོག་མར་གནས་འདིར་སླེབས་དུས་མགོ་བོ་ཁྱི་ལྡོམ་བཞིན་བསྣར་ཡོད་མོད། ངས་ནི་འབད་པ་ཡོད་ཚད་ཀྱིས་སྙིར་ཕུར་བརྡབས་ཏེ་གནས་འདི་ལས་བྲལ་བའི་དུས་སུ་མགོ་བོ་ཕྱིར་མཐོན་པོར་དགྱེ་ཐུབ་པ་བྱས་ཡོད།"

  ཁོས་ལས་ཤག་གི་གྱང་ངོར་བཀལ་བའི་ཤིང་སྡོང་མཐོན་པོ་ཞིག་གི་པར་བསྟན་ལ་མི་ཞིག་ཐོག་མར་སྡོང་རྩ་དེ་རུ་ལྷག་ཡོད་མོད། མཐའ་མཇུག་སྡོང་རྩེར་འགོས་འདུག ཁོས་ནི་འདི་འདྲའི་སེམས་ཁམས་རིག་པའི་བྱེད་ཐབས་སྣ་མང་སྤྱད་དེ་ཁྱིམ་མེད་པའི་བཙོན་གྲོལ་བ་ག་ཚོད་བསྐྱབས་ཡོད།

  འཆར་གཞིའི་དུས་ཚོད་ནི་སྔར་ནས་བརྒལ་ཡོད་པས་ང་ཚོས་ཁོང་དང་གྱེས་ཕྱག་འབུལ་མགོ་བརྩམས་ཤིང་། ཁོས་ནི་མི་དང་མི་ཡི་འབྲེལ་བ་ཇེ་ཟབ་ཏུ་བཏང་སྟེ། ཡིད་ཆེས་དང་ལྷག་བསམ་གྱིས་ནང་སེམས་དང་སྤྱི་ཚོགས། རང་བྱུང་ཁོར་ཡུག་ལ་ཞབས་འདེགས་ཞུ་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེའོ་ཟེར།

  སྒོ་ཕྱིར་ཐོན་དུས་ངོ་གདོང་དག་ལ་ཡང་བསྐྱར་བལྟ་དགོས་བྱུང་སོང་།

  སེམས་པ་ནི་དགའ་སྐྱོ་ཉིས་འདྲེས་ཀྱི་ཚོར་བ་ཞིག་གིས་སྦྲིད་པར་བྱས་ཡོད་ཅིང་ཨིན་ཊི་ཨན་ནའི་སྲང་ལམ་གྱི་རྒྱུ་མའི་ནང་གི་འབའ་འབུ་མཐའ་དག་དང་བརྗིད་ཉམས་ལྡན་པའི་ཁང་བརྩེགས་མཐོན་པོ་དག་གི་ངོ་གདོང་། གསེར་དངུལ་གཡུ་བྱུར་སོགས་རིན་ཆེན་སྣ་མང་གིས་བརྒྱན་པའི་ཚོང་ཁང་དག་གི་མིག་ནང་ལ་ཡང་བསྐྱར་ཐེངས་ཤིག་གཟིགས། སྒྲུང་ཐུང་འདི་འབྲི་བཞིན་ཆུ་ཚོད་ཁ་ཤས་ནི་ཇི་ལྟར་འདས་པའང་མ་ཚོར། གནམ་གྲུ་ནི་གློ་བུར་འདར་སྤྲུག་ཐེངས་ཤིག་བྱས་པས་སྒེའུ་ཁུང་ཕྱི་རོལ་གྱི་སྤྲིན་གྱི་ཕུང་བོ་དག་མཐོང་ལ། དེ་ཡིས་ཞི་ཨ་ཐུའུ་ལ་ལམ་སེང་སླེབས་ཐུབ་པའང་རྟོགས། ཞི་ཨ་ཐུའུ་ནི་ཉིན་འདི་ཚོར་བསྐྱོད་པའི་གྲོང་ཁྱེར་གཞན་དག་དང་མི་འདྲ་བར་རི་བོ་མཐོན་པོའི་ཚོགས་ཀྱང་མཐོང་ལམ་དུ་མངོན་བྱུང་། རི་ཚོགས་མཐོང་བས་གངས་འདབས་ཀྱི་ཕ་ཡུལ་ཡིད་ལ་འཁོར་བྱུང་།

                            ༢༠༡༥ ༨ ༢༢ཉིན་ཨིན་ཊི་ཨན་ན་ནས་ཞི་ཨ་ཐུའུ་ལ་བསྐྱོད་པའི་མཁའ་ལམ་ནས་བྲིས་ཤིང་རྫོགས་པར་བྱས།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

གད་སྙིགས་ནི་ཅི་ཞིག་ཡིན།

2015-10-04 གནམ་ལྕགས་འབར་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།