ཀླད་ཀོར་གྱི་བརྩམས་སྒྲུང་གསར་པ། 《རྨི་ལམ་ནང་གི་མཁའ་འགྲོ་མ》

  ང་རང་ཕ་ཡུལ་བྱིས་གྲོངས་ལུང་པའི་ཉེ་བ་ཚང་གི་སྒོ་ཁར་བསྡད་སྐབས། གཅིག་གིས་“མཁའ་འགྲོ་མ་ཕེབས་བྱུང་།”ཟེར།

  ངས་རྒྱ་ལམ་གྱི་ཕྱོགས་སུ་ལྟ་དུས། མཁའ་འགྲོ་མ་དང་བུད་མེད་ཁ་ཤས་མཉམ་དུ་ཕེབས་བྱུང་། ངས་ཕྱག་རྒྱ་བྱས་ཏེ་མཁའ་འགྲོ་མ་མཇལ་བར་ཕྱིན།

  མཁའ་འགྲོ་མ་ནི་མོ་ལོ་བཞི་བཅུ་ཙམ་ཟིན་ཡོད་ཚོད་རེད། ཞལ་ལ་སྤྱན་ཤེལ་ཞིག་མནབས་ཡོད་པས་ཞལ་གྱི་རྣམ་འགྱུར་གང་འདྲ་ཞིག་ཡིན་མིན་རྟོགས་དཀའ།

  “ཁྱོད་རང་ལྷ་སར་འགྲོ་དགོས་པ་ཨེ་རེད།”

  མཁའ་འགྲོ་མས་ང་ལ་གློ་བུར་འདི་ལྟར་དྲིས་བྱུང་བས་ངས་ཀྱང་“ལགས། རེད་ལགས”ཞེས་ཞུས་པ་ཡིན།

  མཁའ་མགྲོ་མས“ཁྱོད་ལྷ་སར་འགྲོ་ན་འཁོར་བགེགས་ཤིག་འབྱུང་ངེས་རེད”ཅེས་གསུང་མ་ཐག ངའི་མིག་ལམ་དུ་གློག་བརྙན་ལ་བལྟས་པ་བཞིན་ང་རང་ལ་འཁོར་གེགས་བྱུང་ཚུལ་གསལ་པོར་མཐོང་བྱུང་། མ་འོངས་པར་ང་རང་འཁོར་བགེགས་འབྱུང་ས་དེ་ལྷ་སའི་སྲང་ལམ་ག་གེ་མོ་ཞིག་གི་ཐོག་རེད་འདུག་ལ་འཁོར་བགེགས་བྱུང་སའི་མོ་ཊའི་ཨང་རྟགས་ནི་བོད་༩༦༩༠ཡིན་པ་ཡང་གསལ་པོར་མཐོང་བྱུང་ལ་མིག་ལམ་དུ་ཤར་བའི་བརྙན་དེའི་ངོས་སུ་ཡི་གེ་ཁ་ཤས་ཤར་ཡོད་པ་མཐོང་ཞིང་དེ་ནི་“བར་ཆད་ལ་བཟློག་ཐབས་མེད”ཅེས་པ་དེའོ།།

  མཁའ་འགྲོ་མས་ཀྱང་“འདི་ལས་རེད། ངས་ཁྱོད་རང་བཀག་ཐུབ་མ་རེད། རྒྱུ་དང་རྐྱེན་ཚང་ཚེ་ཁྱོད་རང་ལྷ་སའི་སྲང་ལམ་དེ་ནང་ཐོན་པ་དང་འཁོར་བགེགས་བྱུང་ངེས”ཟེར།

  “ཏུང་། ཏུང་།”

  ལས་ཁུངས་ཀྱི་ར་བའི་ནང་དུ་མོ་ཊའི་དུང་བརྡས་ང་རང་གཉིད་ལས་དཀྲོགས། ཁ་ལོ་པས་ང་རང་འབོད་ཀྱིན་པ་ཤེས།

  དེ་རིང་ང་རང་འགྲོ་ས་ནི་རྫོང་ཁ་ཡིན་པ་ལས་ལྷ་ས་མིན།

  ཆུང་མས་འབྲས་ཐུག་བསྐོལ་འདུག་པ་དེ་འཐུང་གིན་རྨི་ལམ་ནང་གི་མཁའ་འགྲོ་མའི་ལུང་བསྟན་དེ་མོ་ལ་བཤད་པ་ཡིན།

  མོས་“ཅི་ཨེ་སྐྱོན”ཟེར་ཡང་ཅུང་སྐྲག་ཡོད་པ་འདྲ་སྟེ། དེ་མུར་ང་ལ་བདུག་པ་བདུག་ཏུ་བཅུག་པ་དང་དཔལ་ལྷ་མོས་བྱིན་གྱིས་རླབས་པ་ཡིན་ཟེར་བའི་ཕྱག་འབྲུ་རྡོག་པོ་གཅིག་ཟས་སུ་བཅུག

  མོས་“དེ་རིང་ནི་དཔལ་ལྷ་མོའི་དུས་ཆེན་ཡིན་པས་འདི་ཟོས་ན་ཅི་སྐྱོན་མི་འོང་”ཟེར།

  ང་རང་གཞུང་ལས་ཁང་དུ་བརྒྱུགས་ནས་རྫོང་ཆུ་བེད་ཅུས་ལ་དེ་རིང་ངེད་ལས་ཁུངས་ཀྱི་ཐམ་ཀ་རྒྱག་དགོས་རབས་བཤད་པས་ལས་ཁུངས་ཀྱི་ཐམ་ཀ་དང་རྫོང་གི་ལས་ཁུངས་སོ་སོར་ཡར་སྤྲད་དགོས་པའི་ཡིག་ཆ་རྣམས་བསྡུ་གསོག་བརྒྱབ་རྗེས། ཞོགས་པའི་ཆུ་ཚོད་བདུན་དང་ཕྱེད་ཀ་ཙམ་ལ་ཁ་ལོ་པ་ངེད་གཉིས་ལས་ཁུངས་ཀྱི་མོ་ཊ་བསྡད་དེ་རྫོང་ཁའི་ཕྱོགས་སུ་བསྐྱོད།

  ཞོགས་པར་རྫོང་ཁ་ན་ལས་དགོས་པའི་ལས་ཀ་ཡོད་ཚད་ཚར་རྗེས། ཆུ་བེད་ཅུས་ལ་འབྲེལ་བ་བྱས་ནས་ཐམ་ཀ་བརྒྱབ་དགོས་པའི་ཡིག་ཆ་དེར་ཐང་ག་བརྒྱབ་ཆོག་མིན་དྲིས། ཕ་རོལ་པོས“ཚར་ཟིན”ཟེར།

  ཆུ་བེད་ཅུས་ཀྱི་ཡིག་ཆ་ཚར་བར་བསྒུགས་ནས་ཆུ་ཚོད་དང་པོར་ཟིན་ཞིང་ལས་རོགས་ཁ་ཤས་ཀྱིས་ཁོ་ཚོ་ད་ལྟ་ཕར་ལས་ཁུངས་ནང་འགྲོ་རྒྱུ་ཡིན་པས་ཁྱོད་ཨེ་འགྲོ་ཞེས་དྲིས་བྱུང་། ངས་དེ་མུར་ཆུ་བེད་ཅུས་ལ་འབྲེལ་བ་བྱས་དུས་ཕ་རོལ་པོས“ཚར་མ་སོང་། ཁྱོད་རང་ཕྱིན་སོང་། རྗེས་སུ་ཐབས་བྱེད་ཆོག”ཟེར།

  དེ་རིང་ང་ལ་ཡིག་ཆ་ཤོག་སྒམ་ཆེན་པོ་གང་ཁུར་རྒྱུ་ཡོད་པ་ན། ཐམ་ཀ་དང་དངུལ་ཁུག་སྟོང་པ་བཅུག་ཡོད་པའི་ཁུག་མ་དེ་ཁུར་བར་སྟབས་མི་བདེ། ངས་ཁུག་མ་དེ་ཡིག་ཆ་བླུགས་སའི་ཤོག་སྒམ་དུ་བཅུག་ནས་ཁུར་ཏེ་ལས་ཁུངས་ཀྱི་མོ་ཊ་བཞག་ཡོད་སར་སོང་།

  མོ་ཏ་རང་སར་བཞག་འདུག ལས་རོགས་ཚོའི་གྲིབ་མ་ཙམ་ཡང་མཐོང་རྒྱུ་མི་འདུག ངས་ཁོ་ཚོར་འབྲེལ་བ་བྱས་དུས་“ལས་ཀ་ཅུང་འཕྲད་སོང་”ཟེར།

  ངས་ཤོག་སྒམ་དེ་དུས་རྒྱུན་ང་ཚོས་ལས་ཀ་མེད་དུས། ཡང་ན་མོ་ཊ་བསྒུགས་དུས་དུས་ཚོད་ཕར་བསྐྱལ་སའི་ཤིན་པའེ་ཁེལ་ཁོ་ཧྥེ་ཁང་གི་སྒོ་འགྲམ་བཞག་རྗེས། ཤིན་པའེ་ཁེལ་ཁོ་ཧྥེ་པེ་ཙི་གང་བླངས། སྒོ་ཁ་ཉི་འོད་དྲོ་སའི་ཧྲ་ཧྥེ་ཞིག་གི་ཐོག་ཏུ་ཙོག་བསྡད་སྐབས། ཁ་པར་ནས་ཏིང་ཏིང་ཏུང་ཏུང་གི་སྒྲ་མང་པོ་གྲགས་བྱུང་པ་དང་ཁ་པར་ཁ་ཕྱེ་དུས་དེ་ནི་སྐད་འཕྲིན་ནང་“དཔལ་ལྷ་མོའི་དུས་ཆེན་བསུ”ཟེར་ནས་སྐུར་མཁན་མང་པོ་ཞིག་ཡོད་པ་ལས་ནང་དོན་ཅན་གང་ཡང་མི་འདུག་པ་ན། གྲོགས་ཚོམས་སུ་ཉུལ་ཙམ་བྱས། དེའི་རིམ་ལ་སྒོ་འགྲམ་གྱི་ཡིག་ཆ་བླུགས་པའི་ཤོག་སྒམ་དེ་ངའི་མིག་ནས་མི་བྲལ་བར་བྱས་ཡོད། ཡང་གཅིག་བཤད་ན་མིག་ཡ་གཅིག་གིས་ཁ་པར་བལྟས་ཀྱང་མིག་ཡ་གཅིག་ནམ་ཡང་ཤོག་སྒམ་དེར་བལྟས་བསྡད་པ་དེ་འདྲ་ཡིན།

  གྲོགས་ཚོམས་སུ་རེ་རྐང་གླིང་གིས་“རྩོམ་པ་པོ་སུ་ཡིན་སོགས་ང་ལ་མ་འདྲི། གཏམ་རྒྱུད་ལས་ལོགས་སུ་གྱེས་པའི་བརྩམས་སྒྲུང་ཞེས་པ་འདི་འདྲ་ཞིག་ལ་གོ་དགོས་འདུག”ཅེས་བྲིས་ནས་བརྩམས་སྒྲུང་ཞིག་གི་དུམ་བུ་ཞིག་པར་བླངས་ནས་སྤེལ་འདུག ངས་རྩོམ་པ་པོ་དང་འགོ་བརྗོད། དུས་དེབ་སོགས་མཐོང་མི་ཐུབ་པའི་བརྩམས་སྒྲུང་དུམ་བུ་དེ་མཐོང་མ་ཐག་བཀླག་འདོད་འགོག་མེད་ཅིག་སྐྱེས། བརྩམས་སྒྲུང་དུམ་བུ་དེ་ཐེངས་གཅིག་བཀླགས་པ་དང་འདི་སྐྱབས་ཆེན་བདེ་གྲོལ་གྱིས་བྲིས་པ་རེད་འདུག་སྙམ་པ་དང་། སྒོ་འགྲམ་དུ་ཡོད་པའི་ངའི་ཅ་ལག་ལ་གཅིག་བལྟ་དུས་ཤོག་སྒམ་ནང་བླུགས་ཡོད་པའི་ངའི་ཁུག་མ་དེ་མཐོང་ལམ་དུ་མི་འདུག ཤིན་པའེ་ཁེལ་གྱི་ཞབས་ཞུ་མར་ངའི་ཁུག་མ་མཐོང་ཡོད་མེད་དྲིས་དུས་མ་མཐོང་ཟེར། དེ་མུར་ངས་ཤིན་པའེ་ཁེལ་གྱི་གློག་མིག་ནང་བལྟས་དུས་ངའི་ཅ་ལག་བཞག་ས་དེ་གློག་མིག་གི་མཐོང་ཐུབ་ཀྱི་མི་འདུག

  དེ་དུས་ཆུ་ཚོད་གཉིས་དང་སྐར་མ་བཅུ་གསུམ་ཡིན་པ་ཡིད་ལ་བཟུང་།

  ང་རང་སྲང་ལམ་དེ་གའི་ཉེན་རྟོག་ས་ཚིགས་ཨང་གཉིས་པར་འཛུལ། དེའི་ནང་གི་ཉེན་རྟོག་པ་ཚོས་ཅ་ལག་ཅིག་མ་རྙེད་པར་འཚོལ་གྱིན་པའི་སྒང་རེད། ངས་ཁོ་ཚོའི་ནང་གི་ཅུང་ཁོམ་པ་ཡོད་པ་ཞིག་ལ་ངའི་ཅ་ལག་བོར་ཚུལ་བཤད་པ་ཡིན། ཁོས་ཉེན་རྟོག་པ་གཞན་ཞིག་ལ་ཁ་པར་བརྒྱབ་ནས་གནས་ཚུལ་ཡར་ཞུ་བྱས་སོང་། སྐར་མ་གཉིས་ཀྱི་རྗེས་ལ་ཁ་ངོ་ཡོད་ཚད་རེས་ནག་པོས་བཏུམས་པའི་ཉེན་རྟོག་པ་གཉིས་སླེབས་བྱུང་ལ་ངེད་གསུམ་པོ་ཅ་ལག་བོར་སར་གནས་ཚུལ་རྟོག་ཞིབ་བྱེད་པར་ཕྱིན། ངས་ཅ་ལག་བཞག་པའི་ས་གནས། བོར་པའི་དུས་ཚོད་སོགས་གསལ་བཤད་བྱས། ཉེན་རྟོག་པ་ནས་ང་ལ་ཅ་ལག་བདག་པོ་ཡག་པོར་བརྒྱབ་དགོས་རབས་བསླབ་བྱ་ལུང་པ་གང་བརྒྱབ་པ་མ་ཟད། དེ་དང་འབྲེལ་བ་མེད་པའི་ང་རང་ཕ་ཡུལ་གང་ནས་ཡིན་རབས། སློབ་གྲྭ་གང་ནས་ཐོན་རབས། ལས་ཁུངས་གང་ནས་ཡིན་རབས། ལས་ཀ་གང་བྱེད་ཀྱིན་ཡོད་རབས་སོགས་སྐད་ཆ་མང་པོ་ཞིག་དྲིས་ནས“ཁྱོད་རང་འདི་གར་སྒུགས་དང་། གནས་ཚུལ་ཡོད་ན་ངས་ཁྱོད་ལ་ཁ་པར་རྒྱག་ཡོང་”ཟེར་ནས་ཕྱིན་སོང་།

  ངས་ཕྱི་དྲོའི་ཆུ་ཚོད་བཞི་པ་མ་སླེབ་བར་བསྒུགས་ཀྱང་ཉེན་རྟོག་པས་གནས་ཚུལ་གང་ཡང་ཞུ་མ་བྱུང་བས་ཁ་པར་ནས་ཕར་གནས་ཚུལ་དྲིས་པ་ཡིན། ཉེན་རྟོག་པས“སྲང་ལམ་གྱི་གློག་མིག་གསལ་པོ་མི་འདུག ཁྱོད་ཀྱི་ཅ་ལག་དེ་ཞྭ་མོ་གྱོན་མཁན་ཞིག་གིས་ཁུར་སོང་། ཁོ་ཁྱོད་ཀྱི་རོགས་པ་ཨེ་རེད”ཟེར།

  ངས་ལས་ཁུངས་ཀྱི་ལས་རོགས་གསུམ་ལ་འབྲེལ་བ་བྱས་ཏེ། མགྱོགས་པོར་རྫོང་ཁར་ཡོང་རོགས། ངས་ལས་ཁུངས་ཀྱི་ཐམ་ཀ་རྐུ་ལ་ཤོར་འདུག་ཅེས་བཤད་པ་དང་ཁོ་ཚོ་མགྱོགས་པོར་སླེབ་ཡོང་ཟེར།

  ངས་ཤིན་པའེ་ཁེལ་ནས་ལས་རོགས་གསུམ་པོར་བསྒུགས་བསྡད་དུས་ངས་རང་ཉིད་ཀྱིས་སྙན་ངག་མ་འབྲི་བར་ལོ་མང་འགོར་སོང་བར་ཚོར། ལོ་འདི་དག་ལ་ང་རང་ཡི་གེ་ཅི་བྲིས་ཀྱང་བཀླགས་ཀྱང་ཚིག་སྙན་པོ་མཛེས་བཟོ་བྱས་པ་དེ་འདྲ་ལ་རབ་ཏུ་སུན་པ་ཞིག་ཏུ་གྱུར་ཡོད་པས་ངས་ད་ལྟའི་སེམས་ཁམས་དེ་གློ་བུར་སྙན་ངག་ལམ་ནས་ཐད་ཀར་མཚོན་ཐུབ་ན་ཅི་འདྲ་ཞིག་འོང་རྒྱུ་རེད་སྙམ་གྱིན་སྙན་ངག་ཞིག་འབྲི་འགོ་རྩོམ།

  “དེ་རིང་ངའི་ཁུག་མ་བོར་སོང་།

  ནང་དུ་དངུལ་བྱང་དང་ཐོབ་ཐང་ལག་འཁྱེར། ཐམ་ཀ་ཡོད།

  གལ་སྲིད་ངས་སྐད་འཕྲིན་ནས་བརྩམས་སྒྲུང་དུམ་བུ་དེ་བཀླགས་ནས།

  བློ་རིག་གཞན་དུ་འཁྱམས་མེད་གྱུར་ན།

  གལ་སྲིད་ང་རང་ཧྲ་ཧྥེ་ཐོག་ཙོག་པ་དང་ཤོག་སྒམ་སྒོ་ཁར་བཞག་མེད་འགྱུར་ན།

  གལ་སྲིད་ཡིག་ཆ་གཅིག་གི་དོན་དུ་ང་རང་ཡུན་རིང་བསྒུགས་སུ་མི་བཅུག་ན།

  གལ་སྲིད་འགྲོ་རྒྱུ་ཡིན་ཟེར་ཡང་མི་འགྲོ་བ་མི་བྱེད་ན།

  གལ་སྲིད་ང་རང་རྫོང་ཁར་མ་འོངས་ན།

  གལ་སྲིད་ང་ལ་ལས་ཀ་ཐོབ་མེད་ན།

  གལ་སྲིད་ང་རང་སློབ་གྲྭར་སོང་མེད་ན།

  གལ་སྲིད་ང་ལ་བྱིས་པའི་དུས་མེད་ན།

  གལ་སྲིད་ང་རང་འཇིག་རྟེན་འདི་ན་སྐྱེ་མེད་ན།

  གལ་སྲིད་འདི་དག་གི་ནང་དུ་གལ་སྲིད་གཅིག་མེད་ཚེ།

  ཁུག་མ་ནི་ངའི་འགྲམ་དུ་ཡོད་ལ།

  དེ་རིང་ནི་ཁ་སང་དང་ཧ་ཅང་འདྲ་བ་ཡིན།”

  གློ་བུར་སྙན་ངག་འདི་འདྲ་ཞིག་བྲིས་པ་དང་འགོ་བརྗོད་ལ་གལ་སྲིད་ཅེས་ཀྱང་འབྲི་རྒྱུ་བརྗེད་འདུག དུས་རྒྱུན་སྙན་ངག་ནང་དུ་གལ་སྲིད་སོགས་ཐོན་པ་ཤིན་ཏུ་སུན་ནའང་དེ་རིང་ངའི་ཡིད་ལ་བྱེད་པ་ནི་ལ་ཏིང་གི་སྙན་ངག་པ་ཞིག་གི་སྙན་ངག་ནང་མཐོང་མྱོང་བའི་“ད་ལྟའི་ང་ཚོ་ནི་ལོ་ངོ་མང་པོའི་སྔོན་དུ་རང་ཉིད་ཤིན་ཏུ་སུན་པར་བྱེད་པའི་མི་དེར་གྱུར་འདུག”ཞེས་པ་དེའོ།།

  ཆུ་ཚོད་ལྔ་པར་ཟིན་ཙམ་ལ་ངའི་ལས་རོགས་གསུམ་པོ་ཤིན་པའེ་ཁེ་ནང་འཛུལ་བྱུང་། ཁོ་གསུམ་པོ་ནས་“ལས་ཁུངས་ཀྱི་ཐམ་ཀ་བོར་ཟིན་པ་འགོ་པས་ཤེས་འདུག ལམ་བར་དུ་འགོ་པས་ཁ་པར་སླེབས་བྱུང་།”ཟེར།

  “ཉེན་རྟོག་པ་དེ་དག་གི་ཁ་དེ་མགྱོགས་གི”ངས་བཤད།

  ངེད་བཞི་པོས་སྲང་ལམ་དེ་གའི་ཚོང་ཁང་དང་མགྲོན་ཁང་། ཟ་ཁང་སོགས་ཀྱི་གློག་མིག་ཡོད་ཚད་ལ་བལྟས། ཆུ་ཚོད་གཉིས་པ་དང་སྐར་མ་བཅུ་ཡས་མན་ལ་གོ་ཅན་ཞྭ་མོ་གྱོན་པའི་མི་རྒན་ཞིག་གིས་ངའི་ཁུག་མ་འདྲ་བོ་ཞིག་ཁུར་ནས་འགྲོ་བར་མཐོང་ཡང་ཁོའི་ངོ་གདོང་གསལ་པོ་ཞིག་མཐོང་ཐུབ་ཀྱི་མི་འདུག

  མུ་མཐུད་གློག་མིག་རེ་རེར་བརྒྱུད་མི་དེ་གང་དུ་འགྲོ་བར་བལྟས་ཚེ། གློག་མིག་ཅིག་གི་ནང་ཏག་ཏག་ཁོས་ངའི་ཁུག་མ་བརྐུས་རྗེས་གོམ་པ་བཅུ་ཙམ་ཕྱིན་པ་དང་སྲང་ལམ་གྱི་བཞི་མདོ་རུ་སླེབས་པ་ན། ཁོ་རང་ཐད་ཀར་ཡར་མ་ཕྱིན་པར་ཁ་གཡོན་དུ་བསྐུར་ནས་མི་ཤིན་ཏུ་ཉུང་བའི་སྲང་ལམ་ཞིག་བརྒྱུད་དེ་ཕྱིན་པ་མཐོང་སོང་།

  ང་ཚོ་སྲང་ལམ་དེའི་ཐོག་ཏུ་སླེབས་དུས་སྣེ་རུ་ཉེན་རྟོག་གི་ས་ཚིགས་ཨང་གསུམ་པ་དེ་ཡོད་པ་མཐོང་བྱུང་། ཉེན་རྟོག་ས་ཚིགས་དེའི་གློག་མིག་ཆེན་པོ་ཞིག་ཏག་ཏག་སྲང་ལམ་འདི་ལ་བཏད་འདུག

  ངེད་བཞི་པོ་ཉེན་རྟོག་ས་ཚིགས་ཨང་གསུམ་པ་ནང་འཛུལ་བ་དང་གློག་མིག་ལ་བརྟག་དཔྱད་བྱེད་དགོས་པའི་ཞུ་བ་བྱས་ཅིང་རྐུན་མ་སྲང་ལམ་འདི་ནས་བརྒྱུད་དེ་འགྲོ་བའི་དུས་ཚོད་ཀྱང་གསལ་བཤད་བྱས།

  སྐར་མ་གཅིག་གི་རྗེས་ལ་རྐུན་མའི་རྣམ་པ་ཧ་ཅང་གསལ་པོ་ཡོད་པའི་བརྙན་ཞིག་ཉེན་རྟོག་པས་ང་ཚོའི་ཁ་པར་ནང་བསྐུར་བྱུང་། ས་ཚིགས་དེའི་ནང་གི་ཉེན་རྟོག་པ་དག་ལས་ཀ་བྱས་ན་བསམས་བསམས་ཞིག་འདུག ཁོ་ཚོས་བརྙན་དེ་ཤང་དང་གྲོང་ཚོ། ལས་ཁུངས་སོ་སོར་བསྐུར་སོང་ལ་ཁ་པར་བརྒྱབ་ནས་མི་དེ་ངོ་ཤེས་ན་ཉེན་རྟོག་པར་འབྲེལ་བ་བྱེད་དགོས་པའི་གསལ་བཤད་ཀྱང་བྱས་སོང་།

  ངེད་བཞི་པོས་གྲོས་བྱས་ཏེ་རྐུན་མའི་བརྙན་དེ་དྲ་ལམ་གང་སར་བསྐུར་རྒྱུ་བྱས་པ་ཡིན། ངས་ཀྱང་བོར་དངོས་འཚོལ་ཡིག་རྒྱ་བོད་གཉིས་ཀྱིས་བྲིས། ཁོ་ཚོས་རྐུན་མ་ཟེར་ནས་བྲིས་དགོས་ཟེར་ཡང་ངས་དེ་ལྟར་མི་རུང་“ཁུར་ནོར་ཤོར་བ་འདྲ”ཟེར་ན་ཡག་ཚུལ་བཤད་པ་ཡིན།

  ང་ཚོས་བརྙན་དེ་དྲ་ལམ་གང་སར་བསྐུར་རྗེས་ཉེན་རྟོག་ས་ཚིགས་དེ་དང་བྲལ་ཏེ་ཟ་མ་བཟའ་བར་ཕྱིན། ལམ་བར་དུ་ང་ཚོའི་འགོ་པ་དང་འཕྲད། འགོ་པས་“བུ། སེམས་ནད་བྱེད་དགོས་ནི་མ་རེད། ཚུར་རྙེད་འོང་གི་རེད། ཁྱོད་ཚོ་ཟ་མ་ལྷོད་ལྷོད་ཟོས་རྗེས་ཕར་ལས་ཁུངས་སུ་ཕྱིན་སོང་། ཉེན་རྟོག་པས་ཅ་ལག་རྙེད་སོང་ཟེར་ན། ང་ལེན་དུ་འགྲོ་ཆོག”ཟེར།

  ང་ཚོས་རྫོང་ཁར་ཟ་མ་རྒྱགས་ཚད་ཟོས་རྗེས་ལས་ཁུངས་སུ་ལོག

  ལས་ཁུངས་སུ་ལོག་པའི་ལམ་བར་དུ་མོ་ཊའི་སྒེའུ་ཁུང་གི་ཕྱི་རོལ་ཏུ་གློ་བུར་ཁ་བ་ལྷུག་ལྷུག་ཏུ་བབས་བྱུང་། ང་རང་ཁ་བའི་འབབ་ཚུལ་ལ་ལྟ་བཞིན་རྨི་ལམ་གྱི་ཞིང་ཁམས་སུ་ལྷུང་འདུག

  ང་དང་ཨ་ཁུ་བླ་མ། ད་དུང་ཕ་ཡུལ་གཅིག་པའི་གྲོགས་པོ་བློ་བཟང་བཅས་ངེད་གསུམ་པོ་འབའ་ཐང་གི་རི་བོ་ཞིག་གི་སྐེད་ཀྱི་ལམ་ཕྲན་ཞིག་བརྒྱུད་ནས་འགྲོ་བཞིན་འདུག རི་བོ་དེའི་གང་སར་ཤིང་ཏོག་གི་ལྡུམ་རས་ཁེངས། ལྡུམ་རའི་སྒོ་ནས་ཡར་བལྟས་ཚེ་བུད་མེད་མང་པོས་སེ་འབྲུ་དང་ཁམ་བུ། རྒྱ་ལེ་སོགས་ཤིང་ཏོག་སྣ་ཁ་མང་པོ་འཐོག་གིན་པའི་སྒང་རེད། ངའི་རོགས་པ་གཉིས་པོ་ལྡུམ་ར་ནས་བརྒྱུགས་ཏེ་ཤིང་ཏོག་རུམ་གང་རེ་ཁུར་སོང་བས་ང་རང་སེམས་མ་བདེ་བར་ཤིང་ཏོག་འཐོག་གིན་པའི་བུད་མེད་གཅིག་གི་སར་ཕྱིན་ཏེ་ཤིང་ཏོག་གི་རིན་པ་སྟེར་བ་ཕྱིན།

  བུད་མེད་དེས་“རིན་པ་དངུལ་དམར་ལེན་གྱིན་མེད། སྐད་འཕྲིན་ནས་ང་ལ་ཁུག་དམར་བསྐུར་ཤོག”ཟེར།

  ངས་ཀྱང་མོའི་སྐད་འཕྲིན་མནན་རྗེས་ཁུག་དམར་བསྐུར་བ་ཡིན།

  མོས“རྗེས་མར་ཤིང་ཏོག་གང་བཟའ་འདོད་ན་ངའི་སྐད་འཕྲིན་ནས་ལབ་ཤོག ངས་མྱུར་སྐྱེལ་བརྒྱུད་དེ་བསྐུར་ཡོང་”ཟེར།

  ང་རང་ཤིང་ཏོག་གི་ལྡུམ་ར་དེ་ནས་ཐོན་པ་དང་མོའི་སྐད་འཕྲིན་ལ་ལྟ་ཡག་གཅིག་བྱས་པ་ན་མོའི་སྐད་འཕྲིན་གྱི་མིང་ནི“མཁའ་འགྲོ་མ”རེད་འདུག

  ཨ་ཁུ་བླ་མ་དང་བློ་བཟང་གཉིས་ཀྱི་རྗེས་ཟིན་དུས་ངེད་གསུམ་པོ་གང་སར་ཆུ་ཕྲན་འབབ་ཞིང་ཤིང་སྡོང་དང་རྩྭ་ལོ་རྒྱས་པའི་ས་ཆ་ཞིག་ཏུ་ཐོན། ཆུ་ཕྲན་རྣམས་གྱི་འགྲམ་ངོགས་སུ་མེ་ཏོག་ཧ་ཅང་ཆེན་པོ་དུ་མ་བཞད་འདུག ངེད་གསུམ་པོས་“མེ་ཏོག་འདི་འདྲ་ས་འཛམ་བུ་གླིང་ན་མེད་པས། མེ་ཏོག་འདི་དག་ནི་དག་པའི་ཞིང་ནས་ས་འདིར་ལྷུང་བ་ཡིན་ངེས”ཅེས་འཆད་ཀྱིན་མེ་ཏོག་གི་ཟེའུ་འབྲུ་རེ་རེ་བཏོགས་མ་ཐག མེ་ཏོག་གི་འདབ་མར་སྐར་མདའ་རྒྱུགས་པ་བཞིན་གྱི་འོད་རྣམ་པ་མི་འདྲ་བ་མང་པོ་འཚེར་ཡོང་བར་མཐོང་།

  ངེད་གསུམ་པོ་མར་མར་འབབ་ཚེ། ཞིང་ཁ་ཞིག་ཏུ་སླེབས་སོང་ལ་ཞིང་དེའི་ཁ་རུ་རྒྱ་སེའི་སྡོང་པོ་ཁམ་སྡོང་ལས་ཀྱང་ཆེ་བ་ཞིག་སྐྱེས་འདུག དེའི་ལོ་མ་སྣུམ་སྣུམ་པོ་ཡོད་ཀྱང་མེ་ཏོག་གཅིག་ཀྱང་བཞད་མི་འདུག

  “ཏུང་ཏུང”

  ཁ་པར་ཡོང་བའི་སྒྲས་ང་རང་གཉིད་ལས་དཀྲོགས།

  ཁ་པར་ཕ་རོལ་ནི་ངའི་ཆུང་མ་རེད།

  ངས་ཁ་པར་ནས་མོ་ལ“ད་ལྟ་ངའི་རྨི་ལམ་ནང་མེ་ཏོག་ཆེན་པོ་ཞིག་རྨིས་བྱུང”ཞེས་བཤད་པ་ན་མོས་“དེ་ནི་ངེད་གཉིས་ཀྱི་ལས་སུ་བུ་མོ་ཞིག་བྱུང་བའི་རྟགས་རེད”ཟེར།

  ངས་ཁ་པར་ཁ་བརྒྱབ་པ་དང་ཁ་པར་གྱི་ཅོག་ངོས་སུ་གཅིག་ལྟ་དུས་ང་རང་རྨི་ལམ་དུ་ཉུལ་བའི་རིམ་ལ་མི་བཅུ་གྲངས་ཤིག་གིས་ང་ལ་ཁ་པར་བརྒྱབ་ཡོད་པ་མཐོང་། ཉེན་རྟོག་པས་ཅ་ལག་རྙེད་ནས་ང་ལ་ཁ་པར་བརྒྱབ་ཡོང་བ་ཡིན་ནམ་སྙམ་ནས་ཕར་ཁ་པར་རྒྱག་རྩིས་བྱེད་དུས། མོ་ཊ་ཁ་བ་དཀར་ལམ་ལམ་དུ་བཞག་ཡོད་པའི་ལས་ཁུངས་ཀྱི་སྒོ་ར་ནང་འཛུལ་སོང་།

  སྡོད་ཁང་ནང་སླེབས་མ་ཐག་ཆུང་མས་ཇ་བསྲུབས་མ་རླངས་པ་དཀར་ཐོལ་ཐོལ་བྱེད་པ་དཀར་ཡོལ་གང་བླུགས་བྱུང་། མོས་ང་ལ་དེ་རིང་གི་ཁ་བ་དེ་ནམ་མཁའ་ནས་མར་བླུགས་པ་ལྟར་འབབ་ཚུལ་གླེང་།

  ངས་ཇ་བསྲུབས་མ་འཐུང་གིན་ཁ་པར་ཡོང་མཁན་རྣམས་ལ་རེ་རེ་བཞིན་ཕར་ཁ་པར་བརྒྱབ། ཕ་རོལ་པོ་རྣམས་ནི་ཉེན་རྟོག་པ་རང་རེད་འདུག ངས་ངའི་ཅ་ལག་རྙེད་ཡོད་མེད་འདྲི་དུས་ཁོ་ཚོས་ཅ་ལག་སྐོར་གྱི་སྐད་ཆ་གང་ཡང་མེད་པར་“དྲ་ལམ་དུ་སྤེལ་བའི་བརྙན་ཐུང་དེ་མགྱོགས་པོ་སུབས་ཤིག དེ་ནི་ངེད་ཉེན་རྟོག་པས་མཁོ་སྤྲོད་བྱེད་པ་ཡིན་པས་གང་བྱུང་དྲ་ལམ་དུ་སྤེལ་ན་ཁྲིམས་འགལ་རེད”ཟེར།

  ངས་དེ་མུར་ཁྲིམས་ལུགས་སློབ་གྲྭ་ནས་ཐོན་པའི་གྲོགས་པོ་ཞིག་ལ་རྐུན་མའི་བརྙན་དྲ་ལམ་ནས་བསྐུར་ན་ཁྲིམས་དང་འགལ་མིན་དྲིས།

  ཁོས་“མི་སྒེར་འདྲ་པར་བདག་དབང་སྐོར་གྱི་ཁྲིམས་དང་འགལ་མིན་ན། གཞན་ཁྲིམས་དང་འགལ་ལུགས་མེད”ཟེར་ལ་སླར་ཡང་“མི་ཆོས་ཀྱི་ལུགས་ནས་བཤད་ན་རྐུན་མའི་བརྙན་དྲ་ཐོག་ཏུ་བཞག་པར་ཉེས་པ་གང་ཡང་མེད”ཟེར།

  ངས་རྐུན་མའི་བརྙན་དེ་འདར་སྒྲ་སོགས་app་ནས་བསུབས་རྗེས་སྐད་འཕྲིན་ནང་སྤེལ་བ་དེ་རང་སར་བཞག་པ་ཡིན།

  དེ་རྗེས་སུ་ཉེན་རྟོག་པའི་ཁ་པར་ལན་མང་ཡོང་ནས་བརྙན་བསུབས་ཡོད་མེད་ཀྱི་སྐད་ཆ་དྲིས་བྱུང་།

  ངས་བརྙན་དེ་སྐད་འཕྲིན་གྱི་གྲོགས་ཚོམས་དང་ཚོགས་པ། ལས་ཁུངས་དང་ཤང་། གྲོང་ཚོ་ཁག་ན་ཡོད་པའི་ངོ་ཤེས་གྲོགས་པོ་རྣམས་ལ་བསྐུར་ཡོད་པས་ཁོ་ཚོས་ལན་སྤྲད་པ་དག་ནི་བདག་ལ་སེམས་གསོའི་སྐད་ཆ་བཤད་པ་ལས་རྐུན་མ་དེ་ངོ་ཤེས་རབས་ཀྱི་སྐད་ཆ་གང་ཡང་མི་འདུག

  “མི་དེ་གང་ཞིག་ནས་རིག་མྱོང་བ་འདྲ”དྲ་གྲོགས་དགེ་རྒན་ཞིག་གིས་བཤད།

  “རེད། རིག་མྱོང་མྱོང་འདྲ་པོ་ཞིག་འདུག”དྲ་གྲོགས་གཞན་ཞིག་གིས་བཤད།

  “ཁོ་མ་ཎི་འདོན་གྱིན་འགྲོ་བཞིན་འདུག”ངས་བཤད།

  “མ་ཎི་ཕལ་ཆེར་ཁྱོད་ལ་བཏོན་ནི་ཡིན་རྒྱུ་རེད”དྲ་གྲོགས་དགེ་རྒན་དེས་བཤད།

  ་་་་་་་་

  “མི་དེ་རྩིས་བཅད་ཐུབ་ན་བྱ་དགའ་ག་ཚོད་ཡོད”དྲ་གྲོགས་ཤིག་རེད།

  ངས་ཅ་ལག་རྐུ་ལ་ཤོར་བའི་དོན་རྐྱེན་དེས་དུས་ཚོད་མི་འགྲོ་བའི་དྲ་གྲོགས་ཚོས་དུས་ཚོད་བསྐྱལ་བྱེད་དུ་གྱུར་ནས་རྩེད་མཚར་བགད་ནས་གྲོད་པ་ན་དགོས་པ་མང་པོ་བཤད་སོང་། རྐུན་མ་ངོ་མ་ངོ་ཤེས་མཁན་ནི་གཅིག་ཀྱང་མི་འདུག

  “མི་དེ་འདི་རེད་དམ”

  ཆུ་ཚོད་དྲུག་པ་ཡོལ་དུས་ཡང་ན་ངས་ཅ་ལག་རྐུ་ཤོར་ནས་ཆུ་ཚོད་བཞི་སོང་རྗེས། སྨན་ཁང་གི་ལས་བྱེད་པ་ཡིན་པའི་དྲ་གྲོགས་ཤིག་གི་སྐད་འཕྲིན་ནས་ང་ལ་པར་བསྐུར་བྱུང་། ངས་ལྟ་ཡག་གཅིག་བྱས་དུས་མི་དེ་ངའི་ཁུག་མ་རྐུ་མཁན་དེ་རང་རེད་འདུག

  ང་དེ་མུར་ལས་གྲོགས་རྣམས་ཀྱིས་སར་བརྒྱུགས་ཏེ་མི་དེ་གཉིས་མི་གཅིག་ཡིན་མིན་ལྟ་རུ་བཅུག

  “མི་གཅིག་པ་མ་རེད། པར་ནང་གི་མི་དེ་མི་རྒན་རེད། བརྙན་ནང་གི་མི་དེ་ལོ་ཆུང་ཞིག་རེད”ལས་གྲོགས་ཀ་པས་པར་དང་བརྙན་ལ་ཡང་ཡང་བལྟས་ནས་བཤད།

  “གོས་གཅིག་པ་རེད་ཀྱང་མི་གཉིས་པ་མ་རེད”ལས་རོགས་ཁ་པས་བཤད།

  “སོར་གདུབ་དང་ཕྲེང་བ། ལྷམ་གཅིག་པ་རེད”ལས་རོགས་ག་པས་བཤད།

  “ཁ་ངོ་འདྲ་པོ་མི་འདུག གཞན་པ་གཅིག་པ་རེད”ལས་རོགས་ང་པས་བཤད།

  “གང་ལྟར་ཡོད་ཚད་ཅུང་འདྲ་པོ་འདུག”ལས་རོགས་ཅ་པས་བཤད།

  “གཅིག་པ་གཅིག་ཀྱང་རེད། ལྟོས་དང་ཁོའི་མཆུ་ཏོ་དང་མིག་སྤུ”ལས་རོགས་ཆ་པས་བཤད།

  ཡར་བཤད་མར་བཤད་ལུང་པ་གང་བྱས་རྗེས་མཐར་མི་དེ་གཉིས་མི་གཅིག་ཡིན་པ་ཐག་ཆོད་སོང་བས་ང་ཚོས་ཉེན་རྟོག་པ་དང་འབྲེལ་བ་བྱས།

  ཉེན་རྟོག་པ་སྨན་ཁང་དུ་སླེབས་དུས་མི་དེ་ཁབ་བརྒྱབ་རྗེས་ཕྱིན་ཚར་འདུག ཆུ་ཚོད་གཅིག་གི་རྗེས་ལ་སླར་ཡང་ཁབ་བརྒྱབ་དགོས་པས་སྨན་ཁང་དུ་ཡོང་དགོས་པ་རེད་ཅེས་གསལ་བཤད་བྱས།

  ཆུ་ཚོད་གཅིག་གི་རྗེས་ལ་“མི་དེ་སྨན་ཁང་དུ་སླེབས་བྱུང”ཞེས་བརྡ་བརྒྱབ་བྱུང་ལ་ཅང་མ་འགོར་བར་“ཅ་ལག་རྐུ་མཁན་མི་དེ་རང་རེད་འདུག ཅ་ལག་ལེན་ཤོག”ཟེར།

  ཁ་ལོ་པ་དང་འགོ་པ་གཉིས་རྫོང་ཁར་བསྡད་ཡོད་པས་ཁོ་གཉིས་ཅ་ལག་ལེན་དུ་སོང་།

  མཚན་མོའི་ཆུ་ཚོད་བརྒྱད་པར་ལས་ཁུངས་ཀྱི་ཁ་ལོ་བ་ལས་ཁུངས་སུ་སླེབས་བྱུང་ལ་ཅ་ལག་ཡང་ཁུར་འདུག

  ཁུག་མའི་ནང་ཅ་ལག་གཅིག་ཀྱང་མ་ལུས་ཚང་འདུག་པ་མ་ཟད། ཁུག་མ་དེ་ནི་ཟླ་ཤས་སྔོན་དུ་ང་རང་རྫོང་ཁར་གསོ་སྦྱོང་འཛིན་གྲྭར་བཞུགས་དུས་བགོས་ཡོང་བ་རེད། ཁུག་མ་བགོ་དུས་གསོ་སྦྱོང་འཛིན་གྲྭའི་སློབ་མ་རྣམས་ལ་ཟ་མ་བཟའ་བྱེད་ཡིན་ཟེར་ནས་མི་རེར་སྒོར་ཉིས་བརྒྱ་སུམ་བརྒྱ་རེར་བགོས་བྱུང་། ངས་སྒོར་མོ་དེ་དག་ཁུག་མ་རྒྱབ་ཕྱོགས་སུ་ཧ་ཅང་མཐོང་དཀའ་བའི་ཟུར་ཞིག་འདུག་པས་དེའི་ནང་བཅུག་པ་ཡིན། སྒོར་མོ་དེ་རྐུན་མ་དང་ཉེན་རྟོག་པ། ཁ་ལོ་པ་སུས་ཀྱང་མཐོང་མི་འདུག ངས་ཁུག་མ་དེ་བོར་དུས་ཀྱང་སྒོར་མོ་དེ་དག་ཡིད་ལ་མ་ཤར། དེ་རིང་བོར་བ་རྙེད་པའི་ཁུག་མའི་ནང་རང་ས་གནས་འདུག

  ངས་སྐད་འཕྲིན་གྱི་གྲོགས་ཚོམས་ནས་བོར་དངོས་རྙེད་སོང་ཟེར་ནས་བཀའ་དྲིན་ཞུ་བ་ཡིན།

  འོག་ཏུ་མི་མང་པོས་སྐད་ཆ་བཞག་སོང་། དེའི་ནང་རྒན་གཡག་ལག་གིས་“སྒྲུང་རིང་གི་མ་ཟིན་བོར་སོང་བ་མ་རེད་དམ”ཟེར།

  “བརྩམས་སྒྲུང་ཞིག་ལ་མགོ་སྐར་གཅིག་འཁོར་ཤོར་བ་དང་ཅ་ལག་རྐུ་ལ་ཤོར་སོང་”ངས་དྲང་པོར་བཤད་པ་མ་ཟད། རེ་རྐང་གླིང་གིས་སྐད་འཕྲིན་དུ་སྤེལ་བའི་བརྩམས་སྒྲུང་དུམ་པོ་དག་ཀྱང་ཁོ་ལ་བསྐུར།

  ཁོས་“ཁྱོད་རང་སྙན་ངག་པ་ཞིག་རེད་འདུག རྐུ་ཤོར་བ་ལ་ཁུར་ནོར་ཤོར་བ་འདྲ་ཟེར་འདུག”ཟེར།

  ངས་ང་རང་སྙན་ངག་པ་ཡིན་པའི་སྒྲུབ་བྱེད་དུ་དེ་རིང་བྲིས་པའི་སྙན་ངག་《གལ་སྲིད》ཟེར་བ་དེ་ཁོ་ལ་བསྐུར།

  “ཡག་སྣང་ཤར་མ་སོང་”ཁོས་བཤད།

  བདེན་ཏེ། ངས་ཀྱང་རང་ཉིད་ཀྱིས་བྲིས་པ་དེ་ཡག་སྣང་ཤར་དགོས་པ་ཞིག་མ་རེད་བསམས་སོང་།

  མཐར་“ངའི་ཅ་ལག་འདི་ཚུར་མ་རྙེད་ན་རེ་རྐང་གླིང་དང་སྐྱབས་ཆེན་གཉིས་ཀྱིས་འགན་ཁུར་དགོས”ཚུལ་བཤད་པ་ཡིན།

  ཁོས་“དེ་བདེན་གི”ཟེར།

  ཀློག་པ་པོ་ལགས། ད་ལྟ་ནི་མཚན་མོའི་ཆུ་ཚོད་བཅུ་གཉིས་རེད། ངའི་ཅ་ལག་རྙེད་དེ་ཆུ་ཚོད་བཞི་ཕྱིན་སོང་། ད་ནི་བརྩམས་སྒྲུང་འདི་འབྲི་མཚམས་འདི་ཙམ་བཞག་པ་བྱ། ང་རང་ཕྱི་རོལ་དུ་གཅིན་པ་ཞིག་གཏོང་བར་འགྲོ་དགོས། ཨ་ཆུ་ཆུ། ཕྱི་རོལ་དུ་ཁ་བ་ཆེན་པོ་ཞིག་བབས་འདུག དེ་རིང་ངས་ཅ་ལག་བོར་བས་ཧ་ཅང་ངལ་ཡང་ཡིག་འབྲུ་སྟོང་བཞི་ལ་ཟིན་པའི་བརྩམས་སྒྲུང་འདི་བྲིས་པ་ཡིན། ཀློག་པ་པོ་ལགས། ཁྱེད་ཀྱིས་ངས་ཅིའི་ཕྱིར་བརྩམས་སྒྲུང་འདི་བྲིས་པ་ཤེས་སོང་ངམ། ཡང་ན་དགེ་རྒན་ཚོས་བཤད་པ་དགའ་བའི་བརྩམས་སྒྲུང་འདིའི་ནང་དོན་གཙོ་བོ་གང་ཡིན་པ་ཤེས་སོང་ངམ། ངས་ཁྱོད་ཚོ་ཨ་ལ་གཏད་འདོད་མེད་པས་བརྩམས་སྒྲུང་འདིའི་ནང་དོན་གཙོ་བོ་ནི“ད་ལྟ་ལོ་སར་ཤར་ལ་ཉེ་བས་རྐུན་མ་ཧ་ཅང་མང་པོ་འདུག ཁྱེད་ཚོས་རང་རང་གི་ཅ་ལག་ལ་བདག་པོ་ཡག་པོར་རྒྱག་རོགས”ཟེར་བ་དེའོ།།

  ཨ་ཆུ་ཆུ། གཅིན་པ་ཁ་བའི་ནང་བཏང་ཟིན།

  ད་གཉིད་སྐྱིད།

                                                                  ༢༠༡༩ལོའི་༡༢པའི་ཚེས་པ་༦མཚན་མོར།
 
  རྩོམ་སྒྲིག་པ། དབང་མོ།
                  
                          (མཆོད་མེའི་དཔར་དབང་གཞན་གྱིས་དགོལ་མི་རུང་)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀླད་ཀོར་གྱི་བརྩམས་སྒྲུང་གསར་པ། 《རྨི་ལམ་ནང་གི་མཁའ་འགྲོ་མ》

2019-12-29 ཀླད་ཀོར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།