འཁྲུལ་བའི་རི་མོ།

བཙན་མི།(དཀར་མཛེས) 琼迈文学网 2026-02-07

  ཕྱོགས་བཞིའི་རི་བོ་དམའ་ཞིང་སྔོན་མོ་སྤང་གི་ཁ་ཞེང་མུ་མེད་པའི་གནས་སུ་བརྐྱངས། སྤྲིན་དཀར་ནམ་མཁའི་དབྱིངས་ན་དལ་གྱིས་བཞུད་ཅིང་ཉི་ཟེར་དྲོན་པོ་དྲོན་པོ་ཞིག་འཆར་འདུག སྣུམ་ཚོན་རི་མོ་ཞིག་དང་འདྲ་བའི་སྤང་ཐང་དེའི་དཀྱིལ་དུ་ནག་ཐིགས་ཆུང་ཆུང་ཞིག་འདུག་ལ། ལན་རེར་ནག་ཐིགས་དེའི་སྟེང་ནས་དར་གྱི་ཀ་བ་དང་མཚུངས་བའི་དུད་པ་ཞིག་སྤྲིན་དཀར་དང་འདྲེས་འགྲོ། ནག་ཐིགས་དེ་ནི་སྤང་ཐང་འདིའི་དཀྱིལ་སྙིང་མཚོན་བྱེད་ཀྱི་བརྡ་རྟགས་དང་མཚུངས།ཁོས་མཐའ་ཡས་པའི་སྤང་ཐང་གོམ་པས་གཞལ་ཏེ་རིམ་གྱིས་ཉེ་སར་བསླེབས་པ་ན། དེ་ནི་སྦྲ་གུར་ཞིག་ཡིན་པ་གཞི་ནས་ཤེས། ལྷིང་འཇགས་ཀྱི་གནས་དེ་ན་ལྷིང་འཇགས་ཀྱིས་ཕུབ་པའི་སྦྲ་སྒོ་རུ་འབྲོག་ཁྱི་ལ་བོ་ཞིག་ཁུ་སིམ་མེར་ཉལ་འདུགཁོ་རང་ཞེད་སྣང་དང་བཅས་གོམ་མཚམས་མི་འཇོག་ཀ་མེད་དུ་གྱུར།སྦྲ ་ཡི་ཕུག་དར་ལ་གཡོ་བ་མེད་པར་བསམ་ན་གནས་འདིར་རླུང་བུ་ཡངས་མོ་ཞིག་ཀྱང་གཡུག་གིན་མི་འདུག ཁོ་རང་སྐར་མ་འགར་གནས་འདི་ནས་བསྡད་མོད། ལ་བོས་ཁོ་རང་མཐོང་གིན་མི་འདུག་ལ་སྦྲ་ནང་དུ་ཡང་གྲག་འགུལ་ཅི་ཡང་མི་འདུག སྦྲ་ནག་དང་ཁ་ཐག་ཅུང་ཙམ་ཡོད་པའི་གནས་ན་ནོར་ནག་དང་གཡང་དཀར། རྟ་ཕོ་སོགས་ཀྱིས་རྩྭ་ཆུ་ལ་རོལ་བཞིན་འདུག་མོད།ངུར་སྒྲ་དང་འབའ་སྒྲ། མཚེར་སྐད་སོགས་གང་ཡང་ཐོས་རྒྱུ་མི་འདུག ཐམས་ཅད་འཇམ་ཅག་གེར། ལྷོད་ཤིག་གེར་འདུགཁོ་རང་གོམ་པ་འགས་སྦྲ་ནག་དེའི་ཉེ་སར་བཅར་བ་ན། གནས་འདི་ནས་གཏན་དུ་མི་བསྡད་མ་མྱོང་བའམ།ཡང་ན་ཁྱིམ་ཚང་འདིའི་མི་རྣམས་ག་ཤེད་དུ་སོང་སྟེ་ཁྱིམ་སྟོང་དུ་ལུས་པའི་སྣང་བ་སྟོང་སང་ངེ་བ་ཞིག་སྟེར་ཡོང་།ཁོས་ཡང་བསྐྱར་གོམ་པ་འགའ་སྦྲ་ནག་གི་ཕྱོགས་སུ་སྤོ་བཞིན་སྒོ་ཁའི་ལ་བོར་ཐེངས་གཅིག་བལྟས། དེ་ནི་རྨི་ལམ་ཟེར་བའི་ཞིང་ཁམས་དེའི་བསླུ་བྲིད་ཀྱི་དབང་དུ་ཚུད་དེ་བཟི་བར་གྱུར་བ་བཞིན་གང་ལ་ཡང་ཁ་ཡ་བྱེད་ཀྱིན་མི་འདུགཡང་ན་ཡུན་རིང་གནས་འདི་སྟོང་བར་ལུས་པས་ཁོས་གང་ལ་ཡང་སྣང་དོག་བྱེད་བཞིན་མེད་པ་འདྲ། དེ་བས་ཁོ་རང་རིམ་བཞིན་སྦྲ་ནག་གི་ཕྱོགས་སུ་སོང་།ཁོའི་སྣང་བ་ཞིག་ལ་རང་ཉིད་རྐུན་མ་ཞིག་དང་མཚུངས།དོན་དམ་དུ་ཁོའི་སེམས་ན་རྐུ་ཞེས་པའི་ཡིག་འབྲུ་འདི་མི་འདུག

  “མྱི་ཨེ་ཡོད།”

  ཁོས་གོམ་མཚམས་བཞག་སྟེ་བོས།སྦྲ་ནང་དུ་གྲག་འགུལ་ཅི་ཡང་མི་འདུགཁོས་ཡུད་ཙམ་ལ་སྒུག་ནས་བསྡད།ལྷིང་འཇགས་ཀྱི་གནས་འདི་ནས་ཁོའི་འབོད་སྐད་ཀྱིས་ལྷིང་འཇགས་མ་ཡིན་པའི་སྐད་སྒྲ་ཞིག་འབྱིན་ཐབས་མ་བྱུང་།ཁྱིམ་སྟོང་ཡིན་ནམ།ཁོའི་སེམས་སུ་དེ་ལྟར་འཁོར་བཞིན་སླར་ཡང་སྦྲ་ནག་གི་ཕྱོགས་སུ་བཅར།ཁོས་སླར་ཡང་ལ་བོའི་ཕྱོགས་སུ་ཐེངས་གཅིག་བལྟས་མོད།ལ་བོ་སྔར་བཞིན་གཉིད་དུ་ཡུར་འདུག

  “མྱི་ཨེ་ཡོད།”

  ཁོས་ཡང་བསྐྱར་གོམ་མཚམས་བཞག་སྟེ་ཐེངས་གཅིག་བོས།གང་ལ་ཡང་གྲག་འགུལ་མི་འདུག

  ད་ལྟ་ཁོ་རང་མདུན་ལ་འགྲོ་མ་ཕོད།ཁོ་རང་ཆུང་ངུའི་དུས་ཞིང་དུ་གཤེགས་པའི་ཨ་མྱེ་ལགས་ཀྱིས་འདི་འདྲ་ཞིག་གསུང་མྱོང་།“འཇིག་རྟེན་འདི་ནི་དཀར་ནག་གཉིས་ཀྱིས་གྲུབ་ཡོད་པ་རེད།དཀར་པོ་དགེ་བའི་མཚོན་དོན་དང་ནག་པོ་སྡིག་པའི་མཚོན་རྟགས་རེད།རྗེས་སོར་ཁྱོད་རང་ལག་ཆགས་དུས་འདི་གཉིས་ལ་དོ་སྣང་བྱ་དགོས།ནག་པོའི་ལས་རྩོམ་མཁན་ཚོའི་རྗེས་སུ་སྡིག་པ་དང་མི་དགེ་བ།རྐུ་འཕྲོག་བཅོམ་གསུམ་སོགས་ཡོད་ལ།དཀར་བོའི་ལས་ལ་འཇུག་མཁན་ཚོའི་རྗེས་སུ་དགེ་བ་དང་བཟང་སྤྱོད།ཡ་རབས་སོགས་ཡོད་པ་རེད།”ཨ་མྱེ་ལགས་ཀྱིས་ཁོ་ལ་སྐད་ཆ་འདི་དག་བཤད་སྐབས་ཁོང་ཉིད་དགུང་གྲངས་རེ་ལྔ་རེད།ཁོང་གིས་རྟག་པར་“དུས་ངན་སྙིགས་མའི་མཐའ་ལ་ཐུག་པའི་ཚེ།།ནང་རེ་དགུང་རེ་བོད་ཀྱི་དོན་ལ་བྱོན།།འགྲོ་དོན་རྒྱུན་ཆད་མེད་པའི་ཐུགས་རྗེ་ཅན།།ཨོ་རྒྱན་པདྨ་འབྱུང་གནས་ལ་གསོལ་བ་འདེབས།།བསམ་པ་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས།།”ཞེས་བསམ་ལྷུན་འདོན་ཞིང་།འདོན་པའི་ཚེ་ན་དང་བའི་ཉམས་ཀྱིས་མིག་གཉིས་བཙུམ་འགྲོ་ཞིང་ལག་པ་གཉིས་ཀྱིས་ཐལ་མོ་སྦྱོར་བར་བྱེད།

  ཁོས་ཨ་མྱེ་ལགས་ཀྱི་གསུང་རྣམས་ཡིད་ལ་འཁོར་རྗེས་གནས་འདིར་ནག་པོའི་ལས་རྩོམ་མཁན་ཚོ་བསླེབས་བཞག་པ་རེད་དམ་སྙམ་ལ།ཡང་ན་རང་ཉིད་ཁ་རོག་གེར་སྦྲ་སྟོང་བ་འདིར་འཛུལ་ན་ནག་པོའི་ལས་རྩོམ་མཁན་དུ་གྱུར་སོང་བ་མིན་ནམ་སྙམ།འོན་ཀྱང་ཕྱིའི་སྣང་ཚུལ་ལ་དཔགས་ན་གནས་འདི་ནི་ལྷིང་ཞིང་འཇགས་པའི་ཁོར་ཡུག་ཡིད་དུ་འོང་བ་ཞིག་ཡིན་པས།འདིར་དཀར་བོའི་ལས་སྒྲུབ་མཁན་ཁོ་ན་ལས་སྡོད་མ་མྱོང་བ་དང་མཚུངས།

  ད་ལྟ་ཁོ་རང་སྔར་བཞིན་སྦྲ་ནག་གི་ཕྱོགས་སུ་བཅར་རྒྱུའི་སྤོབས་པ་མི་འདུགཁོས་ཨ་མྱེའི་སྐད་ཆ་དེ་གཞིར་བཞག་ནས་བསམ་བློ་བཏང་།ངོ་མ་གནས་འདིར་ནག་པོའི་ལས་རྩོམ་མཁན་ཚོ་བསླེབས་བཞག་པ་ཡིན་ན།ཁྱིམ་གྱི་མི་རྣམས་དམར་བོ་ཁྲག་གི་ནང་དུ་བསྙལ་ཡོད་ངེས་ལ།ཁོ་ཚོའི་དབུགས་ཀྱི་རྒྱུ་བ་སྔ་མོ་ནས་ཆད་ཡོད་སྲིད།དེ་རྗེས་ནག་པོའི་ལས་རྩོམ་མཁན་ཚོས་ཀྱང་སོ་སོར་དགོས་པའི་དངོས་པོ་རྣམས་ཁྱེར་ཏེ་བྲོས་ཡོད་སྲིད།གཅིག་བྱས་ན་ཁོ་ཚོའི་བདག་པོ་གཞན་རྣམས་ཐོན་ལར་ཡོད་སྲིད།སྐབས་འདི་འདྲར་ཁོ་རང་སྦྲ་ནང་དུ་ཡོད་ན་ཁོ་ཚོས་ནག་ཉེས་ཡོད་ཚད་ཁོའི་མགོར་འདེད་ངེས།དེ་ལྟར་འདང་རྒྱབ་ཀྱིན་རྒྱབ་ཀྱིན་ཁོ་རང་གོམ་པ་འགའི་ཕྱིར་ནུད་དགོས་བྱུང་།

  དུས་ཚོད་ཀྱིས་དབུགས་ཐུང་ལེན་བྱེད་བཞིན་མི་རྟག་པའི་ཆོས་ཉིད་ཐམས་ཅད་ལ་འགྱུར་བ་གཏོང་བཞིན་མཆིས་མོད།གནས་འདིར་འགྱུར་བ་གང་ཡང་མི་འདུག་པ་འདྲ།སྔོ་བསངས་ནམ་མཁའི་དཀྱིལ་གྱི་སྤྲིན་དཀར་དེ་དག་ཀྱང་དལ་ཅག་གེར་སྡོད།སྒོ་ཕྱུག་དཀར་ནག་གིས་རི་ལུང་ཕྲ་ལྟར་རྒྱན་ཡང་།གནས་འདིའི་སྣོད་བཅུད་ནི་སུས་ཀྱང་སྒུལ་མི་ཚུགས་པའི་རྟག་བརྟན་གྱི་ཞིང་ཁམས་ཤིག་དང་མཚུངས།

  ཁོ་རང་སྦྲ་མཐའ་ནས་ལངས་ཏེ་འདང་མང་དུ་རྒྱབ།དོན་དམ་དུ་སྦྲ་འདིའི་ནང་དུ་ཅི་ཞིག་ཡོད་དམ།སྤྱིར་གཞོན་ཤ་རྫོགས་པའི་བུ་མོ་རྣམས་ཀྱིས་སྐུད་པ་འཁེལ་བ་དང་རྩམ་པ་འཐག་པ།དཀྲུག་ཟོའི་ནང་དུ་འབྲི་མོའི་འོ་མ་བླུགས་ཏེ་དཀྲུག་པ།འོ་མ་དཀྲུགས་ཟིན་ཞིང་བ་མར་བླུགས་རྗེས་མར་ལེན་པ།སྒྱེད་པུའི་ནང་དུ་བོང་བ་བཞག་སྟེ་མེ་འབུད་པ།ཐབ་ཀའི་ཟང་དེམ་ནང་དུ་འོ་ཇ་ལྷོག་ལྷོག་ཏུ་གདུ་བ་དང་།ཟངས་དཀར་འོ་མའི་ལྟེམ་ནས་ཐབ་ཀར་སྐྱོན་པ།མདོར་ན་ཁོ་མོ་ཚོ་ཁྱིམ་ལས་སྣ་ཚོགས་ཀྱི་བར་ན་བྲེལ་བྲེལ་འཚུབ་འཚུབ་བྱེད་ཀྱིན་ཡོད་སྲིད།སྐྱེས་པ་ཚོས་པགས་པ་མཉེད་པ་དང་།ཚེམ་བཟོ་བྱེད་པ།མཆོད་པ་བཤམས་པ་སོགས་རང་རང་གི་ལས་སུ་བྱ་བ་གང་དེ་ལས་ལ།ལོ་ལོན་ཚོས་འཁོར་ལོ་སྐོར་གྱིན་མ་ཎི་བགྲངས་ཏེ་སྦྲ་ནག་གི་སྒོ་བར་ནས་མཐོང་བའི་ཐག་རིང་གི་གནས་ག་གེ་མོར་རྒྱང་ལྟ་བྱེད་ཀྱིན་ཡོད་སྲིད།ཡིན་ན་ཡང་།གང་ལ་ཡང་གྲག་འགུལ་མེད་པའི་སྦྲ་འདིའི་ནང་ལོགས་དེ་འདྲ་ཞིག་ཡིན་ནམ།ཐམས་ཅད་གཉིད་དུ་ཡུར་བ་བཞིན་འཇམ་ཅག་གེར་གྱུར་དོན་ཅི།ཁོས་དེ་ལྟར་འདང་རྒྱབ་ཀྱང་ཐག་ཆོད་ཀྱི་དྲིས་ལན་གཅིག་ཀྱང་མ་རྙེད་པས།སེམས་ཀྱི་རེ་དོག་གང་ཞིག་གིས་མདུན་ནས་མདུན་དུ་དེད་དེ་སླར་ཡང་སྔོན་ལ་གོམ་པ་འགའ་སྤོས།ཁོ་རང་སྦྲ་དང་ཁ་ཐག་ཇེ་ཉེར་གྱུར་བཞིན་ནང་སེམས་ནས་འགྲོ་མི་རུང་བའི་སེམས་ཁམས་ཤིག་གིས་ཕྱིར་ཕྱིར་འཐེན་ཏེ་སྤོབས་པའི་མགོ་བོ་དམའ་ནས་དམའ་རུ་གྱུར།མདུན་ལ་སྤོས་པའི་གོམ་ཁ་སྔར་བཞིན་ལྷོད་ཅིང་དྲང་སེར་བསྡད།

  སྔར་བཞིན་སྦྲ་ནང་ནས་མིའི་སྐད་ཆ་མི་གོ་ལ།སྦྲ་ཕྱི་ནས་ཕྱུགས་ཀྱི་ངུར་དབྱངས་ཀྱང་མི་ཐོས།སྒོ་ཁའི་ལ་བོ་དེས་ཀྱང་རྨི་ལམ་སྐྱིད་པོ་ཞིག་བློས་གཏོང་མི་ཐུབ་པ་ལྟར་གཡོ་འགུལ་ཕྲ་མོ་ཙམ་ཡང་མི་བྱེད།དེ་ལྟར་ཡུན་རིང་ལུས་པས་ཁོའི་ཀླད་པའི་ནང་དུ་དྲི་རྟགས་སྟོང་བ་འགའ་ལས་ཅི་ཡང་མེད་པར་གྱུར།

  ཁོས་སླར་ཡང་ཨ་མྱེས་ཀྱི་སྐད་ཆ་ཞིག་ཡིད་ལ་འཁོར།ལོ་དེར་ཨ་མྱེས་དང་ཁོ་གཉིས་ཁོང་ཚང་གི་རྒྱབ་ཀྱི་དེའུ་འབུར་དེའི་མགོར་འགོས་ཡོད།དེའུ་འབུར་དེ་ནི་བལྟས་ཚོད་ཀྱིས་ཆེན་པོ་ཞིག་མེད་ཀྱང་།མགོར་བསླེབས་རྗེས་ཕྱོགས་བཞིའི་སྤང་ཐང་ལག་མཐིལ་དུ་བཀོད་པ་བཞིན་མཐོང་ཡོང་།ཨ་མྱེས་རྒྱུན་པར་དེའུ་འབུར་དེའི་མགོ་ནས་བསྡད་དེ་མིག་མདུན་གྱི་འབྲོག་སྡེར་དེར་ལྟ་རྒྱུར་གོམས་ཡོད།ཁོང་གིས་དུད་ཁ་རེ་རེའི་སྒོ་ཕྱུགས་ཀྱི་མང་ཉུང་དང་ཤ་ཤེད་སོགས་ཀྱང་ཕལ་ཆེར་ངེས་ཡོད།ལན་རེར་མ་ཎི་འདོན་མཚམས་བཞག་ཅིང་ཤུགས་རིང་ནར་ནར་རེ་བཏང་ཡོང་ལ།ཡང་ལན་རེར་སེམས་ཁུར་གང་ཞིག་རང་ཉིད་ལ་མནར་གཅོད་གཏོང་རོགས་སུ་འདོད་པ་ལྟར་བསྐོར་མཚམས་བཞག་པའི་འཁོར་ལོ་སླར་ཡང་བསྐོར།

  ལོ་དེར་ཡང་ཨ་མྱེས་ཀྱིས་ཐོག་མར་མ་ཎི་འདོན་མཚམས་བཞག་ནས་ཡུན་རིང་འབྲོག་སྡེ་དེར་ལྟ་ཞིང་།དེ་ནས་ཤུགས་རིང་ཞིག་དང་ལྷན་དུ་ཡང་བསྐྱར་མ་ཎི་འདོན་མགོ་བརྩམས།ཁོས་རྒྱུན་པར་ཨ་མྱེ་ཡི་སྣང་ཚུལ་འདི་མཐོང་མྱོང་མོད།ཁོང་ལ་དེའི་བསྐོར་ནས་དྲི་བ་ཚིག་གཅིག་ཀྱང་དྲི་མྱོང་མེད།འོན་ཀྱང་ཁོས་འདྲི་འདོད་པའི་བསམ་བློ་ཞིག་རྒྱུན་པར་མགྲིན་པའི་སྦུབས་སུ་ཉར་ཡོད་པས།ལོ་དེར་ཁོས་རང་ཉིད་ཀྱི་ལས་དོན་གང་ཞིག་བརྗེད་སོས་པ་ལྟར་ཨ་མྱེས་ཀྱི་གདོང་ལ་བལྟས་ཤིང་།

  “ཨ་མྱེ།ཁྱོས་ཡང་ཡང་ཤུགས་རིང་བསྣར་དོན་ཅི་བྱུང་སོང”ཞེས་དྲིས།

  ཨ་མྱེས་ཅུང་ཙམ་ཁ་རོག་གེར་འདུག་ལ།དེ་རྗེས་ཁོའི་ཕྱོགས་སུ་མགོ་བོ་འཁོར་ཏེ།

  “ཨ་མྱེས་གཅེས་ལོ།ནམ་ཞིག་ས་ཆ་འདི་གཞན་ཞིག་ཏུ་འགྱུར་རྒྱུ་རེད་”ཟེར།

  “ཅི་ག”ཁོས་ཨ་མྱེས་ཀྱི་སྐད་ཆའི་ཧ་མ་གོ་བར་གཏིང་འདྲི་བྱས།

  “གཅེས་ལོ།ཁྱོས་ཤེས་ནི་མ་རེད།”ཟེར།

  ཨ་མྱེས་ཀྱིས་དེ་ལྟར་བཤད་པས་ཁོས་དེ་ཡི་ནང་དོན་ལར་ནས་རྟོགས་མ་སོང་།

  ད་ལྟ་བསམ་ན།རྩྭ་ཐང་འདི་ཨ་མྱེས་གསུང་བའི་གཞན་ཞིག་ཏུ་འགྱུར་སོང་བ་ཡིན་ནམ།ཨ་མྱེ་སྐུ་བཞུགས་སྐབས་གནས་འདིའི་མིང་ལ་སྦ་ནག་ཁྲི་ཚོ་རང་འཁྱིལ་ཞེས་འབོད།

  དབྱར་མགོ་མའི་དུས་ལ་ཉེ་བ་ན་ཐང་འདིའི་གཡས་ཕྱོགས་སུ་ནོར་ནག་དང་གཡང་དཀར་དེད་པའི་འབྲོག་པའི་རུ་དུད་མང་པོ་གཅིག་རྗེས་གཉིས་མཐུད་ཀྱིས་གཤར་ཡོང་ཞིང་།རིམ་བཞིན་རང་རང་གི་འཚེར་སར་བབས་ཏེ་སྦལ་ནག་ཐང་ལ་བགྲད་པ་ལྟར་སྦྲ་གུར་ཕུབ་མགོ་བརྩམས་ཡོང་།སྦྲ་ནག་གི་ཁ་འཚུབ་ནས་དུ་བ་གཡུ་འབྲུག་སྔོན་མོ་དགུང་དུ་འཁྱིལ་བ་ན་གཡས་གཡོན་གྱི་རི་སྒང་དང་རྩྭ་ཐང་དུ་ཕྱུགས་རིགས་དཀར་ནག་ཁྲ་གསུམ་དལ་ཅག་གེར་བཀྲམ་འགྲོ།ཁོས་སྣང་ཚུལ་དེ་དག་ལ་ཕྱིར་འདང་རྒྱག་གིན་མིག་མདུན་གྱི་དུད་ཁྱིམ་དེའི་ཕྱོགས་སུ་ལག་པ་བསྲིང་།གོམ་པ་གཅིག་རྗེས་གཉིས་མཐུད་ཀྱིས་ལེན་བཞིན་མདུན་དུ་བཅར།ཅུང་ཙམ་གྱི་རྗེས་སུ་ཁོའི་མཛུབ་མོ་ཤིན་ཏུ་འཁྱག་པའི་དངོས་པོ་ཞིག་དང་འཕྲད་སོང་།བློ་བུར་ཅི་ཞིག་བྱུང་སོང་སྙམ་སྟེ་བསྐྱར་དུ་རེག་པ་ན།ཁོའི་མདུན་དུ་ཤེལ་གྱི་པར་ཁང་ཆེན་པོ་ཞིག་འདུག་ལ་དེའི་ནང་དུ་རྒྱ་ཆེ་བའི་སྣུམ་མཚོན་རི་མོ་ཞིག་བཤམས་འདུགརི་མོ་དེ་འབྲོག་པའི་འཚོ་བ་མཚོན་པའི་རི་མོ་ཞིག་རེད།ད་ལྟ་ཁོས་རང་ཉིད་ཡོངས་སུ་འཁྲུལ་བ་ངོས་ཟིན།ལོ་འགའི་སྔོན་ལ་སྲིད་གཞུང་གིས་གནས་འདིར་ལམ་ལས་པ་དང་།རི་སྒང་མཐོ་སར་བརྡ་རྟགས་བཙུགས་སོང་།དབྱར་ཁ་རྟག་པར་རྒྱ་མི་ཡུལ་སྐོར་བ་མང་པོ་ཚོ་ཚོ་བྱས་ནས་ཡོང་ལ།ཁོ་ཚོ་འགའ་ཤས་ཉིན་མང་བོར་འདུག་ན་ཡང་འགའ་ཤས་ཉིན་རེ་ཟུང་ལས་མི་འདུགརྒྱ་མི་དེ་ཚོའི་བྱ་སྤྱོད་ནི་གཅིག་པ་ཡིན་ཏེ།ཁོ་ཚོས་དང་པོར་རྩྭ་ཐང་དང་སྤྲིན་དཀར་པར་དུ་ལེན་ལ།དེ་རྗེས་ནོར་ནག་དང་སྦྲ་གུར་པར་དུ་ལེན།འབྲོག་པ་ཚོས་དེ་ལ་མཚར་སྣང་དང་བཅས་མི་འཐད་པའི་རྣམ་འགྱུར་གང་ཡང་མ་བསྟན་པས།ཁོ་ཚོ་སྦྲ་ནང་དུ་འཛུལ་ཞིང་ཅ་ག་ཡོད་ཚད་པར་དུ་ལེན་པར་མ་ཟད།འབྲོག་པའི་བྱིས་པ་ཚོའི་ཉེ་སར་བཅར་དེ་དེ་དག་གི་ཡ་ཁའི་སྣབས་དང་སྲུང་འཁོར།རལ་བ་སོགས་གང་འདོད་ལྟར་པར་དུ་ལེན་བཞིན་མཆིས།ལོ་རྟག་པར་ཡུལ་སྐོར་བ་ཇེ་མང་ཡིན་པས་སྲིད་གཞུང་གིས་ཁོ་ལ་ལས་ཀ་ཞིག་བཅོལ་སོང་།དེ་ནི་སྔོན་ཆད་ཁོ་དང་ཨ་མྱེ་གཉིས་ཀྱིས་རྒྱང་རིང་ལ་ལྟ་སའི་དེའུ་འབུར་དེའི་སྒང་དུ་བཤམས་སྟོན་ཁང་ཆེན་པོ་ཞིག་བཟོ་དགོས་པ་དང་།དེའི་ནང་དུ་འབྲོག་པའི་ཡོ་བྱད་དང་འཚོ་བ་རོལ་སྟངས་སོགས་འདྲ་བཟོ་བྱས་ཏེ་བཟོ་དགོས་པ་དེ་རེད།སློབ་གྲྭ་མཐར་ཕྱིན་པ་ནས་ཁོའི་ལག་ཏུ་འདི་ལས་ལྷག་པའི་ལས་ཀ་བཟང་བོ་ཞིག་རེག་མ་མྱོང་བས།ཁོས་དགའ་བཞིན་དང་དུ་བླངས་ཤིང་ལོ་གཉིས་ཀྱི་དུས་ཚོད་བེད་སྤྱད་དེ་ལེགས་པར་འགྲུབ་ཏུ་བཅུགརིམ་བཞིན་གནས་འདིར་འབྲོག་དུད་གཅིག་ཀྱང་མཐོང་རྒྱུ་མི་འདུག་པར་ལྕགས་ཁང་དང་རྡོ་ཁང་།ས་ཁང་སོགས་མང་དུ་བཟོས་ཤིང་དེ་དག་གི་ནང་དུ་མགྲོན་ཁང་དང་ཟ་ཁང་།ཚོང་ཁང་སོགས་ཀྱིས་གང་བར་གྱུར།ཁོ་རང་ཆུང་དུས་ནས་ད་ལྟའི་བར་དུ་གནས་འདི་ནི་མངོན་གསལ་དོད་པོས་ཆེས་ཆེ་བའི་འགྱུར་ལྡོག་གི་སྒྲོག་ཏུ་ཚུད།ཁོས་དེ་ལྟར་བསམ་བཞིན་མིག་མདུན་གྱི་ཐང་ཀའི་ངོས་ཀྱི་འབྲོག་སྡེ་དེར་ཡིད་ཚིམ་པ་ཞིག་བལྟས།རི་ལུང་གང་སར་རྟ་ནོར་ལུག་གསུམ་རྩྭ་ཆུར་རོལ་བཞིན་བག་ལྷོད་སེར་སྡོད་ལ།མཐོན་མཐིང་ཨ་སྔོན་དབྱིངས་ཀྱི་སྤྲིན་དཀར་དེ་དག་ཀྱང་དལ་ཅག་གེར་སྡོད།མགོ་སྦྲ་སྨུག་པོ་དེ་ཡི་ཁ་འཚུབ་ནས་དུ་བ་སྔོ་ལྗང་སེར་བར་སྣང་དུ་འཐེན་ལ།སྦྲའི་ལྟག་རྒྱབ་ཀྱི་ཕུག་དར་རླུང་བུ་ཕྲ་མོ་ཙམ་གྱིས་ཀྱང་སྒུལ་བཞིན་མི་འདུགསྒོ་ཁའི་ཁྱི་རྒན་དེ་ཡིས་ལུས་པོ་གུག་གུག་བྱས་ཏེ་རྨི་ལམ་གྱི་ཞིང་དུ་ཆས་འདུག“ཇི་འདྲའི་གསོན་ཉམས་ལྡན་པ་ལ”ཁོས་དེ་ལྟར་ཁ་ནས་ཤོར།རི་མོ་འདི་ནི་ཁོས་དངོས་སུ་ཇུས་འགོད་བྱས་པ་ལྟར་བྲིས་པ་ཞིག་ཡིན།དྲང་མོར་བཤད་ན་ཁོས་ཇུས་འགོད་བྱས་པ་ཡང་མིན་ཏེ།ཁོ་རང་ཆུང་དུས་ཨ་མྱེ་ལགས་དེའུ་འབུར་འདིའི་སྒང་ལ་བུད་དེ་ཁོ་ལ་དངོས་སུ་བཤད་པ་ཐམས་ཅད་ཁོས་ལྷ་བཟོ་ལ་བསྐྱར་བཤད་བྱས་པ་ཙམ་ཡིན་པས།དོན་དམ་པའི་རི་མོ་འདིའི་ཇུས་འགོད་པ་ནི་ཨ་མྱེ་མ་གཏོགས་འདེད་ས་གཞན་མི་འདུགཡང་བསམ་བློ་གཞན་ཞིག་བཏང་ན་རི་མོ་འདི་ནི་ཨ་མྱེས་ཇུས་འགོད་བྱས་པ་ཞིག་ཀྱང་མིན་ཏེ།སྤྱིར་གནས་འདིའི་རི་ཐང་ཐམས་ཅད་སྦྲ་གུར་དང་ཕྱུགས་ཀྱིས་གང་བ་ན་རང་བཞིན་གྱིས་སྣོད་བཅུད་གཉིས་ལྷུ་འགྲིག་པ་ལྟར་མཛེས་སྡུག་གི་རྣམ་པ་འདི་འདྲ་ཞིག་གྲུབ་ཡོང་།དེ་བས་རི་མོ་འདི་ནི་གཞན་ཞིག་གིས་བསམ་བཞིན་དུ་ཇུས་འགོད་བྱས་པ་ཞིག་མིན་པར་གནས་འདིའི་ཁྱད་འཕགས་ཀྱི་རང་བཞིན་དངོས་དེ་ལས་ཅི།ཁོས་དེ་ལྟར་བསམ་བློ་བཏང་རྗེས་སྔོན་ཆད་ཀྱི་ཨ་མྱེ་ལྟར་ཤུགས་རིང་ཞིག་སྣོར་གྱིན་བཤམས་སྟོན་ཁང་གི་སྒོ་ཁར་གཏད་ནས་བུད་སོང་།ཕྱི་རོལ་དུ་ཉི་འོད་དྲོན་པོ་ཞིག་འཆར་འདུགཉི་འོད་འོག་གི་ཁང་བ་རེའི་སྒེའུ་ཁུང་ནང་དུ་“ཟ་མ་ཟ་རུ་ཤོག”“འདི་ན་མགྲོན་ཁང་ཡོད”སོགས་འབོད་སྐད་སྣ་ཚོགས་ཀྱིས་གང་།ཡངས་བའི་ཐང་དཀྱིལ་དུ་པ་ཏྲའི་རི་མོས་རྒྱན་པའི་གུར་ཆུང་ཆུང་ལྔ་དྲུག་རེ་གོར་གོར་བྱས་ནས་ཕུབ་ཅིང་།དཀྱིལ་དུ་རླུང་རྟ་བཀྱགས་ཏེ་སྒར་ཆུང་ཆུང་རེ་བཟོས་ཡོད།ཡུལ་སྐོར་བ་ཚོ་གུར་དེ་དག་གི་དཀྱིལ་ན་བག་ལྷོད་པོར་སྡོད་པ་དང་གླུ་ལེན་པ།ཀི་འདེབས་པ།མདོར་ན་སོ་སོའི་འདོད་པ་ལྟར་རང་དབང་གི་འཚོ་བ་ཞིག་ལ་ལོངས་སུ་སྤྱོད་ཀྱིན་མཆིས།ཁོས་བཤམས་སྟོན་ཁང་གི་སྒོ་ནས་འདི་དག་ལ་ཡུན་རིང་བལྟས་པས་མཚམས་ཤིག་རླུང་བུ་བསིལ་མོ་ཞིག་གདོང་ལ་རྒྱབ་བྱུང་།ཁོས་གནམ་གཤིས་ཇེ་འཁྱག་ཏུ་གྱུར་སོང་སྙམ་ནས་བར་སྣང་དུ་བལྟས་པ་ན།ནམ་མཁའི་ཉི་མས་གང་ཞིག་མཐོང་མ་འདོད་པ་ལྟར་ཆར་གྱིས་ལྟམ་པའི་སྤྲིན་ནག་ཆེན་པོ་ཞིག་གི་ཕག་ལ་ག་ལེར་འཛུལ་བཞིན་པ་མཐོང་།

               2025.12.14ལ་བྲིས།

               2026.2.5བཅོས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

འཁྲུལ་བའི་རི་མོ།

2026-02-07 བཙན་མི།(དཀར་མཛེས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།