རྣམ་ཤེས་ཀྱི་སྐུད་སྣེ།

ནེའུ་ཆུང་།(ཁྲིན་ཏུ) 琼迈文学网 2026-10-14

  དབྱར་གཞུང་རིང་མོའི་ས་སྲོད་འདིར། ཡར་ཀླུང་འབྲོག་སྡེའི་ཁྱིམ་ཚང་སོ་སོས་སྒོ་ཕྱུགས་དག་ལྷས་སུ་བཅུགས་ཤིང་། བེའུ་དག་རྡང་ལ་བཏགས་རྗེས། རང་རང་གི་ཁྱིམ་དུ་ལྷིང་འཇགས་ངང་ཉིན་གཅིག་གི་ངལ་དུབ་སེལ་བཞིན་ཡོད།

  རྒྱུ་འབྱོར་ཡོན་གྱི་བདག་པོ་ཁྱོད།། ཁྱོད་ཕར་ལ་མ་འགྲོ་ཚུར་ལ་ཤོག། ཁྱོད་གཤིན་རྗེའི་ཡུལ་དུ་ཅི་ལ་འགྲོ།། གཤིན་རྗེའི་ཕ་ནི་འཇིགས་རེ་ཆེ།། གཤིན་རྗེའི་མ་ནི་སྐྱུགས་རེ་བྲོ།། གཤིན་རྗེའི་ཡུལ་ལ་མ་འགྲོ་ཞིག། ཁྱོད་གཤིན་ལམ་སྐྱ་བོར་ཅི་ལ་འགྲིམ།། གཤིན་ཆུ་རབ་མེད་ཅི་ལ་བརྒལ།། ཕར་ལ་མ་འགྲོ་ཚུར་ལ་ཤོག། དེ་ནི་ཡར་ཀླུང་གྱང་སྟོད་ཚང་ནས་མཆེད་པ་དང་། གྲྭ་བ་དག་གིས་བླ་འགུགས་འདོན་པའི་སྒྲ་རེད། གྱང་སྟོད་ཚང་གི་སྒོ་ཁྱིམ་ཀུན་ཏུ་འུར་ཟིང་གིས་ཁེངས་འདུགརེད་དེ། བཟའ་དཔོན་རྨ་ཆེན་གཅིག་པུ་ཕྱི་ནང་གི་འུར་ཟིང་ཁྲོད་ཧ་ཅང་ཁུ་སིམ་མེར་འདུག ཅུང་ཙམ་ནས་འབུད་རྡུང་གི་སྒྲ་འདྲ་མིན་སྣ་ཚོགས་ཀྱིས་མཆོད་ཁང་ཡོངས་སུ་ཁྱབ་པས། གྱང་སྟོད་རྨ་ཆེན་གྱི་སེམས་སུ་འཇིགས་སྣང་དང་རྣམ་རྟོག་ཆེན་པོ་ཞིག་ཀྱང་རང་དབང་མེད་པར་སྐྱེས། མཆོད་ཁང་གུ་དོག་ནའང་གནམ་གཅལ་ལས་མར་དཔྱངས་བའི་གློག་སྒྲོན་གྱིས་ཁང་པའི་ནང་ཧྲིལ་བོ་གསལ་ལེར་གཏོང་ཐུབ་མེད་པར་བལྟས་ན། ཕལ་ཆེར་ཤེལ་ཐོའི་སྟེང་དུ་ཆགས་པའི་རྡུལ་དྲེག་གིས་འོད་བསྒྲིབས་འདུག་པ་འདྲ། འོད་གཉོམ་པོ་དེས་རྒད་པོ་རྨ་ཆེན་གྱི་འགྲམ་ཡས་གཤགས་ནས་འགྲམ་གྱི་ཚ་མོ་ཚེ་བཟང་གི་དམར་པོར་གྱུར་བའི་ངོ་གདོང་ཆུང་ཆུང་དེའི་སྟེང་དུ་འཕྲོས་ཡོད། རྒད་པོ་རྨ་ཆེན་གྱི་ངོ་གདོང་ཡོངས་སྐྱོ་ཉམས་ཀྱིས་ཁེངས་ཤིང་།ལག་གི་ཕྲེང་བ་བགྲང་ཞོར་དུ་དབུགས་རིང་རེ་འཐེན་པར་བྱེད། ཁོ་ཕལ་ཆེར་སྒྲ་འདི་དག་ལ་སུན་སྣང་སྐྱེ་བཞིན་པ་འདྲ། ཡང་ན་མཆོད་ཁང་ལས་མཆེད་པའི་སྒྲ་འདི་དག་གི་གསེང་ན་རྒད་པོ་རྨ་ཆེན་གྱི་སེམས་ནད་ལྕི་མོ་ཞིག་བསྙལ་ཡོད། ཆོ་ག་སྤེལ་བའི་མགོ་མཇུག་བར་གསུམ་དུ་རྒད་པོ་རྨ་ཆེན་གྱིས་ཁ་གཅིག་ཀྱང་མ་གྲགས། ཁོས་ཁ་ནས་མ་ཎི་མ་བཏོན་ནའང་ལག་གི་ཕྲེང་བ་བགྲང་མཚམས་མ་ཆད།

  བར་མཚམས་ཞིག་ལ་ཁོས་གློ་བུར་དུ་དོན་དག་ཆེན་པོ་ཞིག་དྲན་པ་བཞིན་མིག་གཉིས་ཆེས་ཆེར་བགྲད་དེ་ཕྲེང་བ་བགྲང་མཚམས་བཞག མཆོད་ཁང་གི་ཡ་ཕུག་དུ་ཅེར་ནས་ཡུན་རིང་ལུས། ཁོས་ཉིན་འགའི་སྔོན་ལ་རྨི་ལམ་ངན་པ་ཞིག་རྨིས་པ་ཡིད་ལ་ཤར། རྨི་ལམ་དུ་ཁོ་རང་གཅིག་པུས་རྟ་རྒན་རྔོག་ར་ཞོན་ཏེ་གཡག་རྭ་ལུང་བའི་ཁ་བརྒྱུད་ནས། བོར་ཟོག་དག་བཙལ་ཏུ་འགྲོ་བཞིན་ཡོད། ཉི་འོད་ཀྱིས་ཁོ་དང་རྟ་རྒན་གཉིས་རུས་པའི་གསེང་ནས་ཐང་ཆད་པར་བྱས་ཤིང་། དམར་རྒན་ཉག་གའི་ཁར་བུད་དུས་རི་འདབས་ན་ལྷོད་གྱིས་བཞུར་བཞིན་ཡོད་པའི་དིང་རི་ཆུ་བོ་མཐོང་ལ། མི་རྟ་གཉིས་ཀྱི་ལུས་སེམས་ལ་སྟོབས་ཤུགས་ཆེན་པོ་ཞིག་བསྩལ་ཏེ་གོམ་འགྲོས་དིང་རི་ཆུ་བོར་གཏད་པར་བྱས།

  རྒད་པོ་རྨ་ཆེན་རྟ་རྒན་རྔོག་རའི་ཐོག་ཏུ་ལུས་པོ་གཞི་བཀུག་པ་ལྟར་མགོ་བོ་མདུན་དུ་བསྲིངས། མིག་མདངས་ནི་རྔོན་པས་རི་དྭགས་ལ་གཏད་པ་བཞིན་ཆེར་བགྲད་ཅིང་རྣོ་ངར་ལྡན་ལ། མིག་ཟུམ་ཙམ་ཡང་མི་བྱེད་པར་དིང་རི་ཆུ་བོར་གཟས། ཁ་ཤ་ལེབ་མོ་དེ་ཡང་ཞེ་སྡང་ཆེན་པོས་ངང་ལྷབ་ལྷབ་འདར། གཡོན་ལག་གིས་སྲབ་སྐྱོགས་དམ་པོར་བཟུང་ཞིང་ཡང་ཡང་རྟ་ཁ་གསིགས་འཐེན་བྱས་ནས་རྟ་རྒན་གྱི་གོམ་འགྲོས་ལ་སྐུལ་བ་དང་། གཡས་ལག་གིས་སྲབ་མདའ་ཐུང་ངུར་བསྡོགས་ཏེ་རྟ་རྒན་གྱི་གྲུག་ཞིང་ལེབ་མོར་བྲབ་ཅིང་། ཡོད་དགུ་རྩལ་སྤྲུགས་ཀྱིས་ཡོབ་རྡེབ་བྱེད་བཞིན་མི་རྟ་གཉིས་ཀྱིས་ས་གཞི་སྒུལ་བ་ལྟར་དམར་རྒན་གྱི་ལ་ངོ་ནས་དིང་རི་ཆུ་བོའི་ཕྱོགས་སུ་བརྒྱུགས། ཉི་ཚན་གྱི་འོག་ཏུ་སྒ་སྟན་གྱི་འོག་ནས་སྣ་ལ་གཙེས་པའི་རྔུལ་དྲི་ཞིག་གམ། རྒད་པོའི་སྐྱི་ལྤགས་ལས་འདོད་རྔམ་གྱི་གཞོབ་དྲི་ཞིག་ཀྱང་འཐུལ་ཡོང་།

  ཆུ་ཁར་སླེབས་མ་ཐག་རྔོག་ར་སྲབ་མདས་ཆུ་འགྲམ་གྱི་སྐྱེར་བོང་ཞིག་ཏུ་བཏགས། རྒད་པོ་རྨ་ཆེན་གྱིས་ཚ་བ་མ་བཟོད་པར། ཟི་ཚར་ཕྲུག་རིས་མ་དང་འཇུར་རྟ་ཡུ་རིང་དེ་ཆུ་འགྲམ་དུ་གཏོར་མ་འཕེན་འཕེན་བྱས་ཏེ་གཅེར་བུར་དིང་རི་ཆུ་བོའི་ཆུ་དཀྱིལ་དུ་མཆོངས། ཁོ་དེ་ལྟར་དིང་རི་ཆུ་བོར་བརྐྱལ་ཏེ་རེ་ཞིག་ལ་གཤེར་ཁུ་བསིལ་མོས་ལུས་ལ་སྦྱིན་པའི་བདེ་བ་ལ་རོལ་བར་བྱས། ཡར་སྔོན་གྱི་རྨི་ལྟས་དེ་དག་བརྙན་མིག་ལ་གསལ་བ་ལྟར་རེ་རེ་བཞིན་རྒད་པོའི་མིག་ལམ་དུ་ཤར་པ་ན། རྒད་པོའི་སྙིང་ནི་རྟ་ལ་ཡོབ་རྡེབ་བྱེད་པ་བཞིན་ཡུན་རིང་ལ་བག་ཕེབས་སུ་གནས་མ་ཐུབ།མཚམས་ལ་རེར་སྨིན་མ་སྤྲིན་ནག་བཞིན་ཡ་ཐོད་ཀྱི་ནམ་མཁའ་དོག་མོར་འཁྲུག་ཞིང་། མཚམས་ལན་རེར་མིག་གཉིས་ཤེད་ཀྱིས་བཙུམས་ནས་ཧ་ཅང་སྡུག་བསྔལ་ཆེན་པོས་སངས་རྒྱས་ལ་གསོལ་བ་འདེབས། ཡང་ལན་རེར་ཧ་ཅང་འུ་ཐུག་ངང་མཆོད་ཁང་གི་གྱང་ངོས་སུ་དཔྱངས་བའི་ཐང་ཀ་ལ་ཧད་འདུགའགྲམ་གྱི་ཚ་མོ་ཚེ་བཟང་གིས་ཨ་མྱེས་དེ་འདྲའི་རྣམ་འགྱུར་འདྲ་མིན་དང་དབུགས་རིང་ཐུང་མང་པོ་འཐེན་པའི་རྒྱུ་མཚན་མི་ཤེས་མོད། ཡིན་ནའང་། རྒད་པོ་རྨ་ཆེན་གྱི་སེམས་སུ་ཧ་ཅང་གསལ་སྟེ། ཉིན་འགའི་སྔོན་དུ་རྩིས་བྱས་པར་ཁོ་དང་ཚ་མོ་གཉིས་ལ་བླ་འགུགས་སོགས་བཅའ་བ་རེ་ཡོད་པར་གསལ། བླ་འགུགས་ནི་མིའི་ཚེ་སྲོག་གི་གཞི་བླ་འཁྱམས་པ་དང་ཚོར་ཉམས་ཡལ་བ་དང་། རྣམ་ཤེས་དང་ཚོར་བ་སོགས་གདོན་གྱིས་འཕྲོག་པ་ཚུར་བཀུག་ནས་རང་གནས་སུ་ཚེ་བླ་སྲོག་གསུམ་སྡུད་པའི་ཆོ་ག་ཞིག་ཡིན་ལ། བླ་ཤོར་བའི་རྟགས་ལ་རྨི་ལམ་དུ་རང་དང་གཞན་གཅེར་བུར་འབུད་པ་རྨི་བར་བཤད། རྒད་པོ་རྨ་ཆེན་གྱིས་རང་ཉིད་ཀྱི་རྨི་ལམ་དང་བཤད་རྒྱུན་གཉིས་གནད་ཐོག་དུ་ཁེལ་བ་བརྟགས་ནས། ད་ནི་བླ་ཤོར་བ་ཐག་ཆོད་རེད་སྙམ་སྟེ། མི་ལོ་མང་པོར་མཛུབ་སྣེ་ནས་བགྲང་བའི་ཙན་དན་གྱི་ཕྲེང་བ་དེ་ལག་མཐིལ་ཏུ་དལ་མོར་ཕུར་ཕུར་བྱས་ནས་རུམ་ཏུ་བཅུག དེ་དང་མཐུད་ནས་གྲི་ཡིས་གཤེགས་པའི་རྨ་རྗེས་རིང་མོ་ཡོད་པའི་ལག་པ་གཉིས་གའུ་ལྟར་ཁ་སྦྱར་ནས་སྙིང་ཁར་གཏད་དེ་འདས་མ་ད་གསུམ་གྱི་སྡིག་པ་ཐམས་ཅད་ལ་འགྱོད་བཤགས་བྱས།

  དུས་ཚོད་ག་ཙམ་སོང་ཟིན་པ་མ་ཚོར་ལ། རྒད་པོ་རྨ་ཆེན་གྱིས་མིག་ཕྱེ་མ་ཐག་མཆོད་ཁང་ནང་རང་ཉིད་མ་གཏོགས་མི་གཞན་གཅིག་ཀྱང་མི་འདུག་པ་ཚོར། སྒོ་ཕྱི་ནང་ཀུན་ཧ་ཅང་ལྷིང་འཇགས་ཡིན་ལ། བླ་འགུགས་འདོན་པའི་གྲྭ་བ་དག་ཀྱང་མི་སྣང་བར་གྱུར།མཆོད་ཁང་འགྲམ་གྱི་ཁང་པའི་ནང་ནས་ཚ་མོས་འགུལ་རིས་གློག་བརྙན་ལ་ལྟ་བཞིན་པའི་སྒྲ་ཡང་མཆེད་ཡོང་ལ། ལན་རེར་ཚ་མོས་ཧབ་ཆ་ཆེན་པོ་བྱེད་པའི་སྒྲ་ཡང་མཆེད་ཡོང་། བུ་འབྲུག་རྒྱལ་གྱིས་ཁ་པར་ནང་རྟ་རྒན་རྔོག་ར་སྡེ་བའི་ཤ་བསོད་ཚང་ལ་བཙོང་རྒྱུའི་ཚོང་བཤད་བྱེད་བཞིན་ཡོད་པའི་སྐད་ཀྱང་རྒད་པོ་རྨ་ཆེན་གྱི་རྣ་ལམ་དུ་གསལ་ལེར་མཆེད་འོང་། ཉིན་འགའི་སྔོན་ལ་བུ་འབྲུག་རྒྱལ་གྱིས་རྟ་རྒན་རྔོག་ར་བཙོང་རྒྱུའི་གནས་ཚུལ་རྒད་པོ་རྨ་ཆེན་ལ་བཤད་ཀྱང་། རྟ་རྒན་རྔོག་ར་ནི་རྒད་པོ་རྨ་ཆེན་དང་མི་ཚེ་ཕྱེད་ཅིག་ལ་འགྲོགས་པས།བུས་རྟ་རྒན་བཙོང་བར་རྒད་པོ་རྨ་ཆེན་གཏན་ནས་མ་འཐད་པ་དང་། གལ་ཏེ་རྟ་རྒན་རྔོག་ར་ཡིན་གཅིག་མིན་གཉིས་བཙོང་རྒྱུ་ཡིན་ན། ང་ཡང་ཕྱི་མར་འགྲོ་རྒྱུ་ཡིན་ཞེས་ཚིག་ནག་འཕངས། འོན་ཀྱང་དེ་རིང་ཡང་བུས་རྟ་རྒན་བཙོང་གྲབས་བྱེད་བཞིན་ཡོད་པ་ཐོས་རྗེས། རྒད་པོ་རྨ་ཆེན་གྱི་སེམས་སུ་མི་རྒས་ན་དབང་མེད་ཟེར་བ་ཅི་མ་བདེན་སྙམ་བཞིན། ཤུ་་་་་་་་ཞེས་ཁ་ནས་དབུགས་རིང་ཞིག་དབང་མེད་ཤོར།ཅུང་ཙམ་འགོར་རྗེས། ཁོ་ལ་མྱི་རྒན་གྱོད་པུ་འདྲ་བ་ཞིག་མཆོད་ཁང་ནང་ཁེར་བུར་ལུས་པར་འཇིགས་སྣང་ཞིག་རུས་པ་གཤགས་པ་ལྟར་ཁྲག་རྩ་བརྒྱུད་དེ་ལུས་ཡོངས་འཁྱག་སིབ་སིབ་བཏང་། ཁོ་མཆོད་ཁང་ནས་ཕྱིར་ཁྱིམ་དུ་ལོག་འདོད་ཀྱིས་ལག་པར་བརྟེན་ཏེ་ཡར་ལངས་གྲབས་བྱས་དུས། ལག་པ་དང་མཆོད་ཁང་གི་གོ་ལེབ་གཉིས་ངོ་བོ་དབྱེར་མེད་དུ་འདྲེས་སོང་། ཁོའི་སེམས་སུ་སྐྱིལ་ཀྲུང་དུ་སྡོད་ཡུན་རིང་བས་ཕལ་ཆེར་ལུས་པོ་སྤྲིད་པ་ཡིན་སྙམ། འོན་ཀྱང་ཡང་བསྐྱར་ཡར་ལངས་གྲབས་བྱེད་དུས།ཁོའི་ལུས་ཡོངས་རྫོགས་ཁུར་མོང་རླུང་གིས་ཁུར་བ་ལྟར་དལ་གྱིས་མཆོད་ཁང་གི་དབྱིངས་སུ་རྒྱུ་བཞིན་ཡོད་པ་ཚོར། ཅུང་མ་འགོར་བར་མཆོད་ཁང་གི་གློག་གཉོམ་པོ་དེ་སྲུ་མོ་ཡོང་ནས་ཐག་སེ་གཏན་སོང་ལ།གྱང་སྟོད་ཚང་ཡང་ཁུ་སིམ་མེར་གྱུར།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

རྣམ་ཤེས་ཀྱི་སྐུད་སྣེ།

2026-10-14 ནེའུ་ཆུང་།(ཁྲིན་ཏུ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།