ང་རང་ཡང་བུད་མེད་ཡིན།

                                                       རང་གི་རང་དོན་ཡུལ་གྱི་སྤྱི་དོན་དང༌།།
                                                       རྒྱལ་བོའི་རྒྱལ་སྲིད་སྤྲང་བོའི་འཚོ་ཐབས་སོགས།།
                                                       ཆེ་ཆུང་བྱ་བ་གང་དང་གང་བྱེད་ཀྱང༌།།
                                                       མེད་དུ་མི་རུང་བ་ནི་བུད་མེད་ཡིན།།
                                                                                       —དགེ་ཆོས།
སྲོལ་རྒྱུན་གྱི་ཉིང་བཅུད་དང་དེང་རབས་ཀྱི་དཔལ་ཡོན།
ལྷན་གཅིག་ཏུ་དཀྲུགས་པའི་འབྲི་མར་སེར་བོ།
དུས་རབས་ཀྱི་ཁྱད་ཆོས་དང་ཤེས་བྱའི་ཉིང་བཅུད།
ལྷུར་ལེན་གྱིས་བཏུང་བའི་གངས་ལྷ་མེ་ཏོག
མིའི་རིགས་ཚེ་སྲོག་གི་རྒྱུན་བཟང་ཁུར་དུ་ལེན་ཞིང༌།
ཤེས་རབ་ཀྱིས་ཕྱུག་པའི་བསམ་བློའི་འདབ་མ།
ཡངས་པར་གྲོལ་བའི་དཔག་བསམ་ལྗོན་ཤིང༌།
དུས་རབས་གསར་བ་བློ་གྲོས་ཀྱིས་བསུ་ཞིང༌།
སྲོལ་རྒྱུན་བཟང་བོ་རང་གཤིས་སུ་ཐིམ་པའི་མཛེས་པའི་སྲིན་མོ།

བླ་སྲོག་གི་གསེང་ལ་སྣུམ་ལྟར་ཞག་པའི།
མཛེས་ཕུལ་ཆེན་པོ་ཞིག་གི་ལྐོག་གྱུར་དང་བསླུ་བྲིད།
ཁམས་ཡོངས་སུ་ཁྱབ་པའི་འོད་ལྟར།
སེམས་ཅན་གྱི་སྣང་ངོ་ན་རྟག་ཏུ་བརྟན་པའི་ཉི་ཟླ་སྐར་གསུམ།

དེ་ནི་བུད་མེད་ཅེས་པའི་ཕྱི་ཤུན་ཙམ་མ་ཡིན་ལ།
བུད་མེད་ལ་བསྔགས་བརྗོད་བཏང་བའི་སྙན་ཚིག་སྐམ་པོའང་མིན།

དེ་ནི་ལྐོག་གྱུར་གྱི་ཆབ་རོམ་འོག་ན་ལྷུང་ལྷུང་བཞུར་བའི་བླ་སྲོག་ཅིག
དོན་ལྡན་གྱི་འཚོ་བ་ཐབས་མཁས་ཀྱིས་ལྷུར་ལེན་བྱེད་པའི་མིག་དཔེ་ཞིག
མི་གཤིས་ཀྱི་བུམ་པའི་ནང་ལ་ཉེས་སྐྱོན་གྱི་དྲི་ངད་སེལ་བའི་ནོར་བུ་ཞིག
ཡངས་པའི་བློ་རྒྱ་རུ་ཕྲག་དོག་དང་སེར་སྣ། མནར་གཅོད།
གདུང་བ་ཐ་དག་ཤོང་བའི་ནམ་མཁའ་ཞིག
ཟབ་པའི་བསམ་དགོངས་སུ་སྙིང་རྗེ་དང་ལྷག་བསམ། བློ་གྲོས།
སྤྱོད་བཟང་ཡོད་ཚད་རུམ་པའི་བང་མཛོད་ཅིག
ཕྱི་ཤུན་ལ་རྒས་གཉེར་ཆགས་ཀྱང༌།
ཡང་སྙིང་ན་མུ་ཏིག་གསོ་བའི་ཉ་ཕྱིས་ཤིག

དེ་ནི་ངའི་དབང་བོ་རྣམ་ལྔ་ཡིན།
དོན་ལྔ་སྣོད་དྲུག་ཡིན།
མགོ་བོ་ཡལ་ལག་ཡིན།
ཤ་ཁྲག་ཟུངས་་བཅུད་ཡིན།

དེ་ནི། ངའི་འདུ་ཤེས་དང་བསམ་བློ་ཡིན།
བླ་སྲོག་དང་རྣམ་ཤེས་ཡིན།
དེ་ནི་ངའི་ལན་བུ་ཡིན།
པགས་སྐྱི་ཡིན།
སེན་མོ་ཡིན།
ནུ་འབུར་ཡིན།
བུ་སྣོད་ཡིན།
རུས་རྐང་ཡིན།

འདི་དག་ཡོད་ཚད་ང་རང་ཡིན།
ང་རང་ཡང་བུད་མེད་ཡིན།
བུད་མེད་ནི་སྲིན་མོ་ཡིན།
སྲིན་མོ་ནི་ཚེ་སྲོག་གི་འབྱུང་ཁུངས་ཡིན།
ཚེ་སྲོག་གི་འབྱུང་ཁུངས་ནི་མཐར་ཐུག་གི་ནང་སྙིང་ཡིན།

རྩོམ་ཁུངས། སྙན་ངག་དེབ

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་རང་ཡང་བུད་མེད་ཡིན།

2009-02-02 དཔལ་མོ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།