གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བདག་གི་འཆི་བདག

2009-12-03 14:36:00 སྒོ་དམར་བསྟན་འཛིན། ཀློག་གྲངས། མཆན ཡོད།

                -བརྩེ་ཞེན་གྱིས་ཆེད་དུ་གདམས་པ།

ཁྱོད་ནི    ས་གཞི་འདིའི་མཛེས་པར་འགྲེང་ནས

ངའི་མིག་འབྲས་ཀྱི་ཞགས་པར་དམ་དུ་འཇུས

ང་རང   འཁྲུལ་སྣང་གིས་ནར་སོན་ཏེ

འཁྲུལ་སྣང་ཁྲོད་ལུས་པར་གྱུར

 

ནམ་རྒྱུན    སེམས་རྒྱུད་ཀྱི་གཡོ་གྲུ་ཆུང་ཆུང་འདིར

ཁྱོད་ཀྱིས་བུ་ཡུག་གི་སྒོ་མོ་ཕྱེས་འདུག

བདག་གི་འཆི་བདག་ལགས

 

ད་ནི   ཚེ་སྲོག་ལྷག་མའང

ཁྱོད་ཀྱིས་འཁྱེར་ལ་ཉེ་འདུག་ཀྱང

ད་དུང   ངས་སྟོང་སེམས་ཀྱི་ལག་པ་བསྲིངས་ཏེ

ཁྱོད་རང་བཞུགས་སའི་ཕོ་བྲང་ཞིག་བཞེངས་ཡོད

 

ཁྱོད་ནི    ལས་འབྲས་ཀྱིས་བསྩལ་བའི་སྙིང་རྟེན་དེ་མ་ལགས་ཀྱང

གང་ལྟར     ལོ་ཟླ་འདི་དག་གི་བྲང་གཞུང་ལས

སྤྲོ་སྡུག་གི་ལྷ་དར་འབུལ་སའི་བསླུ་མེད་ཀྱི་མགོན་སྐྱབས་དེ་རུ

རྣམ་ཤེས་ཀྱི་མིག་ཟུང་བཙུམ་མ་འདོད

 

རྩོམ་ཁུངས། ༢༠༠༨ལོའི་གངས་རྒྱན་མེ་ཏོག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།