གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རི་བོའི་ཕ་རོལ་གྱི་ཁྱེད།

2010-10-18 11:40:00 མ་སངས་མཁའ་འགྲོ། ཀློག་གྲངས། མཆན ཡོད།

                  ___________c.yལ་ཕུལ་བ།

སྤྲིན་དཀར་ཞིག་རྒྱང་རིང་དུ་བཞུད་རྗེས
རི་གསེབ་ལ་ཐོར་བའི་ལུག་ཁྱུ་མཚན་སྐར་དང་འདྲ
ལྷིང་འཇགས་ཀྱི་མཁའ་མཐའ་དེ་ན
ཡིད་འོང་གི་ཆུ་ཐིགས་གཅིག་ལྷུང་ལ་ཉེ་བས
ངའི་བྱེ་ཐང་ལ་ངང་སྒུག་རིང

རང་སེམས་མིན་ན    དཀོན་མཆོག་ལགས
བསྐོས་ཐང་འདི་ཅི་འདྲའི་ཡ་ང་བ་ལ་ཨང

ཕར་ཅི་ཙམ་བལྟས་ཀྱང་རི་བོ་དེ་སྔར་བཞིན་མཐོ
ཡོད་ངེས་པ་ཕ་རོལ་གྱི་ཁྱོད་དེ   ངའི་སེམས་པ་ཡ་གཅིག
དྲན་པའི་མེ་ལོང་ལ་ཅེར་ནས་ཉིན་ཞག་སྐྱེལ
ཁྲུང་ཁྲུང་འཕུར་ཤུལ་ནས་སྟོན་ལོ་ཟེགས  ཁ་བ་བབས
དུས་ཚིགས་འདིར   ངས་ཁྱོད་མི་དྲན་པའི་ཉི་མ་ནམ་ཞིག
གྲང་རེག་གི་གདོང་ཁ་རེ་རེ་ནས་རྒྱང་ལྟ་བྱས
སྟོན་རླུང་གི་འཚུབ་ཤུལ་རེ་རེ་ནས་ལྐོག་ཉན་བྱས

ཁུ་བྱུག་དང་པོ་གྲགས་དུས   སྨོན་འདུན་སྙིང་དུ་བརྐོས
དུས་ཚིགས་འདིར་གཡུ་ལོ་ལྡེམ་ཞིང་མེ་ཏོག་བཞད་པས
དབྱར་མགོ་མའི་ནང་ན་ལྷན་འཛོམས་ཀྱི་དྲོད་ཁོལ་འཁྱིལ
ཆུ་ཆར་བའི་ནང་ན་འཇིག་རྟེན་གྱི་མཛེས་སྡུག་གཏམས
འོན་ཀྱང    ཁྱོད་ཀྱི་སྐད་ངག་དེ་ད་དུང་རྒྱང་རིང་ཞིག་ན

རྩོམ་ཁུངས། ༢༠༠༣ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།