འུ་ཅག་ལ་དམིགས་ཡུལ་ཞིག་དགོས།

    འཇིག་རྟེན་གྱི་ཁམས་ཆེན་མོ་འདིར་འཚོ་སྡོད་བྱེད་པའི་མི་ཞིག་ཡིན་ཕྱིན། ཕུགས་མདུན་གང་རུང་ཞིག་གི་ཆེད་དུ་དམིགས་ཡུལ་ངེས་ཅན་ཞིག་ཡོད་པ་རེད།འུ་ཅག་བོད་མི་རིགས་ལ་མཚོན་ན་ཡང་དེ་ལས་མ་འདས་པ་རེད། ཡིན་ན་ཡང༌། མང་བོ་ཞིག་གི་དམིགས་ཡུལ་དེ་འཇིག་རྟེན་ལས་འདས་པའི*རྨི་ལམ*གྱི་ཁམས་ཆེན་མོ་ཞིག་རེད།
    འུ་ཚོའི་ཤེས་བྱ་འཚོལ་བའི་སློབ་ཆེན་སློབ་མ་ཞིག་ལ་མཚོན་ན་ཡང་དམིགས་ཡུལ་འདྲ་མིན་སྣ་ཚོགས་ཡོད་པ་རེད།དེ་ཅིས་ཀྱང་ཡོད་དགོས་པ་ཞིག་དང་འོས་པ་ཞིག་ཀྱང་རེད་མོད། དམིགས་ཡུལ་དང་ལག་ཆ་གཉིས་ཀྱི་དབྱེ་འབྱེད་ཤེས་དགོས་རྒྱུ་ནི་ཤིན་ཏུ་ནས་གལ་ཆེ་བར་སྙམ། 
       ཁྱོད་ཀྱི་ཕ་མས་ཁྱོད་རང་སློབ་གྲྭར་མངག་དུས།དམིགས་ཡུལ་ཆེན་པོ་གཅིག་སྟེ། སློབ་མཐར་ཕྱིན་ནས་ཁྱོད་རང་ལས་བྱེད་པ་ཞིག་འཁྱོངས་རྒྱུ་དེ་རེད། འདི་ནི་ཁོ་ཚོར་སློབ་གསོ་མ་ཐེབས་པ་དང་ཤེས་བྱའི་ཆུ་ཚད་ཧ་ཅང་ཞན་པས་རེད།འུ་ཚོ་སློབ་གྲྭར་ཡོང་རྗེས། སློབ་ཆུང་ནས་སློབ་འབྲིང་བར་དུ། ད་དུང་དམིགས་ཡུལ་གཅིག་སྟེ། ལས་བྱེད་པ་ཞིག་བྱེད་རྒྱུ་དེ་རེད།འདི་ནི་འུ་ཅག་གིས་རང་ཉིད་ཀྱི་ཀླད་པ་རང་གིས་མ་བཀོལ་བའི་རྟགས་དང༌། འཇིག་རྟེན་ལྟ་ཚུལ་དང་རིན་ཐང་ལྟ་ཚུལ་སོགས་རང་ཉིད་ལ་རང་ཉིད་ཀྱི་ལངས་ཕྱོགས་ཤིག་མེད་པའི་རྟགས་རེད། 
          ད་ལོར།དགེ་རྒན་ཞིག་གིས*འུ་ཚོའི་ལས་འགན་ནི་འདི་མ་རེད། འུ་ཚོའི་ལས་འགན་ནི་སློབ་སྦྱོང་རེད*ཟེར། སྐབས་དེར་ངས*འུ་ཅག་གིས་གནའ་ནས་ད་ལྟའི་བར་དུ་སློབ་སྦྱོང་བྱས་པ་རེད།ཡིན་ན་ཡང༌། ཕྱིར་འདང་རེ་བརྒྱབ་ན་འུ་ཅག་གིས་ད་ལྟའི་བར་དུ་ཅི་ཞིག་འགྲུབ་སོང་ངམ།*ཞེས་དྲིས་པར་དགེ་རྒན་ལགས་ཁོང་ཁྲོ་ལངས་ཀྱིན་འདུག་ལ།སློབ་གྲོགས་ཚོའང་ཅུང་་མཚར་གྱིན་པའི་སྣང་བ་ཞིག་སྦྱིན་བྱུང༌། 
        དངོས་གནས་འདི་ལྟར་རེད་དེ།འུ་ཚོས་ནམ་ཡང་སློབ་སྦྱོང་ཁོ་ན་དམིགས་ཡུལ་དུ་འཛིན་པ་རེད། འདི་ནི་འུ་ཅག་གི་ནང་བསྟན་ཆོས་ལུགས་པ་རྣམས་ཀྱིས་ཤུགས་རྐྱེན་ཐེབས་པར་སྙམ་ལ།ཁོ་བོ་འདི་ལ་གཏན་ནས་འཐད་ཀྱིན་མེད། རྒྱུ་མཚན་སློབ་སྦྱོང་ནི་ཁྱོད་ཀྱི་ལག་ཆ་ཡིན་པ་ལས་དམིགས་ཡུལ་མ་རེད། ཁྱོད་ཀྱིས་དམིགས་ཡུལ་ཞིག་གི་ཆེད་དུ་སློབ་སྦྱོང་བྱེད་དགོས་པ་ལས།སློབ་སྦྱོང་གི་ཆེད་དུ་སློབ་སྦྱོང་བྱེད་པ་ནི་ག་ལ་རུང༌། ཡང་གཅིག་བཤད་ན། སློབ་སྦྱོང་བྱེད་པ་ནི་ཁྱོད་ཀྱིས་ཤིང་གི་ལག་ཆ་དེ་ལྕགས་ཀྱི་ལག་ཆར་གཏོང་ཆེད་ཡིན་ན་འགྲིག་སྙམ། 
          དེ་ན་འུ་ཅག་གི་དམིགས་ཡུལ་ཅི་ཞིག་རེད་ཟེར་ན།འུ་ཅག་གི་དམིགས་ཡུལ་ནི་འཚོ་གནས་རེད། འཚོ་གནས་ཀྱི་ཆེད་དུ་འདས་སོང་ལ་ཕྱིར་མིག་འཕེན་པ་དང་སྐབས་དོན་ཐག་གིས་གཅོད་པ།མ་འོངས་པར་སྔོན་དཔག་བྱེད་རྒྱུ་དེ་རེད། གསལ་བོར་བཤད་ན་རང་གི་འཚོ་གནས་རང་གིས་བསྐྲུན་རྒྱུ་དེ་རེད། རང་གི་སྤྱི་ཚོགས་ལ་རང་གིས་བདག་པོ་རྒྱུག་རྒྱུ་དེ་རེད།འདི་དག་གི་ཆེད་དུ་འུ་ཅག་གིས་སློབ་སྦྱོང་བྱེད་དགོས་པ་རེད། དཀའ་སྤྱད་སྡུག་རུས་ཀྱིས་སློབ་སྦྱོང་བྱེད་དགོས་པ་རེད། 
         འདི་ལྟར་སློབ་སྦྱོང་བྱེད་མཁན་ཅི་ཙམ་བྱུང་མྱོང་ངམ།དགེ་འདུན་ཆོས་འཕེལ། དོན་གྲུབ་རྒྱལ། འུ་ཅག་གིས་མཛུབ་མོ་ནང་འགུག་གིས་རྩིས་ཆོག་པའི་སྐྱེས་ཆེན་ཅི་ཙམ་ཡོད་དམ། དངོས་གནས་རླབས་ཆེན་གྱི་མི་སྣ་སྐྱེས་མ་མྱོང་བའི་མི་རིགས་འདི་ཇི་འདྲའི་རྗེས་ལུས་ཤིག་རེད་ཨང༌།ཇི་འདྲའི་མུན་འཐོམ་ཞིག་རེད་ཨང༌། དམིགས་ཡུལ་འདི་ཙམ་རྙེད་མ་ཐུབ་པས། ད་ལྟ་འུ་ཚོས་སུ་ཞིག་གི་བྲན་བསྒྱུར་མྱོང་བཞིན་འདུགནམ་ཡང་མིག་མདུན་གྱི་ཤིང་ཕོར་ཟད་པོ་དེ་ལ་ཞེན་དྲགས་པས། གཏན་དུ་རང་ཉིད་ཀྱི་ལྕགས་ཕོར་ཞིག་རྙེད་མ་བྱུང༌། 
        འུ་ཚོ་ནི་འཛམ་གླིང་གོ་ལའི་རྩེ་མོ་རུ་འཚོ་སྡོད་བྱེད་ཀྱིན་པའི་མཐོ་སྒང་དམར་བོ་འདིའི་བདག་པོ་ངོ་མ་རེད།འུ་ཅག་གིས་ཁ་ཆར་བུ་ཡུག་གི་བཙན་རྫོང་གདོང་གིས་བསུ་ཐུབ་ན། འུ་ཅག་གིས་ཁྲོ་ཤོར་རྒྱལ་མོའི་སྙིང་སྟོབས་བྲང་དུ་ཉར་ཐུབ་ན།ཅིའི་ཕྱིར་ཀྱག་ཀྱོག་གི་རྐང་ལམ་ཕྲ་མོ་འདིར་གྱེས་ཕྱག་འབུད་མ་ཐུབ་བམ། མྱིའི་མདུན་ལམ་ནི་མྱིས་བཏོད་པ་བཞིན། འུ་ཅག་གི་འཚོ་གནས་ནི་འུ་ཅག་གིས་བསྐྲུན་དགོས་པས།རྟོགས་སད་ཀྱི་མགོ་བོ་ཡར་ལ་དགྱེ་དང༌། སྔོན་བྱོན་བཙན་པོ་ཚོས་བསྟར་ཕྲེང་བསྒྲིགས་ཏེ་ཁྱོད་ལ་སྒུག་འདུག དེང་སྐབས་གསར་བུ་ཚོས་དཔུང་རྡང་སྦྲེལ་ཏེ་ཁྱོད་རང་བསྐོར་འདུག

རྩོམ་ཁུངས། སྐད་ཡིག་ཟིན་བྲིས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འུ་ཅག་ལ་དམིགས་ཡུལ་ཞིག་དགོས།

2009-09-03 ཞོགས་ལྗང་། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།