ང་དང་སྒྱུ་རྩལ་གྱི་ལམ་སྣེ།

གཅན་ཚའི་རྡོ་རྗེ་རིན་ཆེན། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2009-05-09

                                                སྐྱེ་སྐར།

གུས་པོ་ནི་རང་བྱུང་བཅུ་དྲུག་པའི་མེ་ལུག་གི་ལོར་གཙན་ཚ་ཉིན་སྲིབ་གཉིས་སུ་ཕྱེས་པའི་སྔ་མའི་ཡུལ་གཏོགས་པ་སྣང་རའི་གྲོང་བརྒྱད་ཀྱི་ཡ་གྱལ་གླེ་ཆེན་ཞེས་པའི་གྲོང་སྡེར་སྐྱེས།སྐྱེས་ཉིན་དཔྱིད་ཉི་ལྡོག་ཏུ་ཁེལ་བས་མ་དྲིན་མོ་ཆེ་ཐུགས་མཉེས་ནས་རིགས་ཀྱི་མྱུ་གུ་ཚེ་མཐའ་ཤིན་ཏུ་འཁྱོངས་ཤིང་རིང་བའི་འགྲེལ་བཤད་འཇིག་རྟེན་དུ་བསྐྱུར་ཏེ་གཤེགས།ཕྱིས་སུ།གུས་པོས་དོན་འདིའི་གསང་བ་དང་གོ་དོན་མཐའ་དག་ཤེས་ནས་སྨྲ་བ་འགའ་ལ་དྲིས། རེ་འགས་མགོ་བོ་ནང་དུ་ལྡེམ། ལ་ལས་གུས་པོ་ད་དུང་འགྲེལ་བཤད་འདི་ཡིད་ཀྱི་ཡོལ་གོར་ཉར།

 རང་གཤིས།

གཞན་གྱིས་ང་ཡི་རང་གཤིས་དྲང་བའི་སྡོམ་ཚིག་འཇོག དོན་དུ་ངའི་རང་གཤིས་ནི་ “ཨQ”ལྟར་རྙོག་འཛིང་ཆེ། དེ་བས།ངའི་རང་གཤིས་ནི་ཚུལ་འཆོས་ཀྱི་དབང་གིས་གཞན་གྱིས་དཔོག་པར་དཀའ། གཞན་དང་བསྟུན་ཆེད་རང་གཤིས་ཀྱི་རྔ་སྒྲོ་རེ “མཆན་འོག”ནས་བུད་མྱོང་། ཡིན་ན་ཡང་། དེ་ལ་སུས་ཀྱང་དོ་སྣང་བྱེད་རིན་མེད་པར་འདུག

                                              བརྩེ་དུང་།

རྒྱང་རིང་ཅིག་གིས་མི་ཡུལ་ལ་སྐོར་ལྟ་བྱས་ཚེ་ཐ་སྙད་གསར་བ་ཞིག་གི་གོ་དོན་ལ་ངེས་ཤེས་རྙེད།དེ་ནི་“བརྩེ་དུང་”རེད།བརྩེ་དུང་གིས་སྣོད་ཀྱི་འཇིག་རྟེན་དང་བཅུད་ཀྱི་སེམས་ཅན་ཁོ་ན་ལས་ང་ལ་མོས་པ་བསྟབས། …….ཡོད་ཚད་ལ་ངས་གཙིགས་འཛིན་དང་འཁྲེང་སེམས་ཆགས་པ་ནི་ང་རང་བརྩེ་དུང་གི་དྲ་རྒྱར་ལྷུང་བས་ཡིན། དོན་དངོས་ཀྱིས་ཞུ་ན་ང་རང་རྩོམ་རིག་ལ་དུང་བ་ཡང་དེའི་རྗེས་མཐུན་རང་ཡིན།

  མྱོང་བརྒྱུད།

ཕུ་བོས་བཀའ་དྲིན་གྱིས་ང་རང་ཆུང་དུས་ནས་རྩོམ་རིག་གི་ལམ་འཕང་བརྒྱུད།<<འོད་འཚེར་བའི་སྐར་མ་དམར་པོ།>>_མི་སྣ་ཕན་ཏུང་ཙི།<<མི་རོ་རྩེ་སྒྲུང>>_མི་སྣ་དྲན་གསལ།ད་དུང་ཨ་ཅེ་གསེར་མོ་མཚོ་དང་དངུལ་མོ་མཚོ་ལ་སོགས་པས་བྱིས་པའི་དུས་ཀྱི་ང་རང་རྨི་ལམ་དུ་མཇལ་དཀའ་བའི་ཞིང་ཁམས་གཞན་ལ་ཁྲིད།རྩོམ་རིག་གི་མོས་ཁ་དེ་ནས་བཟུང་སྦྲང་ཚང་ལྟར་ཕྱེས།ཕྱིས་སུ།ངས་སོར་རྩེར་ལྕགས་སྨྱུག་འཆང་སྟེ་སྒྲུང་གཏམ་དང་།ལྷུག་རྩོམ། སྙན་ངག་སོགས་མང་དུ་བྲིས། འོན་ཀྱང་། རྩོམ་སྒྲིག་པས་རེ་རེ་བཞིན་ཕྱིར་བསྲིངས། 
                                  འདོད་མོས།

སྐུ་ཞབས་ལུའུ་ཞུན་གྱི་རྣམ་ཐར་གཙང་མར་བཀླགས་མྱོང་བ་ཞིག་ཡིན་ན།རྩོམ་རིག་གི་ནུས་སྟོབས་དང་དགེ་མཚན་ཅིག་ཅར་རྟོགས་སྲིད།ངས་རྩོམ་རིག་གི་ནུས་སྟོབས་དང་དགེ་མཚན་ཅིག་ཅར་རྟོགས་སྲིད།ངས་རྩོམ་རིག་གི་ནུས་སྟོབས་དང་དགེ་མཚན་ལ་སྙིང་གཏིང་ནས་ཁས་འཆེས་ཏེ་དེ་ཉིད་བེད་སྤྱོད་གཏོང་བར་འདོད།དེ་བས་ངའི་འདོད་བློ་ནི་རྩོམ་རིག་གི་ནུས་སྟོབས་དང་དགེ་མཚན་ནས་བརྩམས་ཏེ་ཁ་ལོ་བསྒྱུར་མགོ་ཚུགས།དེ་ཡང་།ངས་ནི་མིའི་རིགས་ཀྱི་བསམ་པའི་འཇིག་རྟེན་ལ་སྔོན་ཐོན་དང་བླ་ན་མེད་པའི་བསམ་བློ་གསར་བ་ཞིག་བརྒྱུད་སྒྲོག་བྱེད་པར་འདོད། 
                                 གནས་བབ།

༡༩༩༤ལོར་ཟླ༨པར་ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་ཞིབ་འཇུག་པ་གཞོན་པ་སྐུ་ཞབས་དབྱང་ལགས་ཀྱིས་ཕྲན་ལ་འཕྲིན་ཡིག་ཅིག་བསྲིངས་པར།“ཁྱོད་རང་གཟི་བརྗིད་ལྡན་པའི་མིའི་རིགས་ཀྱི་བླ་སྲོག་གི་བཟོ་སྐྲུན་པ་ཞིག་བྱས་ཏེ།བྱམས་བརྩེ་ནུས་ལྡན་མི་སྣ་བསྐྱེད་བསྲིང་བྱེད་པར་མ་ཟད།ད་དུང་རང་གི་ལྕགས་སྨྱུག་བཀོལ་ཏེ་རྩོམ་ཡིག་ལེགས་པོ་སྤེལ་ནས་མི་དམངས་ལ་ཞབས་འདེགས་ཞུ་བ་ནི་བཀུར་དུ་འོ་ཞིག་རེད།”ཅེས་འཁོད།བདེན་དོན་དང་འབྲེལ་བའི་གཏམ་དེས་ང་ཡི་གནས་བབ་ཐག་གིས་བཅད།ང་རང་དངོས་གནས་དེ་འདྲའི་གནས་བབ་ཅིག་ཏུ་འཕག་འཚག་རྒྱག 
                                 མྱོང་ཚོར།

འཚོ་བས་ང་ལ་རྟག་ཏུ་ཕོག་ཐུག་ཚད་མེད་གཏོང་།དེ་བས།ངའི་འཚོ་བ་ནི་དགའ་སྡང་ཆགས་ཞེན་དང་།མྱ་ངན་དང་འོ་དོད། རེ་འབོད་དང་ངང་སྒུག་གིས་ཁྱབ། གལ་ཏེ། དེ་ལྟ་མིན་ན་ང་ལ་རྩོམ་ཡིག་སྤེལ་བའི་བློ་སྟོབས་དབེན། དེར་བརྟེན།ང་རང་འཚོ་བའི་ཟབ་སར་འཛུལ་ཏེ་སྒྱུ་རྩལ་གྱི་ཡངས་ས་ནས་འབུད་པར་བརྩམས།བགྲང་བྱ་ཉེར་ལྔ་རིམ་གྱིས་འདས་པའི་ཁྲོད།རྩོམ་རིག་གིས་ང་ལ་མནར་གཅོད་ཚད་མེད་བཏང་།འོན་ཀྱང་།སྦར་ཁ་ཕྱེས་ཚེ་ང་ལ་འཐོབ་བྱ་ཉག་གཅིག་ཀྱང་མེད་པར་ཐབས་ཅད་སྒྱུ་རྩལ་གྱིས་ས་བོན་དུ་འཐིམས། སྟོང་ལྷང་ངེར། 
                                 ལྟ་ཚུལ།

སྲོལ་རྒྱུན་རྩོམ་རིག་གིས་ད་ལྟའི་བོད་ཀྱི་རྩོམ་རིག་ལ་རྨང་གཞི་ཕྲན་མ་ལས་བཞག་མི་འདུག།འདི་ནི་ངའི་འདོད་ཚུལ་ཕྲན་བུ་ཞིག་ལགས།འདི་རྨང་ནས་འཁྲུལ་བ་ཡིན་ཀྱང་སྲིད།འོན་ཀྱང་དོག་འཇུག་སྙན་ངག་གི་བླ་སྲོག་མ་ཉམས་པར་གདའ།དེ་བོད་ཀྱི་རྩོམ་རིག་གི་སྐུ་ཚབ་ཏུ་བགྲང་ཆོག སྐད་ཡིག་དུ་མ་དུས་གཅིག་ཏུ་མཁྱེན་པའི་མཁས་དབང་དང་རྩོམ་མཁན་རྣམས་ཀྱི་སྐུ་དྲིན་གཙོས་པའི་འོགད་ལྟའི་བོད་ཀྱི་རྩོམ་རིག་ནི་འཕེལ་ཁ་དོ་མི་མཉམ་ཡང་སྟོན་ཟླའི་དཔལ་ལ་བསྙེགས་འདུག་པས་རང་གཞན་མཉམ་བསྲེས་ཀྱི “ཤ་ར་བྷ”ལྟར་ལགས།
                                        
རྒྱང་ལྟ།

ཅེ་ཁི་རྒྱལ་ཁབ་ཀྱི་རྩོམ་རིག་སྨྲ་བའི་དབང་བོ་ཁུན་ཏི་ལྰ་ཟེར་བ་དེས་<<བརྩམས་སྒྲུང་གི་སྒྱུ་རྩལ>>ཞེས་པའི་དཔེ་དེབ་ཏུ་“རྩོམ་རིག”ལ་འགྲེལ་གསར་བ་ཞིག་གནང་འདུག་པ་སྟེ།“ད་ལྟའི་བརྩམས་ཆོས་ནི་འགྱུར་གྱིན་འགྱུར་གྱིན་ཇེ་ཉུང་རེད།ངའི་བསམ་པར་རྩོམ་རིག་གི་འཆི་བ་ཐོན་ལ་ཉེ།ཅུང་ཙམ་ནས་རྗེས་ཤུལ་མེད་པར་མཇུག་མཐར་རྩ་བ་ནས་ཡལ་འགྲོ”ཞེས་ཟེར། ཕྲན་གྱི་བསམ་པར་དེ་ནི་སྔ་ན་མེད་པའི་མཁས་པའི་ལེགས་བཤད་དུ་མངོན་ཏེ།སྐྱེ་ཞིང་འཇིག་པ་ནི་འཇིག་རྟེན་གྱི་བཟློག་མེད་ཆོས་ཉིད་ལགས་ན།བོད་ཀྱི་རྩོམ་རིག་གི་འཆི་བ་ཡང་འཇབ་བུས་མི་སླེབས་པ་ག་ལ་སྲིད།དེ་བས།འབྱུང་འགྱུར་ངེད་ཅག་བོད་ཀྱི་རྩོམ་རིག་དང་གཏན་དུ་གྱེས་པའི་དུས་སུ་“རྩོམ་རིག”གཞན་གྱི་ཡལ་གར་འཐམས་ཏེ་ “ང་ཚོ་མཉམ་དུ་ཤམ་བྷ་ལ་རུ་འགྲོ”ཆོག
                                འབེལ་གཏམ།

འཚོ་བ་ནི་རྩོམ་རིག་བསྐྱེད་པའི་མ་མ་ཡིན་ཞིང་།རྩོམ་རིག་ནི་སྔོན་ཐོན་མི་སྣའི་འགྱུར་ཁུགས་བསྡེབས་པའི་གླུ་དབྱངས་ཡིན།བོད་རིགས་ཀྱི་འཚོ་སྟངས་ལ་དམའ་འབེབས་གཏོང་བའི་གང་ཟག་དེས་ངའི་སྙིང་ལ་མཚོན་རྨ་བཏབ།དེ་ནི་བཟོད་སྒོམ་ཐེག་དཀའ་བའི་གནས་ཤིག་རེད།ཁོས་མིའི་རིགས་ཀྱི་འཚོ་བའི་གྲུ་ག་དང་ཟུར་མཐའ་མ་མཐོང་བར་འདུག ཇི་འདྲའི་ཨ་རེ་ཆད།
                                 རང་སྐྱོན།

ད་ལྟའི་བར་ལ།རྩོམ་རིག་གི་དྲ་རྒྱར་ལྷུང་སྟེ་འཕག་འཚག་ཇི་ཙམ་བརྒྱབ་པ་ནི་སུས་མཁྱེན།འོན་ཀྱང་།སྒེར་གྱི་འབྲི་དེབ་ཏུ་བྲིས་བྲིས་དང་ཐུན་མོང་གི་དུས་དེབ་ཏུ་སྤེལ་སྤེལ་མཐའ་དག་ལས་གཞན་ལ་ངོམ་སོ་བྱེད་ཆོག་པའི་བརྩམས་ཆོས་ཤིག་བསྟན་དུ་མེད།ཐ་ན་རང་བློ་ཚིམ་པའི་རྩོམ་ཡིག་ཅིག་ཀྱང་དབེན་པ་ཡིན་ན་ཕྱིས་སུ་དེ་འདྲ་ཞིག་འོང་ཐུབ་པའི་རེ་བ་སྙིང་ལ་འཆང་ཞིང་འདུག།
                                ཕུགས་རེ།

འཚོ་བ་ནི་གཏིང་ཟབ་ཅིང་རྙོག་འཛིང་ལྡན་པས་རྩོམ་རིག་གིས་དེ་ཉིད་ཁྱུར་མིད་བྱེད་ཐབས་བྲལ།འོན་ཀྱང་། ངས་རྩོམ་རིག་གི་མཆེ་བ་རག་ཏུ་བརྡར་ཏེ་བོད་ཀྱི་འཚོ་བ་ཁྱུར་མིད་བཏང་རྗེས་སླར་བསྐྱུག་པར་འདོད།དེ་ཡང་།རྩོམ་རིག་གི་བརྩམས་ཆོས་རིན་ཐང་ཅན་ཞིག་བསྐྱེད་ཅིང་འཁྲུངས་པའི་ཐད་ལ་ངས་མི་ཚེའི་ཡོད་ཚད་བརླག་པར་ཡ་ང་བ་ཅི།མཇུག་མཐར།གཞན་གྱིས་དང་བ་སྟོན་པའམ་སྡང་སྡིགཀྱི་མཚོན་ཆ་ཇི་ལྟར་ཕབ་ཀྱང་ང་རང་སྣང་བརྙན་ཞིག་གི་ཁྲོད་དུ་ཚེ་ཡི་འཕེན་པ་རྫོགས་ངེས་ལགས།

རྩོམ་ཁུངས།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ང་དང་སྒྱུ་རྩལ་གྱི་ལམ་སྣེ།

2009-05-09 གཅན་ཚའི་རྡོ་རྗེ་རིན་ཆེན། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།