ལྷ།

      ལྷ་ནི་ཉི་མའི་བུ་རྒྱུད་ཀྱི་ལྷ་སྟེ། ལྷ་ནི་ཞི་བདེའི་འོད་ལམ་གྱི་ལྷ་རེད། གང་ལའང༌། བདེན་རྫུན་དང་གོ་རིམ་མེད་པའི་དུས་ཚིགས་འདིར།  ལྷ་དང་ལྷ་མོའི་ཚོགས་ཀྱིས་ནམ་མཁའི་དབྱིངས་སུ་དབུལ་ཕོངས་ཀྱི་རྣམ་ཤེས་དག་ལ་སྙན་ངག་གི་ཁྲུས་ཆུ་གཏོར་ཞིང༌།  ཉམ་ཐག་གི་བླ་སྲོག་དག་ལ་གསེར་འོད་ཀྱི་མཆོད་མེ་བསྒྲོན་དུས། ཁོས་མཐོང་བྱུང༌།  བར་སྣང་གི་རྒྱ་ཁྱོན་དང་ནམ་མཁའ་ཡི་མཐོ་ཚད་མཐོང་བྱུང༌།
    ཀྱེ། བདག་གི་སྒྱུ་འཕྲུལ་གྱི་ལྷ་ཆེན་ལགས།  ང་ལ་གཙང་པོའི་ཁ་ཞེང་ལྟ་བུའི་བསམ་གཞིགས་ཤིག་དང་ཚངས་དབྱངས་མགུར་མ་ལྟ་བུའི་གླུ་ཚིག་ཅིག་སྩོལ་དང༌། དུས་རབས་ཉེར་གཅིག་པའི་གནམ་འོག་དང་ལོ་རྒྱུས་འོད་སྟོང་གི་ཕ་ས་འདི། ད་ལྟ། སྤྱང་ཀི་དང་ནེ་ཙོ། ཡང་ན། མིང་མི་ཐོགས་པའི་འདབ་ཆགས་ཁ་ཤས་ཀྱི་སྟོན་ཁ་ལགས་པས།  ངས་གཙང་པོའི་ཚུར་རོལ་ནས་མཉམ་དཀྲོལ་རོལ་དབྱངས་ཤིག་ལ་ཉན་གྱིན། ཁྱེད་ཀྱི་ཕྱོགས་སུ་དུས་ཚིགས་འདིའི་གསང་འཕྲིན་ཞིག་བསྐུར་ན་སྙམ།རང་བྱུང་ཁམས་ནི་རྒྱ་ཆེ་བའི་གཞལ་ཡས་ཁང་ཞིག་སྟེ། རང་བྱུང་ཁམས་ནི་མཐའ་མེད་པའི་མི་ཡུལ་གྱི་ནང་མ་ཁང་རེད་ཨང༌།  
    ནང་མ་ཁང་འདིར།   ང་རང་མི་དཔོན་གྱི་གྲས་སུ་མི་ཚུད་ལ།   འཁོར་འབངས་ཀྱི་གྲས་སུའང་མི་ཐེ་བས།   ང་རང་ས་ཆེན་གྱི་སློང་མོ་བ་ཁ་ཤས་བཞིན་སེམས་སྡུག་མྱོང་མཁན་རྐྱང་རྐྱང་རེད།  རྒྱུ་རྐྱེན་དེའི་དབང་གིས།  ངའི་སྒྱུ་འཕྲུལ་གྱི་ཚེ་སྲོག་འདི་ཕམ་སོང༌།  བརྒྱལ་སོང༌། མདོར་ན།   སྣང་བ་ཞིག་ལ།   ང་རང་ཤི་སྟེ་ཡུན་རིང་འགོར་ཀྱང༌།  ང་ལ་བསྔོ་བརྟེན་འབུལ་མཁན་སུའང་མེད་པ་འདྲ།
    དྲན་པའི་སྣང་ངོ་ཡི། རི་བོའི་ཕ་རོལ་གྱི་ལྷ་ཆེན་ལགས།སྐྱ་ཀ་མེད་པིའེ་ལོ་ཟླ་འདིར། སུ་ཞིག་གིས་ང་ཚོར་འཕྲིན་གསར་སྒྲོག ཨ་བྲ་མང་བའི་ཁོར་ཡུག་འདིར། སུ་ཞིག་གིས་ང་ཚོར་ཐེ་གཏོགས་བྱེད། དབྱིངས་ཀྱི་ལྷ།  སྤྱན་གྱིས་གཟིགས་ཤིག སེམས་ཀྱི་ལྷ།  གསུང་ཞིག་འབྱོན་རོགས།
                                                             ༢༠༠༣.༡༢.༤ལན་གྲུ།

                                                གླག
___________ངའི་སྙན་ངག་གི་མདུང་རྩེ་རྣོན་པོས།
                       ཁྱེད་ཀྱི་བྲང་ཁ་ཕུག་དགོས།
    གླག་གི་འཕུར་སྟངས་ནི།  གླག་གི་ང་རྒྱལ་རེད།
   གླག་གི་འཕུར་སྟངས་ནི།  གླག་གི་འཆིང་སྒྲོག་རེད།
   ལྗོན་གསེབ་ཀྱི་བྱེའུ་ཚོགས་གྲགས་འགུལ་མེད་པར་ཡུན་རིང་འགོར་རྗེས། གླག་གིས་བྲག་ཐེམ་མཐོ་ས་ཞིག་ན་ཅི་་ཞིག་བོར་ཟིན་པའི་ངང་ཚུལ་གྱིས་སུ་ཞིག་ལ་ཧམ་སེམས་ཀི་གཤོག་པ་རྐྱོང་བཞིན་ཡོད།འུར་ཟིང་ཆེ་བའི་ཁྲོམ་གཞུང་ནི། བྱ་ཚོགས་མང་པོའི་དུར་ཁྲོད་རེད།འདོད་སྲེད་མཐུག་པོའི་མི་སེམས་ནི། དུག་ཆུ་འཁོལབ་འི་གཡའ་དེམ་རེད།
   གླག   རི་བོའི་ཟུར་ངོས་གང་རུང་ན་ཚེ་སྲོག་གི་སྙིང་ཁར་ལངས་པའི་ལོ་རྒྱུས་ཀྱི་ནག་ཉེས་བཟོ་མཁན་ལགས་པས། གནམ་འོག་གི་འདབ་ཆགས་ཚོ་མཁའ་མཐའི་ཉི་ཟེར་ལ་རེ་ཞིང་གྲོང་ཚོ་ཞིག་གི་གཏམ་རྒྱུད་རུམ་པའི་འགྲམ་འགྲམ་གྱི་བྱ་ལོང་བཞིན་སྐོར་བྲོའི་གཞས་གདངས་ལ་ཉམ་ཆུང་གིས་རོལ་ཅིང༌། རུས་རྐང་གིསྦུབས་སུ་སྐྲག་སྣང་དགྲ་ལྷ་ལམ་ལ་ཆས།
  གླག་གི་འཕུར་སྟངས་ནི། སྤྲིན་གྱི་འགྱུར་བག་རེད།
  གླག་གི་འཕུར་སྟངས་ནི།  ཟོལ་གྱི་གཤོག་རྡེབ་རེད།
  གླག་གིས་བྱ་ཚོགས་ཀྱི་ལོ་ཟླ་ལ་དབང་བསྒྱུར་གྱི་ཁྲི་སྟེགས་བཙུགས་ཤིང༌། གླག་གིས་ས་ཆེན་གྱི་བྲང་ངོས་སུ་མྱ་ངན་གྱི་སྤྱན་ཆབ་ཕབ་པས། རེ་ལྟོས་མོད་པའི་ཚེ་སྲོག་དག་སྨག་རུམ་ནག་པོའི་ནང་རོལ་ན་འཆི་ལ་ཉེ་བའི་རླུང་ངོས་ཀྱི་མར་མེ་འདྲ།ནམ་མཁའ་ཡངས་དྲགས་པས།  བྱ་གླག་གི་མགོ་འཕངས་མགོ་ཞིང༌།ས་གཞི་དོག་དྲགས་པས།  འདབ་ཆགས་ཀྱི་གཤོག་རྩ་འདར།གང་ལྟར། རླུང་གི་སྒོ་ཐེམ་འདིར། གླག་གི་འཕུར་སྟངས་ལ་ལྐོག་ལྟ་བྱེད་མཁན་སུ ་ཡང་མེད་དེ། གླག་གི་འཕུར་སྟངས་ནི་གསང་བའི་སྒྱུ་འཕྲུལ་བཞིན།  དེ་ནི་ལྐོག་གྱུར་དང་རྨེད་མེད་ཀྱི་ཆར་རླུང་རྫོབ་པོ་ཞིག་ཀྱང་རེད།
   གླག་ལ་མཚོན་ན། བར་སྣང་དང་འཕུར་རྩལ། རི་ཆུ་དང་ནོར་ཁྱུ། ཡང་ན། ཁོར་ཡུག་འདིའི་གཞན་དག་ཡོད་ཚད། གླག་གི་དུས་ཚིགས་དང་གླག་གི་དགའ་སྟོན་ལགས་པས།འདབ་ཆགས་དག་ནགས་ཚལ་དུ་བཙོན་འཇུག་བྱས་པའི་ཉེས་ཅན་བཞིན་འཕུར་ཐབས་བྲལ།ལྗིད་སྟུག་པའི་སྨག་རུམ་གྱི་ངོགས་སུ། གླག་གི་གཤོག་པས་སུ་ཞིག་གི་ཁྲག་རྩ་གཏིང་ནས་འབྲེག་མ་ཐུབ་ནའང༌། ཁོར་ཡུག་འདི་སྔར་བཞིན་གླག་གི་མངའ་ཐང་དང་བྲག་ཐེམ་ཡིན་ལ། ས་ཆེན་འདི་སྔར་བཞིན་ཁོ་ཚོའི་མནར་དུངས་དང་འཁྲེང་སེམས་རེད་ཨང༌།
   གླག་གི་འཕུར་སྟངས་ནི། གླག་གི་བསླུ་བྲིད་རེད།
   གླག་གི་འཕུར་སྟངས་ནི། རྔོན་པའི་མདའ་གཞུ་རེད།
                ༢༠༠༣。 ༧。 ༡༥མཚོ་སྔོན་པའི་འགྲམ་དུ།

རྩོམ་ཁུངས། ༢༠༠༤ལོའི་གངས་རྒྱན་མེ་ཏོག་དེབ་གཉིས་པ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ལྷ།

2010-08-01 ས་དཀྱིལ་ཚེ་བཀྲ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།