བརྗོད་འདོད་ཐར་ཐོར།

  འདི་ལྟར་ལུས་པའི་དེ་རིང་ནི་བདག་ལ་མཚོན་ན་ཅི་ཡང་ལྷག་མེད་དེ།འགྱོད་སྣང་གི་མིག་ཆུ་སྐྱུར་བོ་ཞིག་དང་དྲན་གདུང་གི་རྨ་ཁ་གསར་བ་ཞིག་ལས་་་ ་་་
  ཡིན་ནའང་་དེ་ནི་འདུ་བྲལ་སྒྱུ་མའི་ངོ་བོ་ཞེ་ནས་མ་ཐོངས་པས་མིན་ལ།འཇིག་རྟེན་མི་ཡུལ་གྱི་ཆོས་ཉིད་ལ་བརྩི་བཀུར་མ་བྱས་པ་དེ་བས་ཀྱང་མ་ཡིན།བྱ་བ་དང་དོན་དག་གང་རུང་ཁ་ནས་བརྗོད་ཚེ་སླ་སླར་སྣང་ཡང་རང་ཉིད་ཀྱི་སྟེང་དུ་དངོས་སུ་བབས་ན་ད་གཟོད་ཁ་བཤད་དེར་དོན་གྱིས་སྟོང་བ་གཞི་ནས་རྟོགས་ཐུབ།
  འདི་ལྟའི་གནས་ཚུལ་འོག་རང་ཉིད་ལ་སྐྱོན་ཆ་ཉག་ཅིག་ཡོད་པ་ནི་རང་ཉིད་ཀྱི་མིག་ལ་མི་རན་པའི་བླ་འཚོང་དང་ཞབས་འདྲེན་གྱི་བགྱི་བ་དག་ལ་སྐྱོན་བརྗོད་དང་ཐེར་འདོན།ངོ་རྒོལ་བྱ་རྒྱུ་ནི་ཕལ་ཆེར་གོམས་སྲོལ་ཞིག་ཏུ་གྱུར་ཡོད།
   ཇི་ལྟར་བསྲན་ཡང་སྲོན་མི་ཚུགས་པ་ནི་ནམ་རྒྱུན་རང་ཉིད་ཀྱི་ཉེ་འཁོར་དག་ནས་གཞན་སྐད་ཀྱི་འབ་ཟུག་གཟི་བརྗིད་དུ་བརྩི་མཁན་གྱི་ཁྱི་ཕྲུག་རེ་འགའ་དང་།གཞན་སྲོལ་སྐྱག་དྲི་བཞིན་ལེགས་པར་རློམ་པའི་ཕག་ཕྲུག་རེ་འགའ།རྐུབ་སྟེགས་རེག་ཚེ་རང་རིགས་འདོར་བའི་རྐྱལ་སྟོང་རེ་འགའ།ཤོག་དངུལ་འཐོབ་ཚེ་སྐྱི་འཛུམ་དང་རྔ་མར་ཟད་རྒྱུ་མེད་པའི་ཁྱི་མོ་རེ་འགའ།གཞུང་དངུལ་རེག་ཚེ་མེས་རྒྱལ་དང་མི་རིགས་བརྗེད་པའི་དབུ་ཁྲིད་རེ་འགའ།ཤོག་རྒྱུགས་ཀྱི་ཆེད་དུ་སློབ་གསོ་གཉེར་བའི་དགེ་རྒན་རེ་འགའི་ཐ་ཤལ་གྱི་བྱ་སྤྱོད་དག་རེད།ཡིན་ན་འང་དེ་རིང་བདག་གིས་ལས་རིགས་མཐུན་པའི་ཁྱོད་ཚོ་ལས་གཞན་རྣམས་བཏང་སྙོམས་སུ་འཇོག་པ་ལས་འོས་མི་འདུག ཁྱོད་ཚོ་ནི་མི་རིགས་འདི་དང་མིའི་རིགས་ཀྱི་བླ་སྲོག་གི་བཟོ་སྐྲུན་པ་དང་ལམ་སྟོན་མཁན་ཏེ།མི་རིགས་ཀྱི་འབྱུང་འགྱུར་དང་འཕེལ་རྒྱས་ཁྱོད་ཚོའི་ལག་ན་ཡོད་ལ།བྱིས་པ་ཚོའི་མདུན་ལམ་དང་མ་འོངས་པ་ཡང་ཁྱོད་ཚོའི་ལག་ན་ཡོད།
   རྐྱེན་དེས་ཁྱོད་ཚོ་གོང་གི་བསྲན་མི་ཚུགས་པའི་གནས་ཚུལ་དེ་དག་གི་གདོང་ཐད་དུ་ལངས་ཏེ།བསམ་བློའི་ཕྱོགས་ནས་ལམ་སྟོན་དང་མི་གཞིའི་ཕྱོགས་ནས་མཛུབ་སྟོན།ལྟ་བའི་ཕྱོགས་ནས་ཡོ་བསྲང་བྱ་རྒྱུ་ལས་དབུ་མའི་བརྟུལ་ཞུགས་སམ་སྡར་མའི་ངང་ཚུལ་སྟོན་ག་ལ་རིགས་ཏེ་གཏན་ནས་མི་རིགས་སོ།།
   ཡིན་ཡང་ཁྱོད་ཚོས་ཉིན་མཚན་དུས་དྲུག་ཏུ་ཤ་འབད་རུས་འབད་ཀྱིས་སློབ་གསོའི་དོན་ལ་གཞོལ་དོན་ནི།ཤོག་རྒྱུགས་ལ་སྐར་མ་མཐོན་པོ་ཞིག་ལེན་རྒྱུ་དེ་མ་ཡིན་པར་བྱིས་པའི་བསམ་བློ་དང་ཤེས་རིག  འཇོན་ཐང་དང་ནུས་པ།རིག་པ་སོགས་བག་ལ་ཞ་བའི་རིགས་སྔོག་འདོན་དང་དར་སྤེལ།ཅི་ཡང་བཤད་ཕོད་པ་དང་སྒྲུབ་ཕོད་པ།སྙིང་སྟོབས་བཅས་ལྡན་པའི་མི་རབས་ཤིག་སྐྱེད་སྲིང་བྱ་རྒྱུ་དེ་ཡིན་མོད།འོན་ཀྱང་ད་ལྟའི་གནས་བབ་ལ་གཞིགས་ཚེ་དེ་འདྲ་མིན་པའི་ངེས་པའང་མི་འདུག
   ཁྱོད་ཀྱིས་ནངས་སྔ་ལངས་དང་དགུང་འཕྱི་ཉལ་གྱིས་དུས་ཚོད་མང་པོ་ཞིག་སློབ་གསོའི་དོན་དུ་བཏང་བ་བདེན་ན།སྐར་མ་ལོན་བྱེད་ཀྱི་ཤོག་རྒྱུགས་ཙམ་ལ་དེ་འདྲའི་དུས་ཚོད་མོད་པོ་ཞིག་དགོས་སམ།གལ་ཏེ་དགོས་ཞེས་ཁྱོད་ཀྱིས་ཨུ་ཚུགས་བྱེད་ན་འཛམ་གླིང་གི་དུས་ཚོད་ལ་ཇི་འདྲའི་རིན་ཐང་ཆེ་ཡང་ཁྱོད་ཀྱི་དུས་ཚོད་དེར་རིན་ཐང་ལྡན་མིན་སོམ་ཉིའི་ཡུལ་ལས་ཅི་ཞིག་གདའ།
དེའི་སྟབས་ཀྱིས་ཁྱོད་ཚོའི་འགན་འཁྲི་ནི་ཧ་ཅང་ལྕི་སྟེ།སློབ་གྲྭའི་སློབ་གསོ་ཙམ་འཁྱོངས་སོང་བས་འཐུས་པ་མིན་ལ།བྱིས་པར་ཤེས་རིག་ཙམ་འབྱོར་སོང་བས་འཐུས་པ་ག་ལ་ཡིན།ཁྱོད་ཀྱིས་རང་ཉིད་དང་བཅས་པའི་ཁོར་ཡུག་རེ་རེའི་སྨག་རུམ་འཇོམས་དགོས་ལ།སྤྱི་ཚོགས་དང་མི་རིགས་ལ་ལམ་སྟོན་དང་སྣེ་ཁྲིད་བྱེད་པའི་འགན་རླབས་པོ་ཆེ་ཡང་འཁུར་དགོས་པས་སོ།།  
 
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྗོད་འདོད་ཐར་ཐོར།

2011-10-26 རྔོག་རུ་བ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།