འཚོ་བའི་ཟིན་ཐོ།

༡ སྐད་ཆ་བཤད་ཤེས་པ་ནས་བཟུང་།འཚོ་བའི་འཇུག་ངོགས་ལ་མནོ་བསམ་གཏོང་ཤེས་པ་མགོ་བརྩམས་པ་ཡིན་ལ།འཚོ་བའི་བརྒྱུད་རིམ་ལས་འཕོས་པའི་ཤེས་རབ་དང་མྱོང་བ་མཐའ་དགཁྱོད་དང་ང་སུས་ཀྱང་བྲིས་ཆོག་ལ་གླེང་ཡང་ཆོག་སྟེ། དེ་ལ་ལོ་ཚོད་དང་ཐོབ་ཐང་གི་བཀག་རྒྱ་གང་ཡང་ཡོད་མི་འགྲིག རྒྱུ་མཚན།འཚོ་བ་དང་མི་ཚེ་ནི་མགོ་བརྩམས་པ་ནས་མཇུག་བསྡུ་རག་བར་འཚོལ་སྙེག་གི་གོ་རིམ་ཞིག་དང།འདས་ཟིན་པའི་ཤེས་རྟོགས་ཀྱི་ཡོང་སྒོ་དང།ད་ལྟ་བའི་རྟོགས་སད་ཀྱི་འབབ་སྒོ་ལ་བསྡུ་གསོག་བྱེད་དགོས་པའི་སྣང་ཚུལ་འབའ་ཞིག་ཡིན།
༢ འཚོ་བའི་ཁྲོད་དུ།བགེགས་བར་ཆད་ནམ་ཡོང་ཆ་མེད་ཡིན་པས།གལ་ཏེ།བགེགས་ཀྱི་མདུན་སར།ཁྱོད་རང་ནམ་ཡང་མགོ་བོ་སྒུར་མཁན་དེ་ཡིན་ཚེ།ཁྱོད་ཀྱིས་ལེགས་འགྲུབ་ཀྱི་གོ་སྐབས་ཡོད་ཚད་འཆོར་སྲིད་ངེས་ཡིན། གྲོགས་པོ་ལགས།འཚོ་བའི་བར་ཆད་ཀྱི་འགག་སྒོ་གཏོར་ནས།མཐའ་མཇུག་གི་རྒྱལ་ཁ་རེ་ལེན་འདོད་ན།ཁྱོད་ཀྱིས་རང་ཉིད་ལ་ཡིད་ཆེས་གནོངས་དང་།ཁྱོད་འཕྲད་པའི་ཕམ་ཁ་རེ་ནི། དོན་དངོས་སུ།ང་ཚོ་སུས་ཀྱང་བརྒྱུད་དགོས་པའི་འཇི་རྟེན་གྱི་ཆོས་ཉིད་ཅིག་ཡིན་ནོ།
༣ འཚོ་བ་ནི་མ་གཞི་ནས་སློབ་སྦྱོང་གི་གོ་རིམ་ཞིག་སྟེ།ཁྱོད་ཀྱིས་ངེས་པར་དུ་དཀའ་སྡུག་ལ་ཇི་ལྟར་གདོང་གཏོད་ཚུལ་སློབ་དགོས་ཤིང་།འཚོ་བས་གནང་བའི་རྒྱུགས་འདྲི་རེ་རེར་སེམས་ཞིབ་མོས་བསམ་བློ་གཏོང་དགོས་ཤིང་།དེ་བས་ཀྱང་དྲང་ལྡོག་གཉིས་ནས་བསམ་གཞིགས་བྱེད་པར་གོམས་དགོས། དེ་ལྟར་བྱས་ན།ཁྱོད་རང་ཐེམ་སྐས་གསར་བར་འཛེགས་པའི་འཕེལ་རྒྱས་ཡོད་སྲིད་ཅིང་།ངེས་དོན་གྱིས་འཚར་ལོངས་འབྱུང་སྲིད།
༤ ད་ལྟའི་མི་རྣམས།སེམས་ཁམས་མི་སྐྱིད་པའི་སྐབས་སུ།རང་ཉིད་ལ་ལེ་བདའ་བྱེད་པར་གོམས་ཡོད།དེ་ལྟར་སེམས་ཤུགས་ཡོད་དགུས་རང་ཉིད་ལ་ལེ་བདའ་བྱས་པས།ཕྱོགས་གཞན་ཞིག་ནས།ཁྱོད་ཀྱིས་དཀའ་ངལ་ལ་གདོང་གཏོད་པའི་སྙིང་སྟོབས་དང་ནུས་པ།བསམ་ཚུལ་སོགས་ཤོར་སྲིད་པས།ཁྱོད་ལ་ཅི་ཡང་ཐོབ་མི་སྲིད། དེ་ལས།ཁོང་ཁྲོ་དང་སྡུག་ཡུས་རྒྱབ་ཏུ་བསྐྱུར་ནས།གནད་དོན་ཇི་ལྟར་གསེད་བཀྲོལ་གཏོང་བར་རེམ་ན།དེ་ནི་ཆེས་ཡང་དག་གི་གདམ་ག་ཞིག་གོ
༥ ང་ཚོས་འབྱུང་འགྱུར་གྱི་དོན་བྱར་གདམ་གསེ་བྱེད་མི་ཐུབ་རུང་།ཇི་ལྟར་ཁ་གཏོད་པར་ལངས་ཕྱོགས་གསལ་བོ་ཞིག་བཟུང་ན་འགྲིག
༦ འཚོ་བའི་ཁྲོད་དུ།ང་ཚོ་བགེགས་དང་བར་ཆད་མི་ཉུང་བ་ཞིག་ལ་འཕྲད་སྲིད།གལ་ཏེ།ཁྱོད་ཀྱིས་དཀའ་སྡུག་ལ་ཁ་གཡར་ནས་ཡོད་ཚད་བློས་བཏང་ན།ཁྱོད་ལ་རྒྱལ་ཁ་ལོན་པའི་གདེང་ཚོད་ཡེ་ནས་མེད།དེ་བས།རྒྱུན་འཁྱོངས་བྱོས་དང་།རྒྱལ་ཕམ་གྱི་དབང་ཆ་རང་ཉིད་ཀྱི་ལག་ན་ཡོད།
༧ ཁྱོད་དང་ཕུགས་བསམ་གྱི་བར་ལ་རྒྱང་ཐག་ཇི་འདྲ་རིང་རུང་།ཁྱོད་རང་ཡིད་ཆད་མི་དགོས།བློ་རྩེ་གཅིག་སྒྲིམ་གྱིས་རང་ཉིད་ཀྱི་ཉིན་རེའི་བྱ་བ་ལེགས་པོར་སྒྲུབ་ན།བར་ཐག་དེ་ནི་རང་ཤུགས་ཀྱིས་ཇེ་ཉེར་འགྲོ་ངེས།
༨ གནས་ཚུལ་ཇི་འདྲ་ཞིག་གི་འོག་ཏུའང་།རང་ཉིད་ལ་དམའ་འབེབས་བྱེད་མི་རུང་།རང་ལ་ཆེས་རྒྱུས་མངའ་ཡོད་མཁན་དེ་ནི་རང་ཉིད་ལས་གཞན་སུ་ཞིག་ཀྱང་མིན།
༩ བྱ་བ་ཡོད་ཚད་བདེ་ལེགས་ཤིག་གཞི་ནས་མིན།ཡིན་ནའང་།ཁྱོད་ཀྱིས་རང་ཉིད་ལ་ཡིད་ཆེས་དང་རེ་སྒུག་སྩོལ་རོགས།དགུན་ཁ་སླབས་པ་དེས་དཔྱིད་ཀ་ཟེར་བ་ཞིག་ལ་སྔོན་བརྡ་བཏང་བ་བཞིན།སྡུག་གི་རྗེས་ན་སྐྱིད་ཅིག་མཆིས་པ་འཇིག་རྟེན་གྱི་ཆོས་ཉིད་དོ།
༡༠ གནོན་ཤུགས་ཇི་འདྲ་ཞིག་གི་འོག་ཏུའང་།འཚོ་བ་ལ་ཞེན་ཁ་ལོག་མི་ཉན།རྒྱུ་མཚན་དེ་ནི་ཁྱོད་ལ་སྟོབས་ཤུགས་སློང་བའི་གཞི་ཡིན། དེ་བས།ང་ཚོས་དུས་རྟག་ཏུ་གནོན་ཤུགས་ཡོད་ཚད་སྒུལ་ཤུགས་སུ་བསྒྱུར་བར་བརྩོན་དགོས།
༡༡ མཇུག་འབྲས་ཁོ་ནར་བལྟ་མི་རུང་།དོན་ངོ་མར་བརྒྱུད་རིམ་ནི་ཁྱོད་རང་འཚར་ལོངས་འབྱུང་བྱེད་ཀྱི་རྒྱུ་གཙོ་བོ་ཡིན།
༡༢ འཚོ་བའི་གོམ་སྟབས་རེ་རེ་གཏན་འཇགས་ཀྱིས་སྤོས་ཏེ།རང་ཉིད་ལ་བསམ་བློའི་བར་སྟོང་ཞིག་སྦྱིན་རོགས། གསོན་ན་སྟོབས་དང་ལྡན་པར་འཚོ་བ་དང་ཤི་ན་གཟི་བརྗིད་ལྡན་པར་འཆི་བ་ནི་གང་ཟག་ཅིག་གི་ཚད་མའི་གདམ་ག་ཡིན
༡༣ ཁྱོད་ཀྱིས་མི་གཞན་ལ་བསྟུན་མཁས་བྱས་ན་འགྲིག་མོད།འོན་ཀྱང་རང་ཉིད་སུ་ཡིན་པ་གཏན་ནས་བརྗེད་མི་རུང་།
༡༤ ཐུན་མོང་གི་སྤྱི་ཚོགས་སུ་།ཁྱོད་ཀྱིས་མཐུན་སྒྲིལ་ལ་གནོད་པའི་ལས་ཅི་ཡང་མི་བྱ་བར་ཞུ།རྒྱུ་མཚན།ཁྱོད་དང་ངའི་ཁེ་ཕན་སྲུང་ཞིང་ཁྱོད་དང་ངར་སྟོབས་ཤུགས་སློང་མཁན་དེ་ནི་མཐུན་སྒྲིལ་ཡིན།
༡༥ གོ་སྐབས་དམ་འཛིན་ནི་དེང་སྐབས་སྤྱི་ཚོགས་འདིའི་དོན་བྱ་གལ་ཆེན་ཞིག་ཡིན།གོ་སྐབས་ལ་རེག་ཐུབ་མིན་ནི་ཁྱོད་རང་གི་སྙིང་རུས་ལ་ཐུག་ཡོད་དེ།གོ་སྐབས་ཀྱིས་ཁྱོད་ལ་བརྡ་འཕྲིན་གཏོང་མི་སྲིད། དེ་བས།ཁྱོད་ཀྱིས་དུས་རྒྱུན་གྱི་འཚོ་བའི་ཁྲོད་དུ།རང་ཉིད་ཀྱི་ནུས་པ་དང་འཚམས་པའི་གོ་སྐབས་དེ་འཚོལ་རོགས།
༡༦ དུས་ཚོད་ཀྱིས་ཡོད་ཚད་ཐག་གཅོད་ཐུབ་པས།ང་ཚོས་དུས་ནམ་ཡང་དུས་ཚོད་དམ་འཛིན་བྱེད་དགོས།ཁྱོད་ཀྱིས་ཚེ་སྲོག་གི་དུས་ཡུན་རིང་སེམས་ནས་ཡོད་ཚད་ལྷོད་གཡེང་དུ་བཏང་ན།མཐའ་འཇུག་འགྱོད་འཁུམས་ཀྱི་གནས་སུ་ལྷུང་ཁོ་ཐག་ཡིན།
༡༧ མིའི་ཕྱི་ཚུལ་གྱིས་མིའི་ནང་སེམས་ལ་ཚུར་སྣང་བྱེད་མི་ཐུབ།དེ་བས།ང་ཚོས་མི་ཞིག་ལ་རྒྱུས་ལོན་བྱ་ན།བསམ་བློ་དང་བྱ་སྤྱོད་གཉིས་ཀའི་སྟེང་ནས་ཡུན་རིང་དུ་བརྟག་དགོས།
༡༨ མི་ཚང་མས་ཁྱོད་ཀྱི་མི་ཚེའི་རིན་ཐང་ལ་གདེང་འཇོག་བགྱི་བ་གཅིག་མཚུངས་ཤིག་ཡིན་མིསྲིད།དེའི་ཕྱིར་རང་ཉིད་ལ་ཚིག་པ་ཟ་མི་རུང་།གསེར་ས་ན་ཡོད་ན།འོད་གནམ་དུ་འཕྲོ་བ་ཁོ་ཐག་ཡིན།
༡༩ གལ་ཏེ།ཁྱོད་རང་སེམས་བསམ་པའི་སྟེང་ནས་མི་ཞིག་ལ་དུང་བ་ཡོད་ན།ཁྱོད་ཀྱིས་གང་དེར་རང་དབང་སྟེར་རོགས།དུས་ནམ་ཞིག གང་དེ་ཁྱོད་ཀྱི་གམ་དུ་ལོག་གྱུར་ན།དེ་ནི་དུས་གཏན་དུ་ཁྱོད་ལ་དབང་འགྲོ
༢༠ དངུལ་རྩའི་འཁོར་རྒྱུག་གི་གནས་བབས་ཛ་དྲག་ཆེ་བའི་དེང་གི་སྐབས་འདིར།དངུལ་ལོ་ནི་ཤིན་ཏུ་རྩ་ཆེ་བ་སྨྲ་མི་དགོས་མོད།འོན་ཀྱང་འདིས་ཉོ་མི་ཐུབ་པའང་ད་དུང་བགྲང་གིས་མི་ལང་།དཔེར་ན།དུས་ཚོད་དང་བརྩེ་བ།བསམ་བློ་དང་ཁྱོད་ཀྱི་དྲང་བདེན་སོགས་རེད།
༢༡ ཀུན་སྤྱོད་ཡག་པོ་ཞིག་ཆགས་ཐུབ་པ་བྱེད་རྒྱུ་ནི་མི་ཞིག་མཚོན་ན་ཆེས་གལ་ཆེ་བ་ཡིན།ཤེས་ཡོན་གྱི་ཆུ་ཚད་མཐོ་ཡང་ཀུན་སློང་དང་འདུ་ཤེས་ཀྱི་ཚད་རིམ་དམའ་ན།མི་གང་དེས་ཐུན་མོང་ངམ་སྤྱི་ཚོགས་ཤིག་ཕར་ཞོག ཐ་ན་རང་ཉིད་ལ་གཏན་འཇགས་ཀྱི་ལས་གནས་ཤིག་ཀྱང་རེག་དཀའ་ཚོད་འདུག
༢༢ མཚར་བོ་དེ་ལ་མ་མཚར་ན།།མཚར་བའི་གསང་བ་རང་བརྟོལ་ཡིན།།ཟེར་བ་ལྟར།གལ་ཏེ།ཁྱོད་རང་ཡ་མཚར་བའི་རྐྱེན་གང་ཞིག་ལ་འཕྲད་ཀྱང་།ཁྱོད་ཀྱིས་དེའི་ཤུགས་ཀྱི་གསང་བའི་མཐིལ་བརྟོལ་བར་འབད་པ་གྱིས་དང་།དེ་ལྟར་བྱས་ཚེ།ཁྱོད་རང་ཉིན་རེར་སྤྱང་གྲུང་ལྡན་པར་འགྱུར་སྲིད།
༢༣ མི་ཞིག་ལ་མཚོན་ན།གཞན་ལ་བཟོད་སྒོམ་བྱེད་ཐུབ་པ་བྱེད་རྒྱུ་ནི་ཤིན་ཏུ་ནས་ཀྱང་གལ་ཆེ་བ་ཡིན།དོན་དག་ཆུང་ངུ་ཞིག་ལའང་བཟོད་པ་སྒོམ་མ་ཐུབ་ཚེ།ཁྱོད་ལ་སེམས་ཁམས་སྐྱིད་པའི་དུས་ཚོད་རིང་བོ་ཞིག་ཡོད་མི་སྲིད།
༢༤ ད་ལྟའི་སྤྱི་ཚོགས་སུ།བློ་དཀར་གཞུང་དྲང་གི་མི་ཞིག་བཅའ་རྒྱུ་ནི་ཧ་ཅང་དཀའ་ཚོད་འདུག འོན་ཀྱང་།སྤྱི་ཕྱོགས་ནས་ང་ཚོ་འདིའི་ཕྱོགས་སུ་བསྙེག་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་སེམས།
༢༥ མི་རིགས་ཤིག་ལ་མཚོན་ན།སྐད་དང་ཡི་གེ་ནི་འཚོ་སྡོད་ཀྱི་གཞི་རྐང་རེད།འོན་ཀྱང་།ཁ་ཕོ་ཆེན་པོས་ཕ་སྐད་དང་ཡིག་རིགས་གླེང་བ་ཙམ་གྱིས་གོ་མི་ཆོད་དེ།འཚོ་དངོས་ཁྲོད་འཐིམས་པའི་དཔལ་འབྱོར་གྱི་མིང་བརྡ་སྐོར་དང་།སྲིད་ཇུས་དང་ཁྲིམས་སྲོལ།རིག་གཞུང་གཞན་དག་ཕ་སྐད་ཕ་ཡིག་གི་ལམ་ནས་བཀོལ་སྤྱོད་བྱེད་པར་བརྩོན་པ་ནི་གནད་ཀྱི་དམ་པའོ།
༢༦ བྱ་བ་སྒྲུབ་པར་ཆེས་ནུས་ལྡན་གྱི་བྱེད་ཐབས་ཤིག་ཡོད་པ་ནི་ལག་ལེན་དུ་བསྟར་རྒྱུ་དེ་རེད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འཚོ་བའི་ཟིན་ཐོ།

2012-11-26 བཀྲ་ཤིས་རྒྱལ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།