གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྨྲ་བསམ་བརྗོད་འདས་ལས་དྲངས་པའི་འཕྲིན་པ།

2013-06-28 10:48:00 སེང་ཆེན་དཔྱོད་མོས། ཀློག་གྲངས། མཆན ཡོད།

           སྔོན་འགྲོའི་གཏམ།
   གྲོགས་པོ་ལགས།ན་ཟླ་ཚོའི་མི་རབས་འདིའི་མང་མང་གིས་ལམ་བུ་གདམས་ཟིན།
  འུ་གཉིས་ཀྱིས་གང་ཞིག་འདེམ་ན་ལེགས་སམ།་གཏན་ནས་ནོར་མི་རུང་།

  གྲོགས་མཆོག་འབའ་གངས་སྲས་ལགས་ལ།
  གྲོགས་པོ་ཉེ་ལམ་སྐུ་བདེའམ།ཉེ་སྔོན་འུ་གཉིསQQགླེང་མོལ་ལས་རྒྱུན་ལྡན་ལྟར་མི་སྒེར་གྱི་གནས་བབ་དང་ཕུགས་བསམ་ཆ་བཅས་ནས་ཁ་བརྡ་བྱས་པ་འཕྲོས་ཏེ་སོ་སོའི་ངོས་ནས་ཀུན་ནས་ལྷག་པའི་ཆེ་ཆེ་ཕྲ་ཕྲ་ཐམས་ཅད་གླེང་སློང་ཞིག་བྱས་པ་ཙམ་གྱིས་གཞི་ནས་ཅི་ཡང་ལྷང་འཇགས་སེར་གནས་སོང་ལ།ཁ་བརྡའི་འཕྲོའང་མཐུད་མ་མཐུད་པར་རང་རང་ས་ནས་གླེང་མོལ་གྱི་སྒོ་གཏན་ནོ།།
གོང་ནི་འུ་སྤུན་ཟླ་གཉིས་ཀའི་ཉེ་སྔོན་གྱི་གནས་ཚུལ་ཡིན་ལ།ཁ་བརྡའི་ནང་དོན་ཐམས་ཅད་ཁྱོད་དང་ངེད་གཉིས་ཀྱིས་མ་གཏོགས་སུས་ཀྱང་མི་ཤེས་པས།མུ་མཐུད་དུ་གསང་རྒྱ་དམ་པར་གྱིས་ཤིག་གྲོགས་པོ།ཐེངས་སྔོན་མའི་དོན་དེར་མནོ་བསམ་ལེགས་པོ་ཞིག་བཏང་རྗེས་ངས་ད་དུང་མུ་མཐུད་དུ་རྒྱུ་འབྲས་གཙུག་ཏུ་བཀུར་རྒྱུའི་བློ་ཤུགས་ཉག་ཙམ་ཡང་འགྱུར་བའི་སྟ་གོན་མ་བགྱིས་ཤིང་།ངས་འཕྲིན་པ་འདི་གཏང་དོན་ཡང་ཉེ་བའི་ཉི་མ་སྔོན་འགར་ང་རང་དངོས་ནས་ཁྱོད་ཀྱིས་བཤད་པའི་འགག་ལམ་དེ་ལ་མངོན་སུམ་གྱིས་ཕྲད་བྱུང་བ་དང་།ལུས་སེམས་ཧྲིལ་བོར་བཟོད་ཐབས་བྲལ་བའི་གདུང་བས་རབ་ཏུ་ལྕི་ཞིང་།དེ་མ་ཉིད་དེར་གང་ཞིག་སྨྲ་འདོད་ཀྱི་ངག་ཀྱང་འཕྲོད་དཀའ་བར་གྱིས་ལ།བློ་ངོ་ན་ད་དུང་ཁྱོད་ཀྱིས་མཚན་མོ་དེར་ང་རང་ལ་བརྗོད་པའི་སྙིང་གཏམ་ཉིད་ལྷིང་ངེར་གསལ་བས་ངས་ད་གཟོད་སྡུག་གཏམ་འདི་ཁྱོད་རང་ལ་ཞུ་བ་ཡིན།གལ་ཏེ།ཁོར་ཡུག་ཅིག་ཏུ་མི་ཚོས་རང་གི་འདོད་པ་དེའི་སླད་དུ་ཀུན་སྤྱོད་ཐམས་ཅད་རྩ་ནས་མེད་པར་བརླགས་ཚེ།ཅི་ཞིག་གི་སྣང་ཚུལ་མངོན་སྲིད་དམ།ངས་འདི་ལ་འདང་རྒྱག་མི་ཕོད།ད་ལྟ་མང་མང་གིས་ལམ་བུ་སྣ་ཚོགས་འདེམ་གྱིན་ཡོད་ཅིང་།ངས་འགྲིག་པར་མ་མཐོང་།ད་སྔའི་གླེང་གཞི་ཆེས་ཆེ་བ་དགེ་འདུན་ཆོས་འཕེལ་དང་དོན་གྲུབ་རྒྱལ།ཞོགས་དུང་ལ་སོགས་པ་གཙོ་བོར་སྣང་།འདི་་ལྟར་གླེང་གཞི་ཡོད་ས་ཤེས་ཡོན་པ་ཏག་ཏག་རེད།ཡིན་ནའང་།འདི་དག་གི་་དཔྱད་གླེང་དང་འགྲེལ་རྒྱག་སྟངས་ཚང་མ་རིགསའདིའི་སྲོག་རྩ་ལ་ཐུག་ཡོད་བཞག་འདུགརྒྱུ་མཚན་ཡོད་དོ་ཅོག་ཁྱོད་ལ་གསལ་བ་དེ་བཞིན་རེད།མང་མང་གིས་རིག་གཞུང་གི་ངོས་ནས་ལམ་བུ་འཚོལ་བཞིན་ཡོད་ཟེར་བ་རེད་མོད།རང་རང་གི་དགའ་མོས་ཙམ་མ་གཏོགས་འདང་རྒྱག་གིན་མེད་མཁན་ཀྱང་མང་པོ་ཡོད་འདུགགོང་གི་མི་སྣ་དེ་དག་གི་སྒེར་གཤིས་ནས་གསུང་འབུམ་བར་དུ་ཕྱི་ནང་བསློགས་ནས་བསམ་བློའི་རིག་གཞུང་གི་ཆ་ལ་དཔྱད་པ་གནང་མཁན་ཧ་ཅང་མང་པོ་ཡོད་ཐལ།རྩོད་གཞིའང་དྲག་པོ་མཆིས།དེར་མཐུད་ནས་ལྟ་ཚུལ་ལའང་རྣམ་པ་སྣ་ཚོགས་རེད།བསྟན་པ་ཕྱི་དར་བཞིན་དུ་གྲུབ་མཐའ་མང་ཞིང་རྗེས་འཇུག་པ་མང་པོའང་འཁྱོངས་ཀྱིན་ཡོད་འདུགཡིན་མོད།དེ་ནི་ད་དང་མི་འདྲ།བར་སྐབས་དེར་དེང་གི་ཐ་སྙད་ཀྱིས་བཤད་ན་དགེ་སློབ་གང་རུང་རྒྱུ་སྤུས་ལེགས།འབད་པ་ཆེ།གཞུང་བློ་ཁོག་ལ་ཆུབ།ད་བར་དེ་་འདྲ་མ་རེད།ཉལ་རྐྱང་འཐུང་རྐྱང་རེད།དཀའ་ལས་མི་འདོད།བློ་ཁོག་ན་ཅི་ཡང་མེད།ང་རང་ཐེ་ཚོམ་གང་མང་ཟ་གིན་ཡོད།དཔེར་ན།ཉེ་སྔོན་རྣོ་སྦྲང་ཟེར་བས་རྒྱང་འཕེན་པའི་སྙིང་སྟོབས་ཟེར་བ་ཞིག་སྨྲ་གིན་ཡོད་པ་རེད།དེ་ཆོག་ཆོག་རེད།ཡིན་ནའང་ཁོས་ཅི་ཡིན་ཧ་གོ་གིན་ཡོད་མ་རེད།དེར་བསམས་ན་ཧ་ཅང་སྐྱོ་སྣང་སྟེར།ད་དུང་སེང་རྡོར་ཟེར་བ་ཞིག་གིས་བཅད་གསར་འདྲ་ཞིག་བཤད་སོང་།ངས་དེང་ཐོག་ཧ་མ་གོརྗེས་སུ་མཚོ་སྔོན་རླུང་འཕྲིན་ལས་ཁུངས་ན་བསྒྲགས་ཀྱིན་ཡོད་པ་རེད།རང་རང་ངོས་ནས་དེར་བཅད་གསར་བཏགས་པས་མི་ཆོག་པ་ཡོད་ས་མ་རེད་མོད།སྤྱིར་ན་བཅད་པ་ལ་གསར་རྙིང་དགར་པས་ཧ་ཅང་་གླེན།དཔེར་ན།ན་ནིང་གི་སྨྱུག་མའི་ཚིགས་རྙིང་ཞིང་གསེག་གིས་བསྡད་ཡོད་ས་ཞིག་དང་ད་ལོའི་ཚིགས་གསར་བ་ཐུར་དུ་འདུག་པ་ཞིག་ག་ལ་ཡིན་ཏེ་མིན་ནོ།
  ཁྱོད་ཀྱིས་བཤད་པ་ནང་བཞིན་དུ་དེང་སྐབས་འདི་ལ་ཅི་ཡིན་རུང་ཁ་ཡ་མ་བྱས་ན་ག་ལ་ཆོག གོང་ན་ཕ་མ་དང་ཞོལ་ན་བྱིས་པ།བར་ན་བཟའ་ཟླ་ཡོད་ནི་རེད།ལས་རྒྱུ་འབྲས་ལོས་ཡོད།མང་མང་ཞིག་མི་ཐུབ་རུང་།ཐོབ་ཐང་དང་ངོ་བོ་འགྱུར་རུང་ནི་མ་རེད།
དེ་བས།འུ་གཉིས་ནས་དང་པོ་རང་གི་ཁེ་ཕན་ལ་འདང་རྒྱག་དགོས་ནི་རེད།དེ་ཁྱོད་ཀྱང་འཐད་ང་རང་ཡང་འཐད།གཉིས་པ་མིང་དང་དབང་།ཁྱིམ་བཅས་ལ་འདང་རྒྱག་དགོས་པ་རེད།འདི་ལའང་ཁྱོད་འུ་གཉིས་འཐད་ཁོ་ཐག་ཡིན། གསུམ་པ་་་་།  གལ་ཏེ།འདི་བཞིན་སོང་ན། ངས་སྣང་ངོར་སླར་ཡང་གང་ཞིག་གིས་འདི་དག་ཐམས་ཅད་འབོར་བར་བྱེད་པའི་འཇིགས་སྣང་སློང་སྲིད།  
  སྤུན་ཟླ། འུ་གཉིས་ཀྱིས་ཀྱང་ལམ་བུ་ཞིག་འདེམ་རེམ་འདུག་པས་མི་ཚད་འཕྱི་འདུག  ཁྱོད་ཀྱིས་འདིའི་ཕྱོས་སུ་བསམ་བློ་ཞིག་གཏང་རྗེས་བདག་ལ་བསྐུར་ཤོག

                                                                 ཅེས་ཁྱོད་ཀྱི་གྲོགས་སེང་ཆེན་དཔྱོད་མོས་ནས།
                                                                      ༢༠༡༣ལོའི་ཟླ༥པའིཚེས༡༣ཉིན།
                                                                             རང་གི་གཞུང་སྒྲུབ་ཁང་དུ།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།