རྩ་བ་གཅིག་དང་ཡལ་ཀ་བཅུ།

  མི་ནི་མ་གཞི་ནས་རང་ངོ་མི་མཐོང་བའི་ཧམ་བསམ་ཅན་ཞིག་ཡིན་མོད།ཧམ་བསམ་ལ་ཚད་འཛིན་བྱེད་དུ་འཛམ་གླིང་རིག་གནས་ཀྱི་ས་བོན་གསོན་པོ་འདི་བཏབ་སྟེ་ཧམ་བསམ་དང་འདྲ་མཉམ་གང་ལ་མཁོ་བའི་ས་མཚམས་ཤིག་བཞག་ཡོད་ཀྱང་།"བོད"དང"བོད"ཀྱི་རིག་གནས་པར་འདོད་པའི་མི་ག་གེ་མོས་རིག་གནས་ཀྱི་དགོས་པ་དང་རང་གི་འདོད་པ་བརྗེ་སྟེ།རིག་གནས་ནི་རྐུབ་ཀྱི་རྔ་མ་དང་གདོང་གི་ཚེར་མ་གཅོད་བྱེད་དུ་འདོད་པ་ནི་ཡིད་སྐྱོ་ལ་ངག་སྨྲེང་བའི་ལས་ཞིག་རེད་ལ།གཞན་འདི་དག་གིས་རང་གི་ལྗིད་ཚད་རྒྱ་ཤིང་གིས་འདེགས་ཐུབ་མིན་ལ་མི་ལྟ་བར་རང་གི་ཚད་གཞི་མེ་ལོང་ངོས་སུ་བཤམས་པ་འདི་མཚར་རོ།།
    ༼དགེ་ཆོས་དྲ་བ༽དང༼སེང་རྡོར་དྲ་བ༽གཉིས་ཀ་ན་རང་གི་གདོང་གི་ཁ་དོག་དང་སེམས་ཀྱི་ནད་གཞི་ཆེ་ནས་ཆེ་རུ་འགྲོ་བར་འབད་བཞིན་པའི"བོད"ཀྱི་མིང་དང"བོད"ཀྱི་ལས་ལ་གནོད་པའི་གཏམ་ངན་རྣ་ལ་སུན་པོ་དག་གཅིག་རྗེས་གཅིག་གིས་བཟུང་དེ་བྲིས་དང་འབྲི་བཞིན་པ་འདིས་ཀྱང"བོད"ཟེར་བའི་མིང་ཚིག་རྐང་ཆག་མ་ཞིག་ཏུ་བཅས་དང་བཅོས་བཞིན་པ་ལས་གཞན་ད་དུང"སྒེར"དང"སྤྱི"གཉིས་ཀར་མུན་ནག་གི་ཕྱུ་པ་རེ་གྱོན་བཞིན་ཡོད་པ་མ་ཡིན་ནམ།
  སྐབས་འདིར"རང"དང"གཞན"ཟེར་བའི་དོན་འདི་ངོ་མ་ཤེས་པར་གསེར་ཀྱི་མེ་ལོང་ངོས་ལ་ས་རྡུལ་གཏོར་བཞིན་པ་འདི་དོན་གྱིས་རང་གི་ལག་པའི་ནང་དུ་རང་གི་སྐྱག་པ་བཏང་བ་ལས་གཞན་ཅི་ཡིན་ནམ།མ་གཞི་མི་གང་དང་གང་ཡིན་ཡང་རང་གཞན་སུ་ཞིག་ལ་བབས་ཀྱང་སྡོད་མི་ཐུབ་པ་ཞིག་ཡིན་ན་ཡང་།ཁ་གཡང་ལ་དགའ་བའི་ང་ཚོ་དེ་ལས་འདས་པའི་དཔེ་བརྗོད་གསོན་པོ་ཞིག་ཏུ་གྱུར་བ་འདི་ག་རེ་ཡིན་ནམ།"ནང"དང"ཕྱི"མེད་པར་སྨྱོ་ཚུལ་མི་འདྲ་བའི་རིགས་ཀྱི་ནད་འདི་ནུབ་ཕྱོགས་པ་དག་གིས་ང་ཚོར་བཞག་པའི་སྲོག་གི་གཏའ་མ་དེ་མིན་འགྲོ་འདོད་འོངས།
     རང་ཉིད་ཚོང་རྫེས་སུ་བསྒྱུར་བཞིན་པའི་ཡི་གེ་འབྲི་པ་བོར་འདོད་པའི་ཁ་ངན་ཁྭ་ཏའི་མཆུ་ཏོ་ཅན་འགས་སྐབས་དང་སྐབས་སུ་འདི་འདྲའི་དོན་མེད་ཀྱི་ལས་ཆུང་ཆུང་འགས"བོད"ཟེར་བའི་མིང་ཚིག་འདི་རྐང་ཆག་ལག་ཆག་ཅན་ཞིག་ཏུ་བཏང་སྟེ"བོད"ཀྱི་རིགས་ལ་དུངས་པའི་མི་བུ་རེ་ཟུང་ལ་ཞྭ་ནག་གོར་མོ་རྡོ་འདྲ་རེ་གྱོན་དོན་ག་རེ་ཡིན་ནམ།"ལྟ་ལོག"དང"བསྟན་དགྲ""ཆོས་ལུགས"དང"དད་མོས"ཟེར་བཞིན་རང་གི་ལག་པ་དང་མགོ་རྣ་རང་གིས་བདག་ཏུ་མི་འཛིན་བ་འདིའང་གེ་རེ་ཡིན་ནམ།"སེང་རྡོར"དང"རེ་རྐང་གླིང""སྨན་བླ"དང"སྒོ་རབ་རྒྱས"སོགས་ཀྱི་མིང་ཐོག་ཏུ་བྲིས་པའི"དགག་རྫུན"བྱ་རྒོད་རོ་ཐོག་ཏུ་བབས་པ་བཞིན་ཚར་རྒྱུ་མེད་འདི་ཡང་ག་རེ་ཡིན་ནམ།
      ཨིན་ཡིག་རེ་གཉིས་ཀྱི་བར་ནས་ཉི་མ་གཏོང་བཞིན"ཆོས"དང"ཆོས"ཅེས་བརྗོད་བཞིན་པ་འདི"ཞིབ"ཟེར་བའི་ཡི་གེ་དེ་རྩ་བ་བྱས་ཏེ"འཇུག"ཟེར་བའི་ཡལ་ག་བཅུ་ཅན་གྱི་ཤིང་སྡོང་ནག་པོ་འབྲས་བུ་ཁ་སྐྱུར་ཅན་ཞིག་བོད་ཀྱི་རྨི་ལམ་དུ་བཙུགས་ཏེ་རང་ཉིད་ཀྱི་དུར་ས་རུ་དུ་ནག་མེ་ཏོག་བཏབ་པ་མ་ཡིན་གྲང་།འདིའི་ཁྲོད་ན་ཡང"དྲ་བདག"ཏུ་འབོད་པའི་ཤེལ་དམ་སྟོང་པའི་མཚན་ཉིད་ཅན་གྱི་མི་རེ་གཉིས་ཀྱང་ཨག་སྐད་དང་ངུ་འབོད་ལ་དད་པ་བྱེད་པར་བརྩོན་བཞིན་པ་འདི་ཡང་ཚད་ཤིང་རང་བཞིན་ཅན་ཞིག་ཏུ་འགྱུར་བཞིན་ཡོད་པས།"བདག་པོ"ཟེར་བའི་མིང་འདི་ཡང"རང་དབང"ལས་བརྒལ་བའི"རང་དོན"ལ་འབབ་བཞིན་ཡོད་པས།རྩོམ་ཡིག་ཡིག་འདི་བློ་མ་བདེ་པར་ཕུལ་བ་ཡིན་ནོ།།

                          སྤྱི་ལོ༢༠༡༣ལོའི་ཟླ༣པའི་ཚེས༢༦ཉིན་དབུས་སུ་གྲུབ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

རྩ་བ་གཅིག་དང་ཡལ་ཀ་བཅུ།

2013-04-22 ས་དམར་གྲགས་པ། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།