“གསེར་ཁབ”ཚིག་གིས་བཞུས་པ།

ས་དམར་གྲགས་པ།༼ལྷ་ས༽ མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2013-07-23

   སྤྱིར་ང་རང་དྲ་ཞུགས་བྱེད་པར་ཧ་ཅང་དགའ་ལ། དགའ་བའི་རྒྱུ་མཚན་ཡང་དྲ་སྟེང་ན་སེམས་ཚོར་གློ་བུར་ཅན་གྱི་སྙན་ངག་མང་བོ་ཡོད་པས་ཡིན། མི་ནི་མ་གཞི་ནས་རང་ངོར་གསེར་ཆུ་བྱུགས་རྒྱུར་དགའ་བའི་སྲོག་ལྡན་རིགས་ཤིག་ཡིན་པས་ན། ང་རང་མིའི་སེམས་ཀྱི་བརྗོད་མི་ནུས་པའི་ཚོར་བ་རྩེ་རྣོ་པོ་ཅན་དག་ལ་ཧ་ཅང་དགའ།ཡིན་ན་ཡང་མི་ཞིག་ལ་མཚོན་ནས་བཤད་ན"འདི་ནི་ཡག་པོ་དང་གན་ནི་ངན་པའོ"ཟེར་རྒྱུ་ནི་ཤིན་ཏུ་ནས་ཧང་སང་དགོས་པའི་ལས་ཤིག་ཏུ་བདག་གིས་འདོད་ཡོད།གནས་སྐབས་འདིར་ང་རང་གིས་དྲ་ཐོག་ཏུ་རྩོམ་ཡིག་བཀོད་རྒྱུ་ཉུང་དུ་བཏང་བ་འདི་ཡང་ཡིག་ཚོགས་དང་སུན་སྣང་ཅན་གྱི་སྐད་ཆ་ལུགས་མེད་ཅན་དག་དང་ཁ་ངོ་གཉིས་ཅན་གྱི་ཡི་གེ་དུག་རྫས་མཚོན་ཆར་འདོད་མཁན་གྱི་ཟིན་བྲིས་པ་རེ་འགར་ཐག་རིང་དུ་བཏང་བ་ཙམ་ཡིན།མ་གཞི་ངས་སྐད་ཆ་གཅིག་ཀྱང་མ་བཤད་པར་བསྡད་ན་ཆོག་མོད།ཐེངས་འདིར་དེ་འདྲ་ཞིག་རེད་མི་འདུག་པས་ངས་ཅུང་ཙམ་ཞིག་མི་བརྗོད་ཐབས་མེད་ལྟ་བུའི་སྐད་ཆ་འགའ་ངའི་ཟིན་བྲིས་འོག་ཏུ་བཞག་པའི་མཆན་བུའི་ནང་དུ་ཡོད་པས་ཡིན།༼ཁྱེད་རང་བུ་མོ་དེ་དང་ལྷན་དུ་ཉི་མ་ལྷ་སའི་སྲང་ཁུག་ནང་ཆང་བཏུང་ཡང་བུ་མོ་དེའི་ཚུལ་སྤྱོད་ངན་པ་འབྲི་ཁུལ་བྱས་འདུག དེ་འདྲ་མ་འབྲི། ཧ་གོ་སོང་ངམ། སྙན་ངག་དེས་བར་སྐབས་དེའི་མྱོང་སྣང་ཙམ་ལས་གཞན་གང་ཡང་མཚོན་ཐུབ་ཀྱི་མ་རེད་། ལྟོས་དང་ལྷ་ས་ནས་རྒན་བྱ་གཞུང་དབྱངས་བྷ་ལགས་ཀྱི་གང་འདྲ་འབྲི་ཀྱི་འདུག༽གོང་གི་སྐད་ཆ་འདི་དག་ལས་ང་རང་བློར་མ་སོང་བའི་སྐད་ཆ་འགར་ང་རང་གི་ལྟ་ཚུལ་ཙམ་ཞིག་འོག་ནས་ཅུང་ཙམ་བརྗོད་པར་བྱ།ཁྱེད་ཅག་གིས་ངལ་བར་མི་འཛེམ་པར་ཞུའོ།།
   ངས་བྲིས་དང་འབྲི་བཞིན་པའི་སྙན་ངག་དང་རྩོམ་ཡིག་ལུས་གང་ཞིག་ཡིན་ན་ཡང་དོན་དངོས་ཀྱི་ཚོར་བ་དང་།འཆར་ཡན།རབ་རིབ།བསྡུས་བརྗོད་སོགས་གང་ཞིག་གི་ལམ་ནས་རང་གི་ནང་སེམས་ཀྱི་སྐད་ཆ་བརྗོད་ཅི་ཐུབ་བྱེད་བཞིན་ཡོད་ལ་བྱས་ཀྱང་ཡོད།སྐུ་ཞབས"གསེར་ཁབ"ཏུ་འབོད་པའི་ཟིན་བྲིས་པ་འདིས་མཆན་བཞག་པའི་ངའི་སྙན་ངག༼བུ་མོ་དེ་དང་ལྷན་དུ༽ཞེས་པ་འདི་ལ་མཚོན་ནས་བཤད་ན་འཆར་ཡན་སྙན་ངག་གམ་འདྲེས་ཚོར་ཅན་གྱི་སྙན་ངག་ཅིག་ལས་མ་འདས།ཡིན་ན་ཡང་ཁྱེད་ཀྱིས་གསུངས་ཚུལ་ལ་བལྟས་ན་ངས་ནི་མིའི་སྤྱི་ཚོགས་ཀྱི་མུན་ནག་ལ་དད་པ་བྱས་ཡོད་པ་ལྟ་བུ་ཞིག་བརྗོད་འདུག དཔེར་ན༼ཁྱེད་རང་བུ་མོ་དེ་དང་ལྷན་དུ་ཉི་མ་ལྷ་སའི་སྲང་ཁུག་ནང་ཆང་བཏུང་ཡང་བུ་མོ་དེའི་ཚུལ་སྤྱོད་ངན་པ་འབྲི་ཁུལ་བྱས་འདུག དེ་འདྲ་མ་འབྲི།ཧ་གོ་སོང་ངམ།སྙན་ངག་དེས་བར་སྐབས་དེའི་མྱོང་སྣང་ཙམ་ལས་གཞན་གང་ཡང་མཚོན་ཐུབ་ཀྱི་མ་རེད་།༽ཞེས་པ་འདི་རེད།ངས་བུ་མོ་དེའི་ཚུལ་སྤྱོད་ངན་པ་ཞིག་གང་ན་བྲིས་འདུག་གམ།སྤྱིར་སྙན་ངག་དེའི་ནང་དུ་བྲིས་པའི་སྣང་བརྙན་དེ་སྨད་ཚོང་མ་ཞིག་གི་མཛེས་པའམ་ཡང་ན་ན་ཆུང་མ་གང་ཞིག་གི་རྨི་ལམ་མ་ཡིན།དེ་ནི་སེམས་ཀྱི་སྐད་ཆ་གང་ཞིག་མཚོན་བྱེད་ཀྱི་རྟགས་ཙམ་ཡིན་ལ།ནང་སེམས་ཀྱི་བདེ་བ་དང་དྲན་པ་གང་ཞིག་མིག་གི་ཟས་དང་ཡིད་ཀྱི་འཆར་ངོས་སུ་བཀོད་པའི་སྣང་བ་ཞིག་ཡིན་ལ།དཔེར་ན་སྙན་དག་དེའི་ནང་དུ་བྲིས་པའི་སྐད་ཆ་སྟེ༼ང་རང་ཤེལ་དམ་ཞིག་ཏུ་འཛུལ་ནས་ཕྱིར་བུད་མེད༽ཅེས་པའི་ཁེར་རྐྱང་གི་སྣང་བ་འདི་མ་བཟོད་པའི་སྙན་ངག་ཅིག་གོ།།
   སྙན་ངག་ཅེས་པ་ནི་ཁྱོད་ཀྱིས་གསུངས་པ་བཞིན༼ཁྱེད་རང་བུ་མོ་དེ་དང་ལྷན་དུ་ཉི་མ་ལྷ་སའི་སྲང་ཁུག་ནང་ཆང་བཏུང་ཡང་བུ་མོ་དེའི་ཚུལ་སྤྱོད་ངན་པ་འབྲི་ཁུལ་བྱས་འདུག དེ་འདྲ་མ་འབྲི།ཧ་གོ་སོང་ངམ།སྙན་ངག་དེས་བར་སྐབས་དེའི་མྱོང་སྣང་ཙམ་ལས་གཞན་གང་ཡང་མཚོན་ཐུབ་ཀྱི་མ་རེད་།༽ཚུལ་སྤྱོད་ཀྱི་རིགས་འབྲི་མི་ཆོག་པའི་ཁྲིམས་ཁང་ནང་གི་རིག་གནས་ཤིག་མིན་ལ།ཚུལ་སྤྱོད་ཀྱི་རིགས་བྲིས་ཀྱང་ཀློག་མཁན་རྣམས་ཧང་སང་འགྲོ་བའི་རིག་གནས་ཤིག་ཀྱང་མ་ཡིན་ལགས།སྙན་ངག་ནི་མེ་ལོང་མ་ལྟ་བུའི་རྒྱན་ཚིག་ཁོ་ནས་གྲུབ་པའི་གཞི་གྲུབ་ཅན་ཞིག་ཀྱང་མ་རེད་འདོད།སྙན་ངག་ནི་འཚོ་བ་ལས་འཁྲུངས་ཤིང་འཚོ་བ་ལས་སྙན་ངག་ལ་ཚེ་སྲོག་གི་སྟོབས་སྦྱིན་གྱི་ཡོད་པས་སྤྱི་ཚོགས་ཀྱི་འཕེལ་རྒྱས་ལས་སྙན་ངག་གི་འཕེལ་རྒྱས་ཚོར་ཐུབ་པར་འདོད་ཀྱི་ཡོད།ཕྱི་ནང་གི་སྙན་ངག་པ་གང་དེའི་བརྩམས་ཆོས་ལ་གཟིགས་དང་གསལ་བོ་ཡོད་པ་རེད། དེ་མིན་ཉིད་ཀྱིས་ཕྱི་ཕྱོགས་རྩོམ་རིག་དང་དགྱའི་རྩོམ་རིག་དང་བོད་ཀྱི་དེང་རབས་རྩོམ་རིག་དང་གནའ་བོའི་མགུར་དང་དམངས་གཞས་དང་ལ་གཞས་སོགས་ལ་བག་ཆགས་འདྲ་བཞག་ཡོད་ན་དེ་དག་ཚོར་ཐུབ་པ་ནི་བདག་གིས་སྨྲ་མི་དགོས་པ་ཞིག་ཏུ་འདོད་ཡོད།འོན་ཀྱང་དེ་དག་ལ་བག་ཆགས་བཞག་ཀྱང་མཐོང་མ་སོང་བ་ཡིན་ན་ངས་ཁྱེད་ལ་ཟུར་ཙམ་གྱི་སྐད་ཆ་ཐུང་ཐུང་འདི༼སྙན་ངག་གི་ནང་དུ་བྲིས་པའི་རི་བོ་ནི་རི་བོ་ཡིན་ཡང་ཆོག་ལ་མིན་ཡང་རུང་ལ།བུད་མེད་དང་ཆང་ཡང་བུད་མེད་དང་ཆང་མ་ཡིན་ཡང་རུང་ལ་མིན་ཡང་ཆོག་གོ༽ཁ་གསལ་བའི་ཆེད་དུ་བྲིས་པ་ཡིན་ནོ།།
   དེ་མིན་གོང་གི་སྐད་ཆ་ལས་གཞན་ཞིག་བརྗོད་བྱ་བྱས་ཏེ་ཕྱོགས་གཞན་ཞིག་ནས་བཤད་ན།ཉིད་ཀྱི་སྐད་ཆ་འདི་ལས༼ལྟོས་དང་ལྷ་ས་ནས་རྒན་བྱ་གཞུང་དབྱངས་བྷ་ལགས་ཀྱི་གང་འདྲ་འབྲི་ཀྱི་འདུག༽ཚོར་ཐུབ་པ་ཞིག་ནི་ཁྱེད་རང་ཆེན་པོ་ཞིག་བྱས་ཏེ་རང་ཉིད་ཀྱི་ཁ་ཕྱོགས་འབོར་བཞིན་པའི་སྣང་བ་ཞིག་ངའི་བློ་ངོར་བཤམས་པ་དེ་རེད།རྒན་བྱ་གཞུང་དབྱངས་བྷ་ལགས་ལ་མཚོན་ནས་བཤད་ན་ཁྱེད་ལས་ང་ལ་གསལ་ཆ་ཡོད་ལ།ཁོང་གིས་ཅི་ཞིག་གི་ལས་དང་གང་ཞིག་གི་འབེན་ལ་དམིགས་ཏེ་རང་ཉིད་ཀྱི་འཚོ་བར་གསེར་འོད་ལམ་ལམ་གྱི་ཁང་བཟང་ཞིག་སྐྲུན་གྱི་ཡོད་པའང་ང་ལ་གསལ་ཆ་ཡོད།དེ་མིན་དགོངས་དག་ཞུ་དགོས་པ་ཞིག་ནི་ང་རང་རྒན་བྱ་གཞུང་དབྱངས་བྷ་ལགས་མ་ཡིན་ལ།སྐུ་ཞབས་ཁྱེད་ཡང་མ་ཡིན།ང་ནི་ང་སྟེ་ས་དམར་གྲགས་པ་ཡིན་ལགས།རྩོམ་པ་བོ་གང་ཞིག་གི་བརྩམས་ཆོས་ལས་རྩོམ་པ་བོ་གང་དེའི་གསང་བ་རྟོགས་དགོས་ཚེ་དེ་ལ་དེའི་བློ་དང་ཤེས་རབ་མེད་ཚེ་འོན་པ་ཞིག་ལ་གླུ་ལེན་པ་དང་ལོང་བ་ཞིག་ལ་ཟླ་བ་ནི་དཀར་པོ་རེད་ཅེས་ཞུས་པ་ལས་མ་འདས་པས།རང་གི་བློ་དང་ཤེས་རབ་ཀྱི་ཚོད་ལ་རྒྱ་ཤིང་ཞིག་འཚོལ་དགོས་པ་དེ་རེད།ང་རང"ལ་རྒྱ"ཟེར་བའི་ཚིག་སྐམ་དེར་མི་དགའ་ལ།"མི་རིགས"ཟེར་བའི་སྣང་སྟོང་ཅན་དེ་དག་ལའང་མི་དགའ།ང་རང་ང་རང་གི་ཚོར་ཐུབ་པ་དང་འབད་ཐུབ་པའི་ལས་དག་ལས་གཞན་གང་ཞིག་གི་ལག་འོག་ཏུ་ཤོར་བའི་རལ་གྲི་ཁ་མེད་མ་དེ་བྱེད་མི་འདོད་པས།ངས་ནི་ལས་གང་ཞིག་བྱས་ཀྱང་རང་གི་འཇོན་མིན་ལ་བསམ་བློ་བཏང་བ་ཡིན་ལགས།
   སྤྱིར་བོད་ཀྱི་རྩོམ་པ་བོའི་སྤྱི་ཚོགས་འདི་ལ་མཚོན་ནས་བཤད་ན་འདི་ལྟར་སྟོབས་ཆེན་པོས་སྐད་ཆ་བཤད་མཁན་ཡང་སྐུ་ཞབས"གསེར་ཁབ"ལགས་ཁྱེད་རང་གཅིག་པུ་ག་ནས་ཡིན།མ་ཡིན་ཏེ་རང་སྣང་གང་དྲན་དང་འདོད་འདོད་བརྗོད་པར་སྤྲོ་བའི་མི་མང་པོ་ཡོད་ལ་ང་རང་ཡང་གཅིག་ཡིན།འོན་ཀྱང་འགྱུར་བ་དང་བསྒྱུར་བཅོས་མེད་ཚེ་རང་ཉིད་སྤྲིན་པའི་ནང་གི་ཁང་མིག་དེ་ལས་བརླག་སྲིད་པས་སྐུ་ཞབས"གསེར་ཁབ"ལགས་ཁྱེད་ཀྱིས་ཀྱང་སེམས་པ་ལྷོད་ལྷོད་བྱོས་ཏེ་བསམ་བློ་ཞིག་གཏོང་རོགས་ཞུ་དགོས་སོང་ལགས།ངས་ལྷ་ས་ནས་ལས་གང་ཞིག་བྱས་པ་དེ་སྒེར་དོན་འབའ་ཞིག་ལས་མ་འདས་པས།ངས་ཅི་ཞིག་བྱས་ཡོད་པ་དེའང་ང་རང་ཉིད་ཀྱི་ལས་ཤིག་ཡིན་པས་ན་ངས་འདི་བྱས་ཡོད་ཅེས་བརྗོད་པར་ང་རང་ཧ་ཅང་སྐྲག  དེ་ལྟར་སྐད་མཐོན་པོས་ངས་འདི་འདྲ་བྱས་ཡོད་ཅེས་བརྗོད་བཞིན་པ་དག་ལ་དེ་བས་ཀྱང་སྐྲག་སྣང་ཆེན་པོ་ཡོད་ལགས།གང་ལྟར་ངས་བོད་ཡིག་གི་རྒྱ་མཚོ་ཆེན་པོ་འདི་ལས་རང་ཉིད་དད་ས་དང་དགའ་སའི་རྩོམ་རིག་གི་ལམ་བུ་འདི་འདེམས་པ་ནས།ངས་དཀར་གཙང་གཙང་གི་ནང་སེམས་ཀྱི་འཇིག་རྟེན་གཙང་མ་ཞིག་ལ་འབད་བཞིན་ཡོད།ངས་ནང་སེམས་ཀྱི་འཇིག་རྟེན་གཙང་མ་ཞིག་ལ་འབད་དོན་གདོང་ལ་གསེར་ཆུ་བྱུགས་ཏེ་ནང་སེམས་མག་མོག་ཅན་ཞིག་ཏུ་བརྫུ་མི་འདོད་པས་ཡིན།ངས་བྲིས་ཟིན་པ་དང་འབྲི་བཞིན་པའི་སྙན་ངག་གམ་རྩོམ་ལུས་གང་ཞིག་ཡིན་ཡང་དེ་བཞིན་ཡིན་པས།སྐུ་ཞབས"གསེར་ཁབ"ལགས་ཁྱེད་ཀྱིས་གསུངས་པ་བཞིན་ངའི་རྩོམ་ཡིག་དེ"ཚུལ་སྤྱོད"ཙམ་ལས་མ་འདས་ཚེ་འཚོ་བའང་རྫུན་མ་ཞིག་ལས་མ་འདས་པས་རྫུན་མའི་སྤྱི་ཚོགས་ལས་ང་རང་སད་ཡོད་པ་ཚོར་བྱུང་བས་སྐུ་ཞབས"གསེར་ཁབ"ལགས་ཀྱིས་བཞག་པའི་མཆན་བུ་དེར་ཐུགས་རྗེ་ཞུ་ཞོར་ཀློག་མཁན་དག་ལའང་ཐུགས་རྗེ་ཞུའོ།།

                  ༢༠༡༣/༥/༢༦ཉིན་དབུས་ལྷ་ལྡན་གྲོང་དུ་བྲིས་པ་དགེའོ།།
       
རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

“གསེར་ཁབ”ཚིག་གིས་བཞུས་པ།

2013-07-23 ས་དམར་གྲགས་པ།༼ལྷ་ས༽ ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།