དཔེ་ཀློག་དང་འབྲེལ་བའི་གཏམ་ཐོ་རེ་ལོང་ངེ་བ།

ཛམ་ཐང་བ་ལྕགས་མདའ།(འབར་ཁམས) 琼迈文学网 2025-04-24

      དེའང《ཤེས་རབ་བརྒྱ་པ》རུ། མཐོང་དང་མ་མཐོང་ཡོན་ཏན་འདི། །ཀུན་གྱི་རྩ་བ་ཤེས་རབ་ཡིན། །ཞེས་དང་། 《སྐྱེ་བོ་གསོ་ཐིགས》སུ། ཡོན་ཏན་མེད་པའི་ཁ་ཉིད་ནི། །ས་ཡི་བུ་ག་དག་དང་མཚུངས། །ཞེས་གསུངས་སོ། །དེས་ན། སྐྱེ་བོ་རང་རང་གི་ཐོས་རྒྱ་དང་མཐོང་རྒྱ་བསྐྱེད་དེ། ཡིན་མིན་བདེན་རྫུན་གྱི་རྣམ་དབྱེར་མཁས་པའི་མི་ཞིག་བྱ་ཐུབ་མིན་ལ་སྒོ་ཀུན་ནས་འབད་པར་རིགས་སོ། །དེ་བྱེད་པ་ལ་དཔེ་ཀློག་གི་བགྱི་བ་འདི་ལྷུར་བླང་བར་བྱ་སྟེ། དཔེ་ཀློག་གིས་ཐོས་པའི་རྒྱ་བསྐྱེད་ལ་ཤེས་རབ་འཕེལ་བར་བྱེད་པའི་ཕྱིར་རོ། །

  འཛམ་གླིང་དུ་ཡ་ཧུ་ད་པའི་མི་རྒྱུད་དག་ལ་དཔེ་ཀློག་གི་གོམས་སྲོལ་བཟང་པོ་ཡོད་པར་བཞེད་ལ། ཁོ་ཚོས་རང་གི་ཡི་གེ་ལ་ལྷ་དང་མགོན་ཆེན་པོའི་འདུ་ཤེས་འཇོག་ཀྱང་ཟེར་ཏོ། །རང་རེ་བོད་ཀྱང་དཔེ་ཆ་དང་ཐོས་པ་ལྷུར་ལེན་པར་དགའ་བའི་མི་རིགས་ཤིག་ཡིན་ཏེ། མཚན་མོའི་དུས་སྐབས་ནའང་། ཟླ་བའི་འོད་དང་། ཟླ་བ་མེད་ན་སྤོས་ཀྱི་ཐུར་མ་མཆོད་པའི་འོད་ལ་བརྟེན་ནས་དཔེ་གཟིགས་གནང་བའི་རྣམ་ཐར་མང་དུ་མཇལ་རྒྱུ་འདུག་གོ། །དགེ་བཤེས་སྤྱན་སྔ་པས་གཞུང་པོ་ཏི་བརྒྱ་ཕྲག་མང་པོ་ཐུགས་སུ་འགྲོ་བར་གསུངས་པ་དང་། 《རྟོགས་བརྗོད་འདུན་ལེགས་མ》རུ། དང་པོ་རྒྱ་ཆེན་ཐོས་པ་མང་དུ་བཙལ། །ཞེས་གསུངས་པ་ལྟར། རྗེ་ཙོང་ཁ་པ་ཆེན་པོས་ཆོས་གསན་པའི་ཞར་ལ་མདོ་རྩའི་རྒྱ་ཆེར་འགྲེལ་གྱི་དབུ་ནས་ཉིན་རེ་བཞིན་མདའ་ཚད་བཅུ་བདུན་རེ་མ་ཆག་པར་ཐུགས་ལ་བཟུང་པར་བཤད་དོ། །ཀུན་མཁྱེན་བོ་དོང་ཆེན་པོས་གསུང་རབ་ཀུན་ལ་གཟིགས་ཤིང་སེམས་པར་མཛད་པས། པོ་ཏི་བརྒྱ་ཕྲག་མང་པོ་ཡོད་ཀྱང་ཐ་ན་དེའི་ཤོག་གྲངས་ལ། འདིའི་ཡིག་ཕྲེང་འདི་ན་ཚིག་འདི་འདྲ་ཡོད་ལྟ་བུའང་གསལ་བར་གསུངས་པ་དང་། ཁོང་གིས“ཁོ་བོ་གསུང་རབ་བརྒྱ་མཚོ་ལ་བློ་ཁ་ཕྱོགས་པའི་རྣམ་དཔྱོད་འདི་འཇིག་རྟེན་གྱི་ཕྱོགས་ལ་ཁ་ལོ་བསྒྱུར་ན་རང་ཅི་འདྲ”ཞེས་ཀུ་རེ་མཛད་པ་ལྟ་བུ་སོགས་ཏེ། གྱོང་ལྟོ་གོས་གཏམ་གསུམ་ལ་སྦྱར། མི་ཚེ་ཐོས་བསམ་སྒོམ་གསུམ་ལ་བསྟིམས་པའི་སྐྱེས་བུ་ཆེན་པོ་དག་གི་རབས་ནི་བགྲང་པས་མི་ལངས་ལ་བརྗོད་པས་མི་རྫོགས་པ་ལྟ་བུར་ཡོད་དོ། །

  གཞན་ཡང་རང་རེར། ཇི་སྐད་དུ། ཚེ་འདིར་ལན་རེ་ཟུང་རེ་ཐོས་ཙམ་གྱིས། །གཞུང་ལུགས་ཀུན་ཤེས་ཀུན་དགའ་རྒྱལ་མཚན་དཔལ། །ཞེས་གསུངས་པ་ལྟ་བུ་དང་། ཇོ་ནང་ཏཱ་ར་ན་ཐའི་གསང་བའི་རྣམ་ཐར་དུ། ཚེ་འདིར་རྒྱ་གར་གྱི་སྐད་མ་བསླབས་པར་ཕུལ་དུ་བྱུང་བ་རང་བྱིས་པའི་དུས་ནས་རང་ཤེས་སུ་ཡོད། ཅེས་བྱུང་བ་ལྟ་བུ་དང་། ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་རྣམ་ཐར་དུ། དེ་ནས་བཟུང་མདོ་སྔགས་རིག་གནས་དང་བཅས་པ་མ་བསླབས་པར་མཁྱེན་ཅིང་གཞུང་གང་གཟིགས་ལ་མི་མཁྱེན་པ་མ་བྱུང་

  བས་བཤད་ལུང་ཙམ་ལས་སློབ་གཉེར་བསླབ་སྦྱང་མ་མྱོང་བར་གསུངས། ཞེས་བྱུང་བ་ལྟ་བུ་དང་། རྡོ་གྲུབ་བསྟན་པའི་ཉི་མས་དགུང་ལོ་བཅུ་གྲངས་ཀྱི་དུས་ནས《སྤྱོད་འཇུག》དཔེ་ཁྲིད་གནང་བ་ལྟ་བུ་སོགས་ཏེ། དེ་དག་ནི་ཤེས་རབ་ཀྱི་ལྷ་ཆེན་པོ་དག་གི་ངོ་མཚར་བའི་རྣམ་པར་ཐར་པའོ། །ཇི་སྐད་དུ《རྒྱལ་པོ་ལུགས་ཀྱི་བསྟན་བཅོས》སུ། མ་བསླབས་ཁ་རོག་འདུག་པ་ལ། །ལོ་བརྒྱ་སོང་ཡང་བཟང་སྐྱེད་མེད། །མཁས་པའི་སྤྱོད་ཡུལ་ཐོབ་འདོད་ན། །བརྩོན་པས་དཀའ་བ་དང་དུ་ལོངས། །ཞེས་གསུངས་པ་ལྟར། རང་ཅག་བྱིས་པའི་སྐྱེ་བོ་རྣམས་ནི་དཔེ་ཀློག་ཐོས་བསམ་གྱི་བྱ་བ་རྒྱན་དུ་ཁྱེར་ནས་བརྩོན་པ་ཤུགས་དྲགས་བྱ་དགོས་པའི་རིགས་སུ་ཡོད་པའང་ཤེས་པར་བྱའོ། །

  ད་ནི་རང་དཔའ་རང་གིས་བསྐྱེད། བརྩོན་པའི་ངར་ཆེན་རང་ལ་ལྡུད་དེ། “བྱ་མིག་ཡར་ལྟའི”སྤྱོད་པ་འཆང་བར་བྱ་ཡི། དཔའ་ཞུམ་སྤོབས་པ་ཆག། ལེ་ལོ་སྒྱིད་ལུག་གི་ལས་འབའ་ཞིག་ལག་ཏུ་བླངས་ཏེ། “ཁྱི་མིག་མར་ལྟའི”སྤྱོད་པ་དུས་གཏན་དུ་འཆང་བར་མི་བྱའོ། །ད་ནི་གཉིད་དང་ལེ་ལོའི་བདུད་མོ་ལྷ་མོའི་ཚུལ་དུ་ཐོན་ཀྱང་པང་དུ་བླང་བར་མི་བྱ་ལ། ལོངས་སྤྱོད་དང་ལོངས་སྤྱོད་ཁོ་ནའི་ཁོལ་པོ་དང་ཁོལ་མོར་འགྱུར་བའི་ངང་ཚུལ་ཡང་རེ་ཞིག་འདོར་བར་བྱའོ། །

  འདིར་དཔེ་ཀློག་གི་ཐབས་ཚུལ་རང་ལ་གོ་ཐོས་ཡོད་པ་འགའ་ཞིག་བརྗོད་པར་བྱ་སྟེ། དེའང《ས་པཎ་མཁས་འཇུག》ཏུ། སེང་གེའི་ལྟ་སྟངས་ཀྱིས་ཁྱད་པར་གྱི་གཞི་བླངས། སྦལ་བས་འཕར་བས་སྐབས་དོན་སོ་སོར་དབྱེ། རུས་སྦལ་གྱི་འགྲོས་ཀྱིས་ཚིག་དོན་འཇེབས་པར་བཤད། ཅེས་གསུངས་སོ། །འདི་ནི་སྲོག་ཆགས་གསུམ་དཔེར་བཀོད་ནས་འཆད་པ་ཇི་ལྟར་བྱ་བའི་ཚུལ་གསུངས་པ་ཞིག་ལགས་ཀྱང་། འདི་ཉིད་སྲོག་ཆགས་གསུམ་ལ་སྦྱར་བའི་དཔེ་ཀློག་གི་ཐབས་ཚུལ་གསུམ་ལའང་ཤེས་པར་བྱ་སྟེ། དེ་ནི་རགས་ཀློག་དང་། བམ་ཀློག་དང་། ཞིབ་མོའི་རྣམ་འཐག་གིས་ཀློག་པ་གསུམ་མོ། །དེའང་ཡིན་ཏེ། དཔེ་འགའ་ཞིག་ནི་མཚན་བྱང་དང་དཀར་ཆག་གི་དོན་ཙམ་ལ་བལྟས་པས་ཆོག་ལ། དཔེ་འགའ་ཞིག་ནི་ལེའུ་དང་སྐབས་སོ་སོའི་དོན་སྤྱི་བམ་ཙམ་བཀླགས་པས་རུང་ངོ་། །དཔེ་འགའ་ཞིག་ནི་དེ་ལྟར་མ་ལགས་ཏེ། མཚན་བྱང་དཀར་ཆག་ཙམ་གྱིས་མི་ཡོང་ལ། སྐབས་དོན་བམ་ཀློག་བྱས་པས་ཀྱང་མི་ཆོག་པར། དཔེ་ཆ་གང་དེའི་ཚིག་གི་འབྲུ་རེ་རེ་དང་དོན་རེ་རེ་བཞིན་ཡང་དག་པར་ཞིབ་མོའི་རྣམ་འཐག་གིས་བཀླག་པར་བྱ་བའི་རིགས་སོ། །དེ་ལ་སྐྱེ་བོ་དག་གི་བློ་གྲོས་མཆོག་དམན་གྱིས་ཀྱང་ཁྱད་པར་འབྱུང་སྟེ། སྐྱེ་བོ་བློ་གྲོས་མཆོག་དང་ལྡན་པ་ཞིག་གིས་མཚན་དོན་ཙམ་བཀླགས་པས། གཞུང་དོན་ཡོངས་རྫོགས་རྟོགས་པར་འགྱུར་བ་དང་། གཞན་ཐ་མ་གཉིས་ནི་དེ་ལས་ལྡོག་པར་གསུངས་སོ། །དེ་ནི“སྲོག་ཆགས་གསུམ”ལ་སྦྱར་བའི་དཔེ་ཀློག་གི་ཐབས་ཚུལ་ལོ། །

  བོད་ཀྱི་མི་ལུགས་སྟོན་པའི་བསྟན་བཅོས་ཐོག་མ《ཕུ་ནུའི་མདོ》རུ། ནུ་ན་རེ། །ཤེས་པ་ཆི་ལྟར་བྱ། །ཕུ་ན་རེ། །ཡོངས་ནི། །མ་བསྟན་པར་ཤེས་པ་དང་། །མ་བསླབས་པར་ལོབས་པ་ནི་མེད། །མཛངས་པ་ཆི་ཡང་ཤེས་པ་ཡང་། །བསླབ་པ་ལ་ནི་འགྲུས། །བསྟན་པ་ལ་ནི་ཉན། །ཞེས་བྱུང་ངོ་། །འདི་ནི་ཐོས་པ་དང་ཤེས་རབ་བསྐྱེད་པའི་ཚུལ་དྲིས་པར་ལན་དུ་གསུངས་པ་ཞིག་གོ། །འདི་ལས་དཔེ་ཀློག་གི་ཐབས་ཚུལ་འགའང་བླང་བར་བྱ་སྟེ། དེའང་དཔེ་ཆ་འགའ་ཞིག་གི་དོན་ལེགས་པར་ཁོང་དུ་ཆུད་པར་བྱ་བ་ལ། རང་ཁོ་ནས་ཚིག་གི་འབྲུ་འདེད་པ་ཙམ་གྱིས་མི་ཡོང་སྟེ། དོན་མི་རྟོགས་པ་དང་དོན་རབ་རིབ་མི་གསལ་བའི་སྐོར་རྣམས་མཁས་པར་འདྲི་ཞིང་བརྩད་པ་དང་། མཁས་པས་བསྟན་པར་མཉན་ནས་རྟོགས་པར་བྱེད་པ་དང་། དེར་འབྲེལ་གྱི་དྲྭ་ལམ་སློབ་ཁྲིད་མཉན་པ་སོགས་ཀྱི་ཐབས་ཚུལ་ཡང་བསྟེན་པར་བྱའོ། །དེ་ནི་གོང་གི“བསྟན་པ་ལ་ནི་ཉན།”ཞེས་པའི་ཡི་གེས་བསྟན་པའང་ཤེས་པར་བྱའོ། །

  དཔེ་ཆ་འགའ་ཞིག་གི་ཚིག་དང་དོན་མ་ལུས་རྡོ་ལ་རི་མོ་བྲིས་པ་བཞིན་ཁོང་དུ་ཆུབ་པར་བྱ་དགོས་ན། དེ་ཉིད་བློར་གཟུང་བར་བྱ་བ་སོགས་བརྩོན་འགྲུས་ཀྱི་གོ་ཆ་བགོ་དགོས་པར་ཡོད་དེ། ཇི་སྐད་དུ། དཔེ་ཀློག་སྐྱོར་སྦྱོང་ཡུན་དུ་གྱིས་ཤིག་ཨང་། །ཞེས་གསུངས་པ་ལྟ་བུའོ། །དེ་ནི་གོང་གི“བསླབ་པ་ལ་ནི་འགྲུས”ཞེས་བརྟུན་པ་བསྐྱེད་པར་བསྐུལ་བའི་ཚིག་གིས་བསྟན་པ་ཤེས་པར་བྱའོ། །

  གཞན་ཡང“ཚིག་རྗེས་དོན་དྲན”ཞེས་པ་སྟེ། འདི་ནི་སྤྱིར་འདོན་ཆ་འདོན་པ་དང་། ཉམས་ལེན་དང་སྒོམ་བྱེད་པ་སོགས་ཀྱི་སྐབས་དག་ཏུ་གསུངས་ཀྱང་། འདི་ཉིད་དཔེ་ཀློག་གི་ཐབས་ཚུལ་ཞིག་ཏུའང་འཁྱེར་བར་བྱ་སྟེ། ཚིག་ཁོ་ན་གཟུང་བ་ལས་དོན་མ་བཟུང་ན། ནེ་ཙོས་མ་ཎི་འདོན་པའི་དཔེ་རུ་འགྱུར་བ་ཡིན་ནོ། །དེས་ན་དཔེ་ཀློག་གི་སྐབས་སུ་ཚིག་ངག་ཏུ་བརྗོད་ཅིང་ཚིག་རྗེས་དོན་ཡིད་ལ་བྱེད་ཅིང་གསལ་བར་བྱ་དགོས་པར་ཡོད་དོ། །དེ་ནི་ཞིམ་མོའི་རྣམ་འཐག་གི་དཔེ་ཀློག་ཅིག་ཏུའང་གཟུང་སྟེ། དཔེ་ཀློག་པ་དག་ལ་ཆགས་དགོས་པའི་གོམས་སྲོལ་བཟང་པོའོ། །དེ་ལ“ཚིག་རྗེས་དོན་དྲན”གྱི་དཔེ་ཀློག་བྱ་ཐབས་ཞེས་ཁོ་བོས་སྨྲའོ། །

  དེ་མིན་ཇི་སྐད་དུ། དཔེ་མང་བཀླགས་པ་ཤེས་རབ་འཆལ་བའི་རྒྱུ། །ཞེས་དང་། 《ཤེས་རབ་སྡོང་བུ》རུ། དུས་ནི་ཡུན་ཐུང་རིག་པའི་རྣམ་པ་མང་། །ཚེ་ཡི་ཚད་ཀྱང་ཅི་ཙམ་མི་ཤེས་པས། །ངང་བས་ཆུ་ནང་ནས་ནི་འོ་མ་བཞིན། །གང་ཞིག་གཅེས་པ་དེ་ནི་བསྟེན་པར་བྱ། །ཞེས་གསུངས་པ་ལྟར། སྤང་ལ་ཤ་མོ་བཞིན་བརྡོལ་བ་བཞིན་བློ་སྨིན་དང་མ་སྨིན་གྱི་ཁྱད་པར་ཆེར་མེད་པར་དཔེ་ཆ་སྣ་ཚོགས་རྩོམ་པའི་དེང་གི་སྐབས་འདིར། དཔེ་ཆ་གདམ་གསེས་ཡོད་པའི་སྒོ་ནས་བཀླག་པར་བྱ་བ་འདི་གནད་ཀྱི་དོན་པོར་སེམས་སོ། །དེ་ལས་ལྡོག་སྟེ། ལག་ཏུ་ཐོན་ཚད་དབྱེ་བསལ་མེད་པར་བཀླགས་པས་ནི་ཤེས་རབ་འཆལ་བའི་རྒྱུ་བྱེད་པ་ལས་བློ་གྲོས་འཕེལ་བའི་གྲོགས་མི་བྱེད་དོ། །དེས་ན། ཇི་སྐད་དུ། དོན་མེད་དོན་ལོག་དོན་དང་ལྡན། །ཐོས་རྩོད་སྒྲུབ་པ་ལྷུར་ལེན་པ། །ངན་གཡོ་བརྩེ་བྲལ་སྡུག་བསྔལ་སྤོང་། །བསྟན་བཅོས་དྲུག་བྲལ་གསུམ་དུ་འདོད། །ཅེས་གསུངས་པ་ལྟར། དོན་མེད་དོན་ལོག་སོགས་དཔེ་ཡི་སྙིགས་མ་དག་ལ་མིག་གི་ཟུར་ཙམ་ཡང་མི་འཕེན་པར་མཆིལ་མའི་ཐལ་བ་བཞིན་ཤོག་སྙིགས་མི་གཙང་བའི་གྲས་སུ་གཡུག་པར་བྱའོ། །དེ་ལ་ཁོ་བོས“གདམ་གསེས་ཡོད་པའི་དཔེ་ཀློག་བྱ་ཐབས”ཞེས་སྡོམ་བྱེད་པར་འདོད་དོ། །

  《ས་སྐྱ་ལེགས་བཤད》དུ། བྱེ་བྲག་སྦྱངས་པས་དོན་ཤེས་པ། །དེ་ཡང་དེ་ལ་མཁས་པ་ཡིན། །ཞེས་གསུངས་ཏེ། དཔེ་ཀློག་གི་རྨང་ཅུང་ཡོད་པ་ཞིག་ཡིན་ན། བྱེ་བྲག་ཏུ་འབབ་པའི་དཔེ་ཀློག་གམ་དཔེ་ཀློག་ཆེད་ལས་ཅན་དུ་འགྱུར་བར་བྱའོ། །དེ་ཆོད་ཆེ་ཁར་དོན་གྱི་གནད་ཟབ་མོའང་ཟིན་པ་ཡིན་ཏེ། གཅིག་ཤེས་ཀུན་གྲོལ་ཡོང་བའི་དཔེའང་འདྲེན་དུ་མེད་པ་མིན་ནོ། །དེས་ན་བྱེ་བྲག་ཏུ་ཇི་ལྟར་འབབ་ཅེ་ན། དཔེར་ན། རྩོམ་རིག་དང་ལོ་རྒྱུས་དང་ཆབ་སྲིད་དང་མཚན་ཉིད་རིག་པ་སོགས་རིག་ཚན་སྣ་ཚོགས་ཡོད་པ་ལས། རྩོམ་རིག་ཁོ་ནར་འཇུག་པ་ལྟ་བུའོ། །རྩོམ་རིག་ལས་ཀྱང་བརྩམས་སྒྲུང་ཁོ་ན་ཀློག་ཅིང་རྟོག་པ་ལྟ་བུའོ། །སྒྲུང་ལ་སྒྲུང་རིང་དང་སྒྲུང་འབྲིང་དང་སྒྲུང་ཐུང་སོགས་ཀྱི་ཁྱད་པར་ཡོད་པ་ལས། སྒྲུང་ཐུང་ཁོ་ནར་ལྟ་རྟོག་བགྱིད་པ་ལྟ་བུའོ། །སྒྲུང་ཐུང་ལས་ཀྱང་བྱེ་བྲག་རྩོམ་པ་པོ་གང་ཞིག་གི་སྒྲུང་ཐུང་ཁོ་ན་ཀློག་ཅིང་ཞིབ་འཇུག་བྱེད་པ་ལྟ་བུའོ། །འདི་དག་ནི་དཔེར་མཚོན་རགས་པ་ཙམ་བརྗོད་པ་ཡིན་གྱི་ཞིབ་འཇུག་ཐིངས་པའི་གཏམ་མིན་ནོ། །གང་ལྟར་དཔེ་ཀློག་གི་ཐབས་ཚུལ་འདི་ལྟ་བུ་ལ“བྱེ་བྲག་ཏུ་འབབ་པའི་དཔེ་ཀློག་བྱ་ཐབས”ཞེས་གནས་སྐབས་བརྗོད་པར་བྱའོ། །

  འདི་དག་ནི་རང་གི་གོ་བ་ལེན་སྟངས་བཞིན་བཀོད་པའི་དཔེ་ཀློག་གི་ཐབས་ཚུལ་འགའ་སྟེ། ཁོ་བོ་ཤེས་རབ་དམན་ཁར་ཐོས་རྒྱ་ཆུང་ལ། དཔེ་ཀློག་ཁ་ལ་འཁྱེར་བ་ལས་ལག་ཏུ་ལེན་སྐབས་ཉུང་བས། རང་རེར་དཔེ་ཀློག་གི་ཐབས་ཚུལ་འདི་དང་འདི་ལྟ་བུ་མཁས་པ་འདི་དང་འདིའི་གསུང་ན་བཞུགས་ཞེས་རེ་རེ་བཞིན་འགོད་པའི་རྔོ་གཏན་མི་ཐོགས་ཀྱང། སྐབས་ཐོག་གི་དྲན་ཚུལ་དང་ཤར་ཆ་རབ་རིབ་ཐར་ཐོར་རེ་ཡོད་པ་དག་རེག་ཟིག་ཏུ་བཀོད་པའི་ཁུལ་ཙམ་ཡོང་ངོ་། །གཞན་ཡང་རྒྱ་ནག་གི་གནའ་བོའི་མཁས་པ་ཁུང་ཙི(孔子,公元前551—前479)སོགས་དང་། ཉེ་རབས་ཀྱི་མཁས་པ་ལའང་ཆི་ཁྲོ(梁启超,1873—1929)ཡི《ཀྲུང་གོའི་ལོ་རྒྱུས་ཞིབ་འཇུག་བྱ་ཐབས》ཞེས་པའི་དཔེ་ལས་བསྟན་པའི་དཔེ་ཀློག་བྱ་ཐབས་དང་། མཁས་པ་ཧུའུ་ཧྲི(胡适,1891—1962)ཡི《དཔེ་ཀློག་དང་མི་ཚུལ》ཞེས་པའི་དཔེ་ནས་བསྟན་པའི“མིག་གིས་ལྟ་བ། ཁ་ཡིས་ཀློག་པ། ཡིད་ལ་བསམ་པ། རེག་ཟིག་འདེབས་པ”བྱ་བའི་དཔེ་ཀློག་གི་ཐབས་ཚུལ་དང་། མཁས་པ་ཅི་ཞན་ལིན(季羡林,1911—2009)དང་། ལྷག་པར་ཅིན་ཁོ་མུའུ(金克木,1912—2000)ཡི《དཔེ་ཆ་བཀླགས་ཚར》ཞེས་པའི་དཔེ་ལས་བསྟན་པའི་དཔེ་ཀློག་གི་ཐབས་ཚུལ་སོགས་ཤིན་ཏུ་མང་ངོ་། །མཁས་པ་ཧུའུ་ཧྲི་ཡིས“མིག་གིས་ལྟ་བ། ཁ་ཡིས་ཀློག་པ། ཡིད་ལ་བསམ་པ། རེག་ཟིག་འདེབས་པ”ཞེས་དཔེ་ཀློག་གི་ཐབས་ཚུལ་བཞི་གསུངས་པ་ལས་ཕྱི་མ་གཅིག་མ་གཏོགས། སྔ་མ་གསུམ་ནི་རྒྱ་ནག་གི་མི་ལུགས་སྟོན་པའི་བསྟན་བཅོས《སློབ་མའི་བསླབ་བྱ》ལས། ཡི་གེ་ཀློག་པའི་ཐབས། །རྣམ་པ་གསུམ་དུ་ངེས། །ཡིད་གཏད་མིག་གིས་ལྟ། །ཁ་ཡིས་ཀློག་པར་བྱེད། །ཅེས་བྱུང་བའི་ཚིག་དང་ཁད་ཤིན་ཏུ་ཉེ་བ་ལྟ་བུར་ཡོད་དོ། །འདི་ལྟར་མི་རིགས་གཞན་དང་གཞན་གྱི་དཔེ་ཀློག་གི་ཐབས་ཚུལ་ལའང་བསམ་དགོས་པ་ཆེས་ཤིན་ཏུ་མང་མོད། གནས་སྐབས་ཡིག་ཚོགས་སྤུངས་པའི་ངལ་བ་ཆེར་མི་བསྟེན་ལ། དགོས་པ་བྱུང་ན་དེ་དག་སྐབས་གཞན་དང་གཞན་དུ་ལོགས་སུ་འབྲི་ཐུབ་མིན་ལ་འབད་པར་བྱའོ། །ཞེས་པ་འདི་མིང་དངོས་ལ་ཚུལ་ཁྲིམས་རྡོ་རྗེ་རུ་འབོད་པ། སྙུག་མིང་ཛམ་ཐང་བ་ལྕགས་མདའ་རུ་འབོད་པའི་གྱི་ན་བ་དེས། རྔ་བ་ཁུལ་བོད་ཡིག་རྩོམ་སྒྱུར་ཅུས་ཀྱིས་འཛམ་གླིང་དཔེ་ཀློག་གི་ཉིན་མོར་དཔེ་ཀློག་གི་ཐབས་ཚུལ་ཞེས་པའི་བརྙན་ཐུང་ཞིག་ལེན་དགོས་ཞེས་བོང་བ་གསེར་གཟིགས་མཛད་པ་ལྟར་རང་གི་དྲན་ངོར་ཡོད་པའི་དཔེ་ཀློག་དང་འབྲེལ་བའི་ཤེས་བྱ་ཐོ་རེ་ལོང་ངེ་རྣམས་ཟིན་བྲིས་རེ་བྱས་པ་གཞིར་བཞག་པ་དང་། དེ་ལ་རང་གི་གོ་བ་ལེན་སྟངས་འགས་ཟུར་བརྒྱན་ཏེ་འབར་ཁམས་ཚྭ་ཆུའི་འགྲམ་གྱི《རྔ་བའི་གསར་འགྱུར》རྩོམ་སྒྲིག་ཁང་གི་གཞུང་ཤག་ཏུ་བྲིས་པ་ལགས་སོ།།

རྩོམ་སྒྲིག་པ། ལྷ་སྐྱིད།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དཔེ་ཀློག་དང་འབྲེལ་བའི་གཏམ་ཐོ་རེ་ལོང་ངེ་བ།

2025-04-24 ཛམ་ཐང་བ་ལྕགས་མདའ།(འབར་ཁམས) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།