ལྷ་བྱམས་རྒྱལ་གྱི་ལྷུག་རྩོམ་གསར་པ། 《སྒེའུ་ཁུང་ནང་རོལ་ནས་འཇགས་ཏེ་ཕྱི་རོལ་གྱི་ཟང་ཟིང་ལ་བལྟས་པ།》

ལྷ་བྱམས་རྒྱལ།(པེ་ཅིན) 琼迈文学网 2025-04-30

                                 པར་པ། ལྷ་བྱམས་རྒྱལ།

  མགྲོན་པོ་རེ་གཉིས་ཙམ་ལས་མི་འདུག ཁ་དོག་མི་གཅིག་པའི་བསྙེས་འབོལ་ཤར་མོ་ཁ་ཤས་ཤིང་གི་འདུག་སྟེགས་རིང་པོའི་ཐོག་སྒྲིག་ལམ་ཅི་ཡང་མེད་པར་གཡས་འགྱེལ་གཡོན་ལོག་གིས་གཡུགས་འདུག ཁང་བའི་གནམ་གཅལ་དུ་དཔྱངས་ཡོད་པའི་བཟོ་དབྱིབས་དང་ཆེ་ཆུང་མི་འདྲ་བའི་གློག་སྒྲོན་དེ་དག་ལས་ཁ་དོག་མི་གཅིག་པའི་འོད་སྣང་རེ་འཕྲོ་བཞིན་འདུག་ཀྱང་། ཉིན་གུང་གི་དུས་འདིར་དེའི་གལ་ཆེན་རང་བཞིན་ཆེར་མ་མཐོང་། དེ་ལས་ལྡོག་སྟེ་ཁང་བའི་བར་སྟོང་དུ་ཐུལ་ཡོང་བའི་ཁའོ་ཧྥེ་ཡི་འཚིག་དྲི་ཡིས་དར་ཅིག་ལ་ང་ཉོབ་དིབ་ཀྱི་རྣམ་པ་ལས་ཧར་གྱིས་སད་པར་བྱས། ཉོབ་མདངས་སློང་བར་བྱེད་པའི་དབྱངས་འགྲོས་དེ་གཉོམ་པོར་གྲགས་ཡོང་ཞིང་ངས་རེ་ཞིག་ལ་དེ་ནི་གཞས་གང་ཞིག་གི་སྔོན་འགྲོའི་རོལ་དབྱངས་ཡིན་པ་བརྡར་ཤ་ཆོད་མ་བྱུང་། བཅད་སྟེགས་ཀྱི་སྟེང་དུ་དཀར་ནག་གི་ཚོས་མདོག་ཅན་གྱི་ཁའོ་ཧྥེའི་འཕྲུལ་ཆས་བཞག་འདུག་ཅིང་། དེ་གྲུབ་བྱེད་ཀྱི་ལྕགས་རིགས་དཀར་པོའི་སྣོད་ཆས་ཆེ་ཆུང་དང་སྒྲིག་ཆས་ནག་པོའི་རྙོག་འཛིང་གི་ལྷུ་ལག་གང་མང་གིས་ཁའོ་ཧྥེ་ཟེར་བའི་བཏུང་བྱ་འདི་ལས་སླ་བོ་ཞིག་མིན་པ་གསལ་བཤད་བྱེད་པའི་བཟོ་འདུག སྐབས་དེར། ཁའོ་ཧྥེ་བཟོ་མཁན་གྱི་ཕོ་གསར་རྣ་ལོང་ཅན་དེ་བཅད་སྟེགས་ཀྱི་ནང་རོལ་ནས་ཐོལ་གྱིས་ཡར་ལངས་ཏེ་མགྲོན་བསུ་བྱས་བྱུང་།

  ང་སྒེའུ་ཁུང་ལ་ཁ་གཏད་ནས་འདུག་སྟེགས་སུ་བསྡད། སྒེའུ་ཁུང་ནི་ཞེང་ཁ་ཆེ་ལ་ཕྱི་གསལ་ནང་གསལ་གྱི་ཤེལ་སྒོ་མཐུག་པོ་ཞིག་གིས་བཅད་འདུག ཤེལ་སྒོའི་ཕྱི་རོལ་ནི་མདོ་སྨད་རྔ་བ་རྫོང་མཁར་གྱི་ཉིན་གུང་གི་སྲང་ལམ་ཞིག་རེད། ང་དེ་ལྟར་གཅིག་པུ་འཇམ་ཅག་གེར་སྡོད་དུས། སྒེའུ་ཁུང་གི་ཤེལ་སྒོས་བཅད་པ་ནི་ཁའོ་ཧྥེ་ཁང་གི་ཕྱི་རོལ་དང་ནང་རོལ་ཙམ་མ་ཡིན་པར། ཟང་ཟིང་དང་ལྷིང་འཇགས། འུར་ཟིང་དང་ཁུ་སིམ། འཕྱོ་འགུལ་དང་འཇགས་རྣམ་སོགས་རེད། ངས་ངང་ཚུལ་འདིར་དོ་སྣང་ཞིབ་ཏུ་བྱ་ལོང་མ་བྱུང་གོང་། ཕོ་གསར་རྣ་ལོང་ཅན་དེས་ངའི་མདུན་ཅོག་ཏུ་ཨ་རིའི་ལུགས་ཀྱི་ཁའོ་ཧྥེ་ཁུ་ནག་ཚ་པོ་ཕོར་བ་གང་བཞག་བྱུང་།

  ངས་རྫ་མདོག་གི་ཕོར་བ་ཆུང་ཆུང་དེ་མཆུ་འགྲམ་དུ་འཁྱེར་ནས་ཐོག་མར་ཁའོ་ཧྥེ་ཡི་འཚིག་དྲི་དེར་སྣོམ་ཙམ་བྱས་པ་དང་། དེ་ནས་ཁམ་གང་འཐུང་། ཁའོ་ཧྥེ་ཡི་གཤེར་ཁུ་ལྕེ་ཁུད་ནས་མགྲིན་པ་བརྒྱུད་དེ་ཁོག་པའི་ནང་འགྲོ་དུས། ང་དེ་མ་ཐག་གོམས་ལོབས་སུ་སོང་བའི་ལུས་སེམས་གཉིས་ཆ་ཡི་བདེ་སྣང་ཞིག་གི་དབང་དུ་གྱུར། འཚིག་དྲི་ཁ་མོའི་གཤེར་ཁུ་འདི་དོན་དམ་དུ་ཁ་ལ་ཅི་ཡང་མི་ཞིམ་ཡང་། ང་རང་དུས་ནམ་ཞིག་ལ་འདི་ལྟར་གོམས་ལོབས་སུ་སོང་བ་དང་། བཏུང་བྱ་འདིར་ངང་བ་འདམ་རྭར་སྐྱོ་བ་དང་འབྲོང་རྒོད་རྫ་ཆུར་ཆགས་པ་ལྟ་བུའི་ཞེན་པ་ཞིག་ཇི་ལྟར་སྐྱེས་པ་ཡང་མི་ཤེས། གང་ལྟར་ཀྱང་། ལོ་འདི་དག་ལ་དུས་ཚོད་ཤར་སེ་འགྲོ་བའི་མགྱོགས་ཚད་ཅིག་གི་བར་སྟོང་ཆུང་ཆུང་རེ་རེ་ནས། ངས་རང་ཉིད་ལྷོད་ལ་འབབ་པའི་གོ་སྐབས་ཤིག་ཨེ་ཡོང་ལ་བརྩོན་ལེན་ཡང་ཡང་བྱས་པ་དང་། རང་གཅིག་པུར་གནས་པའམ་བློ་སེམས་མཐུན་པའི་གྲོགས་པོ་ཁ་ཤས་དང་ལྷན་དུ་དམིགས་ཡུལ་དང་ཉེར་མཁོ་ཅི་ཡང་མེད་པར་བག་ལྷོད་པོར་ཁ་བརྡ་བྱ་རྒྱུ་དེ་འཚོ་བའི་ནང་གི་དོན་བྱ་འགངས་ཆེན་ཞིག་ཏུ་བརྩིས་པ་ཡིན། དེ་དུས་ཁའོ་ཧྥེ་ཁང་ནི་འགྲོ་ས་གཙོ་བོ་དེ་ཡིན་ལ། ཁའོ་ཧྥེ་ནི་བཏུང་བྱའི་ནང་གི་བདམས་ཀ་དང་པོ་དེ་ཡིན། ཁའོ་ཧྥེ་འཐུང་བཞིན་དཔེ་དེབ་གཅིག་ངང་རྒྱུད་རིང་པོས་ཀློག་པའམ། ཁའོ་ཧྥེ་འཐུང་བཞིན་གྲོགས་པོ་ཁ་ཤས་དང་ལྷན་དུ་ཕྱོགས་ཡར་མར་གྱི་ཁ་བརྡ་རིང་ཐུང་གང་མང་བྱེད་དུས། ངས་གཞི་ནས་རྣམ་ཀུན་བྲེལ་བ་འཚུབ་འཚུབ་ཀྱིས་འགྲོ་བའི་དུས་ཚོད་ཀྱི་གོམ་འགྲོས་ལྷོད་པོར་གྱུར་བ་ཚོར་ལ། ཟད་མཐའ་མེད་པའི་སྣེ་མང་རྙོག་འཛིང་གི་འཚོ་བའི་བྱུང་རིམ་ཕྲ་རག་དེ་དག་ཀྱང་རང་འཇགས་སུ་གྱུར་ཅིང་། གྲིམ་པོར་བསྒྲིམས་པའི་ལུས་ཀྱི་དབང་རྩ་དང་སྐྲ་རྩེར་འཕྱོ་བའི་སེམས་ཀྱི་རྣམ་རིག་རྒོད་པོ་ཡང་རེ་ཞིག་ལ་ལྷོད་པོར་གྱུར་འགྲོ། ཞིབ་ཏུ་བསམས་ན། ལོ་ན་ཚོད་ཆེ་རུ་ཕྱིན་པ་དང་། ལག་ལས་ཀ་མང་དུ་ཕྱིན་པ། ལས་འགན་འཁུར་ལྕི་རུ་ཕྱིན་པ་བསྟུན་ནས། མི་ཟེར་བའི་སྲོག་ཆགས་འདི་འདུར་རྒྱུགས་དེ་ལྟར་རྒོད་ཅིང་དྲན་རྒྱུ་དེ་བས་མང་པ། ངོ་སོ་དེ་བས་གཙིགས་པ། ཧམ་པ་དེ་བས་ཆེ་བ་ཞིག་ཏུ་འགྱུར་ངེས་ཤིང་། དེ་ལྟར་སོ་སོ་མི་ཁོམ་པའི་གནས་སུ་གྱར་བའི་འཁོར་རྒྱུགས་ཤིག་ཏུ་ལྷུང་ནས་ལུས་སེམས་གཉིས་ཀ་ཁོམ་པ་ཞིག་ཡེ་ནས་མེད་པ་འདྲ། དེ་ལྟར་ལགས་ཀྱང་། འདི་ལྟར་བྲེལ་འཚུབ་ལ་ལྷོད་གཡེང་ཞིག་དང་ཟང་ཟིང་ལ་ལྷིང་འཇགས་ཤིག ངལ་དུབ་ལ་དབུགས་དབྱུངས་ཤིག་ཅིས་ཀྱང་མཁོ་སྟེ། དེ་ཡང་ངང་བ་འདམ་རྭར་སྐྱོ་བ་དང་འབྲོང་རྒོད་རྫ་ཆུར་ཆགས་པ་ལྟ་བུའི་ཞེན་པ་ཞིག་ཅིས་ཀྱང་ཡིན་སྲིད། དེར་བརྟེན། ཞིབ་ཏུ་བསམས་ན་ང་རང་ཁའོ་ཧྥེ་ཁང་དང་ཁའོ་ཧྥེ་ལ་དགའ་མོས་ཡོད་པ་ནི། ངལ་གསོ་དང་ལྷིང་འཇགས་ལ་དགའ་བས་ཡིན་སྲིད་ལ། ས་གང་དུ་སོང་རུང་དུས་ག་འདྲར་ཁེལ་རུང་། སེམས་སུ་ཁའོ་ཧྥེ་ཁང་ཞིག་བཙལ་ནས་ཁའོ་ཧྥེ་ཕོར་བ་གང་འཐུང་རྒྱུར་རེ་བ་ཡང་དོན་དམ་དུ་ང་རང་མིག་མདུན་གྱི་ཡོད་ཚད་ལས་རེ་ཞིག་ལ་གཡོལ་འདོད་ཀྱི་རེ་སྨོན་ཙམ་ལས་མ་འདས།

  ཞེང་ཁ་ཆེ་བའི་སྒེའུ་ཁུང་ཕྱི་རོལ་ནི། འདུ་འཛི་ཆེ་བའི་རྔ་བ་རྫོང་མཁར་གྱི་སྲང་ལམ་ཞིག་རེད། ཁའོ་ཧྥེ་ཁང་གི་སྲང་ལམ་ལ་ཕྱོགས་པའི་སྒེའུ་ཁུང་དེ་ཞེང་ཀ་ཆེ་ཡང་ཤེལ་སྒོ་མཐུག་པས་ཁྲོམ་སྲང་གི་སྐད་སྒྲ་སྣ་ཚོགས་བཀག་འདུག་ཅིང་། སྒེའུ་ཁུང་ནང་རོལ་གྱི་ལྷིང་འཇགས་ལ་སྲུང་སྐྱོབ་ཅི་ནུས་བྱས་འདུག སྒྱིད་ལུག་གིས་མཆེད་ཡོང་པའི་དབྱངས་རྟ་དེ་གླུ་དབྱངས་ཤིག་གི་སྔོན་འགྲོའི་རོལ་མོ་མིན་པ་འདྲ། ཞིབ་ཏུ་ཉན་དུས་དེ་ནི་ལ་ཏིང་མེ་གླིང་གི་ས་མཐོའི་རི་ལྡེབས་སུ་བྱ་གླག་ཅིག་ལྡིང་སྐོར་རྒྱག་པའི་རྣམ་པ་ཡིད་ལ་འཆར་བར་བྱེད་པའི་རོལ་དབྱངས་གྲགས་ཅན་དེའི་འགྱུར་ཁུགས་ཡིན་པ་འདྲ་ཡང་། ངས་དེ་ཡིན་མིན་ལ་དང་དོད་བྱ་འདོད་མ་བྱུང་། ང་ལ་མཚོན་ན་རོལ་དབྱངས་དེ་ནི་དབྱར་མགོ་མ་ཚེས་ཙམ་གྱི་རྔ་བ་རྫོང་མཁར་གྱི་ཉིན་གུང་གི་དུས་ཚོད་འདིའི་རྒྱབ་ལྗོངས་སུ་གྱུར་བའི་རོལ་མོ་ཙམ་ཡིན་ཏེ། ཏག་ཏག་ང་རང་གི་འགྲུལ་བཞུད་ཀྱི་གནས་སྐབས་འདིར་འཚམས་པའི་རོལ་དབྱངས་ཙམ་རེད། སྟབས་ལེགས་པ་ཞིག་ལ། རོལ་དབྱངས་ཀྱི་སྒྲ་སྒོ་ཆེ་རུ་བཏང་མི་འདུག་ཅིང་། ཤིན་ཏུ་གཉོམ་ཞིང་ལྷིང་འཇགས་ལ་ཚད་དང་རན་པར་གྲགས་བཞིན་འདུག

  ངས་རང་ལ་དབང་མེད་དུ་དབུགས་རིང་ཞིག་ཤོར་བ་ཐོས། སྒེའུ་ཁུང་ཕྱི་རོལ་གྱི་རྔ་བ་རྫོང་མཁར་མཐོ་སྒང་གི་ཉི་འོད་འོག་ངའི་མཐོང་ལམ་དུ་འཚང་ཁ་རྒྱག་བཞིན་སྔ་གཞུག་རྩད་ནས་འཛུལ་ཡོང་། དེ་ནི་འཆར་ཡོལ་གྱི་ངོས་སུ་སྒྲ་མེད་པའི་གློག་བརྙན་ཞིག་ཤར་ཡོང་བ་དང་མཚུངས། དོན་དངོས་སུ་ཡང་དེ་འདྲ་ཞིག་ཡིན་ཏེ། ཁྲོམ་སྲང་དུ་མི་སྣ་ཚོགས་ཤིག་འགྲོ་བཞིན་འདུག དེ་ལས་ཁ་ཤས་ཤིག་བྲེལ་བ་འཚུབ་འཚུབ་ཀྱིས་འགྲོ་བ་ལ་ཅི་ཞིག་གི་རྗེས་ཟིན་གྱིན་མེད་པའི་ཉམས་སྣང་འདུག་ཅིང་། ཁ་ཤས་ཤིག་དལ་ལྷོད་ལྷོད་ཀྱིས་འགྲོ་བ་ལ་དམིགས་ཡུལ་དང་ཁ་ཕྱོགས་ཅི་ཡང་མེད་པའི་ངང་ཚུལ་ཞིག་འདུག སྤྱོད་སྒོ་མི་འདྲ་བའི་རླངས་འཁོར་ཆེ་ཆུང་དེ་དག་ནི་དེ་བས་ཀྱང་འཁྲུག་ཆ་ཆེ་སྟེ། ལམ་དུ་ཤར་རྒྱུགས་བྱེད་ཞོར་ངང་རྒྱུད་མེད་པར་མདུན་ཕྱོགས་ལ་གཟས་ནས་སྣུམ་སྒོ་ཡང་ཡང་མནོན་ཅིང་། ཐོལ་གྱིས་འགྲོ་ཞིང་ཐོལ་གྱིས་ཁ་བཀག་ཡོང་། དེ་དག་གིས་དུང་བརྡ་བརྒྱབ་ཡོང་བ་ཤེལ་སྒོས་ཀྱང་མི་ཁོག་པར་ངའི་ཉན་བྱེད་དུ་བཙན་གྱིས་འཛུལ་ཡོང་། ལམ་འགྲོ་དེ་དག་ལས་ཁ་ཤས་ཤིག་གིས་མཚམས་རེར་སྒེའུ་ཁུང་བརྒྱུད་ནས་ཁའོ་ཧྥེ་ཁང་དུ་ལྟ་ཙམ་བྱས་ཡོང་བ་དང་། ཤེལ་སྒོའི་ནང་རོལ་ན་ཁོ་ཚོར་བལྟས་ཡོད་པའི་ངའི་མིག་དབང་ལ་ཐོགས་ཙམ་བྱེད། མི་དེ་དག་ནི་ཅི་འདྲའི་རྒྱུས་ཡོད་ཡོད་ཅིག་འདུག་ཨང་། ཁོ་ཚོ་ནི་བོད་ལྭ་གྱོན་ནས་རྩྭ་ཡིས་བགྲངས་པའི་འབྲི་གཡག་ལྟར་ཕར་གཡོན་ཚུར་གཡོན་གྱིས་འགྲོ་མཁན་དང་། ཤ་རྩ་སྨུག་ཅིང་ཤ་ཁ་རྒྱགས་ལ་གྲོད་ཁོག་འབུར་ནས་ལག་ཏུ་ཕྲེང་བ་དཔྱངས་ནས་འགྲོ་མཁན། དེ་མིན་ཁ་རས་ནག་པོས་བཞིན་གྱི་ཕྱེད་ཀ་བསྒྲིབས་པའི་བོད་ལྭ་གྱོན་མེད་གང་ཡིན་རུང་ཕར་བལྟས་ཚོད་ཀྱིས་བོད་པའི་སྐྱེས་མ་ཞིག་ཡིན་པ་མཐོང་ཡོང་བ་དག ད་དུང་ངུར་སྨིག་གཟན་གོས་མནབས་པའི་གྲྭ་བའམ་ཇོ་མོ་དང་། ཁ་ལ་སེར་ཀ་གས་ཤིང་སྒྱིད་པ་གུག་གུག་བྱས་ནས་འགྲོ་པའི་རྒྱ་རིགས་ཞོར་ལས་པ། སྟོད་ལྭ་སྔོན་པོ་ཤམ་རིང་གོན་ནས་ལག་ཏུ་ཀོ་བའི་ཁུག་མ་ལེབ་མོ་རེ་འཁྱེར་ཏེ་བྲང་ཁོག་ལྡིར་ནས་འགྲོ་བའི་གཞུང་ཞབས་པའི་རྣམ་པ་ཅན་སོགས་ལོ་ན་ཚོད་མི་འདྲ་བ། རིགས་རུས་རྒྱུད་མི་འདྲ་བ། ལུས་ཆ་ལུགས་མི་འདྲ་བའི་མི་མང་པོ་ཞིག་ཤེལ་སྒོའི་ཕྱི་རོལ་གྱི་སྲང་ལམ་དུ་མངོན་ཡོང་། མདོར་ན། སྔ་གཞུག་རྩད་ནས་ངའི་མཐོང་ལམ་གྱི་ཤེལ་སྒོའི་ཕྱི་རོལ་གྱི་སྲང་ལམ་དུ་འགྲོ་མཁན་དེ་དག་གིས་མཐོ་སྒང་གི་མཁར་གྲོང་འདིར་ཟང་ཟིང་གི་འདུ་འགོད་ཅིག་བསྐྲུན་འདུག

  ངས་ཁའོ་ཧྥེ་མུ་མཐུད་དུ་ཧུབ་ཆུང་ངུས་འཐུང་ནས་བསྡད། ང་སོས་དལ་མེད་པའི་གྲོང་ཁྱེར་ཆེན་པོ་ཞིག་གི་འཚོ་བའི་འཁོར་རྒྱུགས་ནས་རེ་ཞིག་ལ་ཟུར་དུ་གྱེས་ནས་མཐོ་སྒང་གི་གཏིང་རུམ་ཏུ་སྐུང་ཡོད་པའི་མཁར་གྲོང་འདིར་ཡོང་སྟེ་དུས་ཚོད་ཀྱང་འོས་འཚམས་ཤིག་ཕྱིན་ཡོད། ལས་ཀའི་བར་གསེང་ནས་ངས་གོམས་ལོབས་ཀྱིས་སྲང་ལམ་ཆེ་ཆུང་ཀུན་ནས་ཁའོ་ཧྥེ་འཐུང་ས་རེ་བཙལ་བ་དང་། དེའི་ནང་དུ་འཛུལ་ནས་དམིགས་སྒོ་ཡོད་པའི་ལས་ཀ་དང་འཆར་འགོད་ཅན་གྱི་བསམ་གཞིགས་སོགས་རེ་ཞིག་ལོགས་སུ་བསྐྱུར་ཏེ་ལྷོད་ལྷོད་ཀྱིས་འཇགས་ནས་བསྡད་པ་ཡིན། ད་ལྟའི་བར་དུ། ང་རྒྱལ་ཁབ་ཕྱི་ནང་གི་ཡུལ་གྲུ་གང་མང་འགྲིམ་དུས། དབང་མེད་དུ་ཡུལ་གྲུ་དེའི་འཚོ་བའི་རྣམ་པར་སེམས་ནས་དོ་སྣང་ཡང་ཡང་བྱས་ཤིང་། ཡུལ་དེ་དག་གི་མི་རྣམས་ཀྱི་འགྲོ་སྟངས་འདུག་སྟངས་ལ་ཡང་བརྟག་དཔྱད་གང་མང་བྱས་པ་ཡིན། ངས་འདི་ལྟར་བྱེད་པར་དམིགས་ཡུལ་གཅིག་ལས་མེད་དེ། དེ་ནི་ང་རང་ལོ་ན་ཚོད་འདིར་སླེབས་ཀྱང་ད་དུང་ཡང་འདི་རེད་ཟེར་ནས་ཚོད་ཀྱིས་མི་ཐིག་ཅིང་དེ་རེད་ཟེར་ནས་ཚིག་ཐག་མི་ཆོད་པར་དུས་ནམ་ཡང་རྨོངས་པའི་གནས་སུ་འགོད་པར་བྱེད་པའི་གནད་དོན་ཞིག་སྟེ། མི་ཚེའི་བདེ་སྐྱིད་ཟེར་བ་ནི་དོན་དམ་དུ་ཅི་ཞིག་རེད་ཟེར་བ་དེ་ལ་ལན་ཞིག་འཚོལ་འདོད་པས་ཡིན། དུས་ཡུན་རིང་དུ་ཕྱིན་པ་དང་བསྟུན་ནས། ང་ལ་ཡང་གནད་འདིར་བརྟག་དཔྱད་བྱེད་པར་ཚད་གཞི་ཁ་ཤས་བྱུང་སོང་། དེ་ལས་ས་ཆ་གང་ཞིག་འཕེལ་ཞིང་དར་ནས་ཕྱི་ཡི་འདུ་འགོད་ཇི་ལྟར་འཁྲུགས་ཀྱང་དེ་རུ་ཇ་ཁང་དང་ཁའོ་ཧྥེ་ཁང་། དཔེ་ཀློག་ཁང་། ལུས་རྩལ་ཁང་སོགས་དེ་ལྟར་མང་ལ། ཁང་བ་དེ་དག་གི་ནང་དུ་ལྷོད་ལྷོད་ཀྱིས་སྡོད་པའི་མི་དེ་ལྟར་མང་ན། ཡུལ་དེ་ནི་དོན་དམ་གྱིས་དར་ཡོད་ཅིང་མི་དེ་དག་ལ་དོན་དམ་གྱིས་བདེ་སྐྱིད་ལྡན་པར་འདོད། དེ་མིན་ཚེ་དེ་ལས་ལྡོག་པའོ།། འདི་ནི་ང་ལ་མཚོན་ན་ཆེས་སླ་བའི་དབྱེ་བ་འབྱེད་སྟངས་ཤིག་ཡིན་ཏེ། ང་ཚོ་སུས་ཀྱང་ང་ནང་བཞིན་བདེ་སྐྱིད་ལ་འདི་ཟེར་བའི་བསྡོམས་ཚིག་ཅིག་འཇོག་རྒྱུ་ཤིན་ཏུ་དཀའ་ཞིང་། གལ་སྲིད་དེ་ལ་དབྱིབས་དང་ཁ་དོག་ཅིག་ཡོད་ཚེ། མི་རེར་བདེ་སྐྱིད་ཀྱི་དབྱིབས་གཟུགས་དང་ཁ་དོག་མི་འདྲ་བ་རེ་ཡོད་སྲིད། ཡིན་ན་ཡང་། ང་རང་མཐའ་གཅིག་ཏུ་ཡིད་ཆེས་པ་ནི། དོན་དམ་གྱི་བདེ་སྐྱིད་ནི་གཡོ་བའི་རྣམ་པ་ཞིག་མ་ཡིན་པར་འཇགས་པའི་རྣམ་པ་ཞིག་ཡིན་ལ། འཇགས་པའི་རྣམ་པའི་ནང་ནས་གཡོ་བའི་གནས་སྐབས་དེ་དག་གི་གོ་རིམ་ལ་ཞིབ་ཏུ་ཕྱིར་དྲན་དང་རོལ་མྱོང་། ཚོར་ཤེས་སོགས་བྱེད་པའི་དུས་ཚོད་དང་གོ་སྐབས་ཡོད་པ་སྟེ། དེ་ཁོ་ན་ཙམ་ཡང་མ་ཡིན་པར་འཇགས་པའི་རྣམ་པའི་ནང་ནས་གཡོ་བའི་ངང་ཚུལ་དེའི་ངོ་བོ་ཞིབ་ཏུ་རྟོགས་ཡོང་བ་མཐོང་བ་དེ་ཡིན་སྲིད།

  སྟབས་ལེགས་པ་ཞིག་ལ། རྔ་བ་རྫོང་མཁར་དུ་ཆེ་ཆུང་དང་ཁྱད་གཤིས་མི་འདྲ་བའི་ཁའོ་ཧྥེ་ཁང་གང་མང་འདུག ཁའོ་ཧྥེ་ཁང་དེ་དག་གི་ནང་དུ་མགྲོན་པོ་ཡང་གང་འཚམས་རེ་འདུག་ཅིང་། མང་ཆེ་བ་བོད་པ་ཤ་སྟག་ཡིན་ཞིང་། དེ་དག་གི་ཁྲོད་དུ་ངུར་སྨུག་གི་གཟན་གོས་མནབས་པའི་གྲྭ་བ་ཡང་འདུག གལ་སྲིད་ཁོང་རྣམས་ལ་ཐུན་མོང་གི་ཁྱད་ཆོས་ཤིག་འཚོལ་དགོས་བྱུང་ན། ཁའོ་ཧྥེ་ཁང་ནང་དུ་མི་སུ་ཡིན་ཡང་རང་བྱུང་གི་ལྷོད་ཉམས་ཤིག་ཤར་འདུག་པ་དེ་རེད། ངས་དེ་ནི་ཁའོ་ཧྥེ་ཁང་ལ་རང་ཆས་སུ་མངའ་བའི་ལྷོད་འཇགས་ཀྱི་ཁོར་ཡུག་དང་། བོད་པ་དག་ལ་རང་ཆས་སུ་མངའ་བའི་རྩྭ་ཐང་བཞིན་ཁུ་སིམ་མེར་འཇགས་ཤིང་རི་རྒྱལ་བཞིན་བརྟན་ཀྱུག་གེར་གནས་པའི་རང་གཤིས་གཉིས། དུས་རབས་ཀྱི་འཕེལ་ལམ་ནས་ལམ་འཕྲད་བྱུང་ཞིང་། དེ་མ་ཐག་འདྲིས་ཡོད་ཡོད་དང་སྙིང་ཉེ་ཉེར་གྱུར་བས་མིན་ནམ་སྙམ།

  ལོ་འདི་འགར། ངས་རང་གིས་སྔོན་ཆད་ཁས་ལེན་སྤྲད་ཡོད་པའི་ལྟ་ཚུལ་མང་པོ་ཞིག་མཁྲེགས་འཛིན་ཙམ་ཡིན་པ་ཡང་ཡང་ཚོར་ཡོང་། ངས་བོད་པའི་གཤིས་ལུགས་སུ་ཡོངས་སུ་སིམ་ཡོད་པའི་ངང་རྒྱུད་རིང་པོ་དང་ཞེ་རྒྱུད་ལྷོད་པོ། གོམ་འགྲོས་དལ་མོ་སོགས་ནི་དུས་རབས་འདིའི་ལམ་ཆེན་དུ་འགྲོ་དུས་གཞན་གྱི་རྗེས་སུ་ལུས་པའི་རྒྱུ་རྐྱེན་གཙོ་བོ་ཡིན་པ་དང་། སྒྱིད་ལུག་དང་ལེ་ལོ་ཡི་རང་རྟགས་གསལ་བོ་ཞིག་ཏུ་ངོས་བཟུང་སྟེ། དེ་ལ་དགག་རྒྱག་དང་སེམས་ཁྲེལ་ཞིག་གིས་ཁེངས་ཡོད། དེ་བས་ཀྱང་ ང་ལ་རང་རིགས་འདི་ཅི་ཞིག་གི་རྗེས་མ་ཆོད་པར་གྱོང་རེག་པའི་ཉེན་ཁའི་འདུ་ཤེས་དང་དངངས་འཚབ་ཡང་ཡང་ལངས་ཡོང་། ཡིན་ན་ཡང་། ལོ་ན་ཚོད་ཆེ་རུ་ཕྱིན་པ་དང་། ལ་ལུང་པ་མང་པོ་འགྲིམ་ཞིང་། དོན་ཆེ་ཆུང་མང་པོ་བརྒྱུད་ཏེ། མི་འདྲ་མིན་མང་པོར་འཕྲད་རྗེས། ང་ལ་གཞི་ནས་རང་ཉིད་ཀྱི་བསྡོམས་ཚིག་འདི་ཅུང་ཕྱོགས་སུ་ལྷུང་ཡོད་པའི་སད་རྟོགས་བྱུང་། མ་གཞིར། བོད་པར་རང་ཆས་སུ་མངའ་བའི་གཤིས་ལུགས་འདི་དག་ནི་ལྷོད་ལ་བབས་ཡོད་པའི་མི་རིགས་ཤིག་གི་ཁྱད་ཆོས་ཡིན་ལ། དེ་ཡང་མཐའ་ཡས་རྩྭ་ཐང་ཆེན་པོས་བསྐྲུན་པའི་འཚོ་གནས་ཀྱི་བར་སྟོང་ཡངས་པོ་ཞིག་དང་དེས་བསྐྱེད་པའི་དཀྱེལ་ཡངས་པའི་འཚོ་བའི་རྣམ་འགྱུར་ཅིག མཐོ་བརྗིད་ཀྱི་རི་ཆེན་དག་གི་རྩེ་མོས་བཀྱགས་པའི་མཐོ་ཚད་ཅིག་གི་མཐོང་རྒྱ་དང་དེས་བསྐྱེད་པའི་སེམས་ཁམས་ཀྱི་ལྷོད་འཇགས་ཤིག་ཡིན་པའི་གནས་ལུགས་ཤིག་ངང་གིས་ཚོར་ཡོང་། དེ་བས་ཀྱང་། འདི་ལྟ་བུའི་འཚོ་བའི་རྣམ་འགྱུར་དང་སེམས་ཁམས་ཀྱི་ལྷོད་འཇགས་ནི་བདེ་སྐྱིད་ཀྱི་བདེན་པ་འཚོལ་བའི་རྩ་བ་ཞིག་ཡིན་པ་རྟོགས།

  སྔོན་ཆད་ཅིག་ལ། ངས་གསུང་རབ་ཅིག་ལས་ཞི་ལྷག་གི་སྐོར་གྱི་དགོངས་འགྲེལ་ཞིག་མཐོང་མྱོང་། ཞི་བར་གནས་བ་ནི་ལྷག་མཐོང་གི་ཆ་རྐྱེན་དང་། ལྷག་མཐོང་ནི་ཐར་བའི་བདེ་བ་སྙེགས་པའི་གནད་ཡིན་པ་ལྟ་བུ་ཞིག་གསུངས་ཡོད་པ་དྲན། ད་དུང་དཔེ་འཇོག་ཀྱང་ཡིད་དུ་འོང་བ་ཞིག་གནང་ཡོད་དེ། གལ་སྲིད་ལྷག་མཐོང་ནི་མར་མེ་ཡིན་ན་ཞི་གནས་ནི་དེར་བཟོས་པའི་ཤེལ་སྒྲོམ་ལྟ་བུ་ཡིན་པར་བརྗོད། མར་མེའི་འོད་སྣང་ནི་ཤེས་རབ་ཀྱི་ཆ་དེ་དང་དེ་ཇི་ལྟར་གསལ་ན་དེ་ལྟར་འཇིག་རྟེན་ཆོས་ཉིད་ཀྱི་ངོ་གདོང་གསལ་ལེར་མཐོང་ཐུབ་པ་ལ། ཇི་ལྟར་གསལ་བོར་ངེས་ན་དེ་ལྟར་སྡུག་བསྔལ་པའི་ཆ་ཉུང་དུ་བྲི་ཞིང་བདེ་བའི་ཆ་དེ་ལྟར་འཕེལ་བར་འགྱུར། ཡིན་ན་ཡང་། དེ་དག་གི་སྔོན་འགྲོའི་ཆ་རྐྱེན་ནི་མར་མེ་ལྟ་བུའི་ཤེས་རབ་ཀྱི་ཆ་དེ་མི་གཡོ་བར་བྱེད་པ་དེ་ཡིན་པ་དང་། དེར་ཁག་ཐེག་བྱེད་དགོས་ན་ཞི་བར་གནས་དགོས་ཤིང་། ཤེལ་གྱི་སྒྲོམ་ཞིག་བཟོ་དགོས་པ་དེ་ཡིན་པར་སྐད། ངས་ད་ལྟ་ཡང་དེ་དུས་དཔེ་འཇོག་འདི་གོ་དུས་སད་རྟོགས་བག་ཙམ་བྱུང་པའི་ཚོར་བ་དེ་བརྗེད་ཐབས་མི་འདུག དེ་ནི་ཆོས་ཀྱི་སྙིང་བོ་ཞིག་གིས་མི་ཞིག་གི་མི་ཚེའི་སྙིང་བོར་ཤུགས་རྐྱེན་ཐེབས་པའི་གོ་རིམ་ཞིག་ཡིན་སྲིད་པ་དང་། མི་རིགས་ཤིག་གི་ཐུན་མོང་གི་སེམས་ཁམས་ལ་རྨང་འདིང་བའི་དཔེ་མཚོན་ཙམ་ཡིན་སྲིད། གང་ལྟར་ཀྱང་། དེ་ནས་བཟུང་། ངས་རྣམ་ཀུན་གྱི་འཚོ་བའི་ནང་ནས་བྲེལ་ཤ་ཆེ་བའི་རང་ཉིད་ལྷོད་ལ་འབབ་ཅི་ཐུབ་བྱས་པ་དང་། མགྱོགས་པོར་འགྲོ་བའི་གོམ་ཁ་དེ་ཡང་རྐང་བཙུགས་ནས་ཇེ་དལ་དུ་ཡང་ཡང་བཏང་བ་ཡིན། སྐབས་དེ་དག་ཏུ། ང་ཁའོ་ཧྥེ་ཁང་དུ་འགྲོ་རྒྱུར་དགའ་བར་གྱུར་ཅིང་། ཁའོ་ཧྥེ་ཁང་གི་ལྷོད་ཀྱིས་འཇགས་པའི་ཁོར་ཡུག་དེར་དགའ་མོས་ཚད་མེད་ཅིག་སྐྱེས་བྱུང་།

  རོལ་དབྱངས་དེ་རིམ་གྱིས་འཇགས་སོང་། རོལ་དབྱངས་ཀྱིས་མཚོན་པའི་ལ་ཏིང་མེ་གླིང་གི་ས་མཐོའི་རི་ལྡེབས་ཀྱི་བྱ་གླག་དེ་ཡང་ཕལ་ཆེར་བྲག་ཐེམ་གང་ཞིག་དུ་བབས་ནས་རྐང་མལ་གསོས་ཡོད་སྲིད། ངས་མུ་མཐུད་དུ་ཤེལ་སྒོས་བཅད་པའི་ཕྱི་རོལ་གྱི་སྲང་ལམ་དུ་བལྟས་ནས་བསྡད་པ་ཡིན། རྔ་བའི་མཁར་གྲོང་གི་ཉིན་གུང་གི་སྲང་ལམ་གྱི་ཟང་ཟིང་ལ་འཇགས་མཐའ་མི་འདུག ང་ཅུང་ཉོབ་པར་གྱུར་ཅིང་ཁ་པར་གྱི་འཆར་ཤེལ་ཁ་འབྱེད་འདོད་ཀྱི་འདུན་པ་ཙམ་སྐྱེས་ཀྱང་དེ་མ་ཐག་སུན་སྣང་གཞན་ཞིག་གིས་འདོད་འདུན་དེ་མེད་པར་བཏང་སོང་། ཁ་པར་གྱི་འཆར་ཤེལ་ནང་ནས་དེའི་ནང་གི་བརྙན་རིས་ལ་ལྟ་བ་ནི་ད་ལྟའི་ཆར་ཤེལ་སྒོའི་ནང་རོལ་ནས་འཇགས་ཏེ་སྲང་ལམ་གྱི་ཟང་ཟིང་ལ་ལྟ་བ་དང་མཚུངས་ཏེ། དེ་ཡིས་ང་ཡི་ཡིད་སེམས་ཐང་ཆད་པར་བྱས་འགྲོ ལོ་འདི་འགར་འཇིག་རྟེན་འདི་དངོས་ཡོད་ཀྱི་ཟང་ཟིང་ནས་རིག་འཕྲུལ་གྱི་ཟང་ཟིང་ལ་མགོ་གཡེང་བ་དར་ཆེ་ཞིང་། མངོན་སུམ་དང་རྟོགས་བཏགས། ངོ་མ་དང་རྫུན་མ་སོགས་ཀྱི་ས་མཚམས་ཀྱང་མོག་པོར་གྱུར་ཏེ། དེ་ལ་ཕྱོགས་ཤིང་དེ་ལ་འུར་བ། དེ་ལ་འདྲོགས་པ། དེ་ལ་དད་པ་ཞིག་ཏུ་གྱུར་ནས། ཟང་ཟིང་དང་འ་འུར་ཡང་ཉིན་ནས་མཚན་དང་། ཕྱི་ནས་ནང་། སྲང་ནས་ཁྱིམ། ལུས་ནས་སེམས་སོགས་སུ་མཆེད་པ་དང་། དུས་ཚོད་ཀྱི་འགྲོས་ཀྱང་ཤེས་མེད་ཚོར་མེད་དུ་གྱུར་ཅིང་། འཚོ་བའི་བདེ་སྐྱིད་ཀྱི་ཚོར་བ་ཡང་འཐོམ་སྦྲིད་དུ་གྱུར། དེ་ཡང་མི་གཙོ་སྟེ། གཙིགས་ཆེ་བ་ནི་ང་ཚོ་མི་སྒེར་བས་ཚེ་སྲོག་གི་ལྷོད་འཇགས་འབོར་བཞིན་པ་དང་། ང་ཚོ་མི་རིགས་འདིས་རང་ཆས་སུ་མངའ་བའི་ལྷོད་ཉམས་ཀྱི་བརྟན་ཚུགས་ཤོར་བཞིན་པ་དེ་རེད་སྙམ་ཡོང་། རིག་འཕྲུལ་གྱི་འཇིག་རྟེན་འདིས། ང་ཚོ་ད་ལྟ་ཟང་ཟིང་དུ་གཏོང་བཞིན་འདུག ང་ཚོའི་དངོས་ཡོད་ཀྱི་འཚོ་གནས་ཀྱི་བར་སྟོང་ཆེན་པོ་དེ་རིག་འཕྲུལ་གྱི་བར་སྟོང་འདིས་དོག་མོ་ཞིག་ཏུ་གཏོང་བཞིན་འདུག་ལ། དེ་ཕར་བལྟས་ཚོད་ཀྱིས་ཕུན་སུམ་ཚོགས་ཤིང་གོ་སྐབས་ཀྱིས་ཕྱུག་པའི་བར་སྟོང་ཆེན་པོ་ཞིག་ཏུ་མཐོང་ཡོང་ཡང་། ཞིབ་ཏུ་དཔག་དུས་གུ་ཤིན་ཏུ་དོག་སྟེ། དེ་རུ་དམར་རྗེན་གྱི་ཁེ་ཕན་ཞིག་དང་། རང་འདོད་གྱི་གྲགས་པ་ཙམ་ལས་མི་འདུག་ཅིང་མིའི་གཉུག་གཤིས་ཀྱི་ངོ་གདོང་དེ་གསལ་ལེར་ཤར་བཞིན་འདུག གལ་སྲིད་དེ་ལ་གཡེང་དྲགས་ན། དབང་མེད་དུ་རང་ཉིད་གཅིག་པུར་གནས་ཀྱང་ངོ་གནོང་བའམ་ཡ་ང་བ། ཡི་མུག་པ། སེམས་སྐྱོ་བ། ཞེ་མེར་བའི་ཚོར་བ་ཞིག་སྐྱེས་ཡོང་པས། རེ་ཞིག་ལ་ཁ་པར་འགྲམ་དུ་བཞག་ནས་ལྷོད་ལ་འབབ་ཅི་ཐུབ་བྱེད་དགོས་པར་ཐུག་འགྲོ འདི་ནི་མཐོ་སྒང་གི་གནའ་བོའི་མི་རིགས་འདིའི་ལྷོད་ཉམས་དང་བརྟན་བརླིང་གི་རང་ཚུགས་ཤོར་བཞིན་པའི་སྔ་ལྟས་ཤིག་ཡིན་སྲིད་ལ། བདེ་སྐྱིད་ཀྱི་བདེན་པ་རྙེད་མི་ཐུབ་པའི་རྟགས་མཚན་ཞིག་ཀྱང་ཡིན་སྲིད།

  གང་ལྟར་ཀྱང་། ང་རང་འདི་ལྟར་རྔ་བའི་ཁའོ་ཧྥེ་ཁང་ཞིག་ཏུ་ལྷོད་ལྷོད་ཀྱིས་ཡུན་རིང་བསྡད། ས་མཐོའི་མཁར་གྲོང་འདི་རུ་འདི་ལྟ་བུའི་ཁའོ་ཧྥེ་འཐུང་ས་ཞིག་ཡོད་པ་ནི་ང་ལ་མཚོན་ན་བདེ་སྐྱིད་ལྡན་པའི་དོན་ཞིག་རེད། ངས་མཚམས་རེར་བདེ་སྐྱིད་ནི་རྙོག་འཛིང་ཆེ་བ་ཞིག་གཏན་ནས་མ་ཡིན་ཞིང་། དེ་བས་ཀྱང་ཐོབ་དཀའ་བ་ཞིག་གཏན་ནས་མ་ཡིན་པར་སྙམ། དེ་ནི་ལྷོད་འཇགས་ཀྱི་གོ་སྐབས་ཤིག སྙན་འཇེབས་ཀྱི་རོལ་དབྱངས་ཤིག འཚིག་དྲི་བྲོ་བའི་ཁའོ་ཧྥེ་ཕོར་བ་གང་གིས་ཀྱང་མངོན་འགྱུར་བྱེད་ཐུབ།

  ངས་སླར་ཡང་ཁའོ་ཧྥེ་ཁམ་གང་འཐུང་བ་དང་། རོལ་དབྱངས་ཤིག་སླར་ཡང་གྲགས་ཡོང་པར་བསྒུག ཤེལ་སྒོའི་བཅད་པའི་སྲང་ལམ་དུ། འཇིག་རྟེན་འདིའི་འཚོ་གནས་ཀྱི་འུར་ཟིང་སྔར་བཞིན་འཇགས་མཐའ་ཞིག་མི་འདུག ང་ཁའོ་ཧྥེ་ཁང་གི་ནང་ནས་ཁུ་སིམ་མེར་འཇགས་དུས། སྒེའུ་ཁུང་ཕྱི་རོལ་གྱི་སྲང་ལམ་དེ་དང་དེའི་འུར་ཟིང་ཡོད་ཚད་རྨི་ལམ་ཞིག་མིན་ནམ་སྙམ་པའི་འཁྲུལ་སྣང་ཞིག་སྐྱེས་བྱུང་།

                            ༢༠༢༥ལོའི་སྤྱི་ཟླ་༤བའི་ཚེས་༣༠ཉིན་རྔ་བ་རྗོང་མཁར་ནས།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ལྷ་བྱམས་རྒྱལ་གྱི་ལྷུག་རྩོམ་གསར་པ། 《སྒེའུ་ཁུང་ནང་རོལ་ནས་འཇགས་ཏེ་ཕྱི་རོལ་གྱི་ཟང་ཟིང་ལ་བལྟས་པ།》

2025-04-30 ལྷ་བྱམས་རྒྱལ།(པེ་ཅིན) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།