ཨ་མ་གམ་དུ་ཡོད་པའི་མི་ཚེར་གཅེས་སྤྲས་གྱིས།

  འུ་ཅག་འགྲོ་བ་མི་འདི་ཡིས། འཇིག་རྟེན་དཀར་ངོགས་འདི་མིག་གིས་རིག་པ་དང་དུས་མཚུངས་སུ། ལན་དང་རྒྱུ་མཚན་ཅི་ལ་ཡང་རེ་ལྟོས་མི་བྱེད་པའི་བྱམས་ལྡན་གྱི་ཨ་མ་ལགས་ཀྱང་མིག་ཟུང་གི་དཔལ་ཡོན་དུ་གྲུབ་ཡོད་པ་རེད། སྐབས་དེར་ཁྱེད་ཀྱི་མིག་ཟུང་གི་དཔལ་ཡོན་དུ་གསར་དུ་བཞད་པའི་ཨ་མ་ལགས་ནི། མོ་ལོ་ཉི་ཤུ་ལ་སོན་པའི་བུད་མེད་གཞོན་ནུ་མ་ཞིག་ཡིན། སོ་མར་ཁ་གད་པའི་མེ་ཏོག་ཅིག་དང་འདྲ་བར་ཧ་ཅང་མཛེས་སྡུག་ལྡན་ལ་གཞོན་ཤ་རྒྱས་སྒང་ཡིན། ན་ཚོད་ཤིན་ཏུ་ཕྲ་བའི་ཨ་མ་ལགས་ཀྱིས་ལྷད་མ་འདྲེས་པའི་བརྩེ་སེམས་ཀྱི་མིག་ཟུང་དང་པོས་ཁྱེད་ལ་བལྟས་པ་ནས་བཟུང་། རྒས་ཤིང་འཁོགས་པར་གྱུར་བའི་མིག་ཟུང་མཐའ་མས་བལྟས་པ་གཉིས་ལ་བཟང་དམན་གྱི་འགྱུར་བ་གང་ཡང་མེད་པར་བརྩེ་སེམས་རྣམ་དག་ཅིག་གིས་གཟིགས་ངེས། དེ་ནི་འཇིག་རྟེན་འདིར་ཧ་ཅང་མཐོང་བར་དཀའ་བའི་བརྩེ་བའི་མིག་ཟུང་དེ་ཡིན་ནོ། །

  ཁྱེད་རང་དང་པོར་སྐྱེས་དུས། ཨ་མ་ལགས་ན་ཚོད་ཤིན་ཏུ་ཕྲ་བས་ཁྱེད་དང་འགྲོགས་པའི་དུས་ཚོད་ཧ་ཅང་མང་པོར་མཆིས། དེ་ལྟ་ན་ཡང་། དེ་ཁྱེད་ལ་འབྲེལ་བ་ཅི་ཡང་མེད་པ་དང་མཚུངས། ཨ་མ་ལགས་ན་ཚོད་ཤིན་ཏུ་ཕྲ་བས་ཁྱེད་དང་འདུ་འཛོམས་ཀྱི་ལོ་ཟླ་མང་པོ་འདུག་པས་ཁྱེད་རང་དགའ་ནས་རྩེད་དགོད་བྱ་མི་སྲིད་ལ་བྱེད་ཀྱང་མི་ཤེས་སོ། །འོན་ཀྱང་དེ་དུས་སུ། ཁྱེད་ཀྱིས་བསམ་ངོ་མི་ཟིན་པས་ཨ་མ་ལགས་ཀྱི་བཀའ་དྲིན་དང་། ཨ་མ་ལགས་གམ་དུ་ཡོད་པའི་མི་ཚེར་གཅེས་སྤྲས་ཀྱང་བྱེད་མི་ཤེས་པར་ཐུགས་ཁག་ཅི་ལ་ཡོད། ཐ་ན་གཞན་གྱིས་ཁྱེད་རང་ཨ་མ་ལ་དགའ་འམ་ཞེས་དྲིས་ཀྱང་། ཁྱེད་ཀྱིས་ཅི་ཡང་སྨྲ་མི་ཤེས་སོ། །དྲང་མོར་བཤད་ན་དེ་དུས་ཁྱེད་ཀྱིས་རང་གི་ཨ་མ་ལགས་ངོ་ཡག་པོ་ཞིག་ཀྱང་ཤེས་ཡོད་མི་སྲིད་དོ། །

  དུས་ཡུན་ཅུང་ཙམ་གྱི་རྗེས་ཁྱེད་རང་ན་ཚོད་དར་ལ་བབས་པའི་གཞོན་ནུ་ཞིག་ལ་གྱུར་ཡོད། ཁྱེད་ཀྱིས་མེ་ལོང་ནང་དུ་ལྟ་དུས། རང་ཉིད་མཐོང་འོང་ངེས། རང་དང་ན་མཉམ་གྱི་གྲོགས་པོ་ཚོ་ཡང་མཐོང་འོང་ངེས། ཁྱེད་རང་སྐྱེ་བའི་དུས་དེར་ཁྱེད་ཀྱི་མིག་ཟུང་གི་དཔལ་ཡོན་དུ་ཐེངས་དང་པོར་མཐོང་འོང་བའི་ཨ་མ་དང་འདྲ་བའི་ན་ཚོད་ཕྲ་བའི་ཁྱེད་ཅག་མཐོང་འོང་ངེས། སྐབས་དེར་དགུན་ཟླ་བཞི་བཅུ་ལྷག་ཅིག་བརྒལ་མྱོང་ཞིང་། དེའི་ནང་གི་དགུན་ཟླ་ཉི་ཤུར་ཁྱེད་རང་གཉོར་སྐྱོང་གི་ལས་ཁོ་ནར་འབད་པའི་ཨ་མ་ལགས་ནི། ན་ཚོད་ཤིན་ཏུ་ཕྲ་བའི་གཞོན་པའི་ཐེམ་སྐས་ལས་བརྒལ་ཏེ་མི་ཚེ་ཕྱེད་ལ་རྫོགས་ཚར་བའི་བུད་མེད་ཅིག་ལ་གྱུར་ཚར་ཡོད། ཁྱེད་ཀྱི་ཨ་མ་ཙམ་མ་ཡིན་པར་ཨ་མ་དང་ལོ་ན་མཉམ་པའི་བུད་མེད་ཚང་མ་ལྡོག་མེད་འཁོར་བའི་ཆོས་ཉིད་ཀྱིས་མི་འདོད་ཚེ་ཡི་ཕྱེད་ཀ་རྫོགས་པར་བྱས་ཟིན། འོན་ཀྱང་དེ་དུས་སུ་ཁྱེད་ཀྱིས་ཨ་མ་ལགས་ཀྱིས་དཀའ་སྡུག་གི་འཚོ་བ་ཇི་ལྟར་རོལ་ནས་འོང་བ་ཡིན་མིན། ཁྱེད་ཀྱིས་ཉིན་གཅིག་ལ་ཡང་བསམ་བློ་བཏང་མྱོང་མེད།

  ཨ་མ་ལགས་ཀྱིས་ཁྱེད་རང་གཉོར་ནས་མི་ལོ་ཉི་ཤུ་ལྷག་ཅིག་བརྒལ་ཚར་ཡོད་ན་ཡང་། ཁྱེད་རང་ད་རུང་ཡང་བསམ་བློའི་ན་ཚོད་སྨིན་མེད་པ་དང་འདྲ་སྟེ། ཁྱེད་ཀྱིས་ཨ་མ་ལགས་ཀྱི་བཀའ་དྲིན་དྲན་པ་ཕར་ཞོག ནམ་རྒྱུན་རང་གི་དྲིན་ལྡན་གྱི་ཨ་མ་ལགས་ལ་སྙིང་ལ་མི་འཐད་པའི་ཚིག་ངན་སྣ་ཚོགས་བཤད། ཨ་མ་ལགས་ཀྱིས་ཅི་བཤད་ཁ་ལ་མི་ཉན་པར་རང་མོས་ལྟར་སྒྲུབ་རྐྱང་བྱེད། ཁྱེད་རང་འགྲོ་བ་མི་ཞིག་གི་སྐྱེས་ལུས་བླངས་ཕྱིར་དེ་ལྟར་བྱེད་ཆོག་པའི་གདམ་ག་སུ་ཡིས་གནང་བ་ཡིན་ནམ། མི་ཚེ་འདིར་ཁྱེད་ཀྱིས་རང་གི་ཨ་མ་ལགས་ཀྱི་དྲིན་ལན་སློག་དགོས་ཟེར་ན་དེ་ནི་ཧ་ལམ་མི་སྲིད་པ་ཞིག་ཡིན་ཏེ། ཨ་མ་ལགས་རྒྱབ་ཏུ་ཁུར་ནས་འཇིག་རྟེན་གཡས་སྐོར་ཞིག་བརྒྱབ་ཀྱང་། དྲིན་ལྡན་གྱི་ཨ་མ་ལགས་ཀྱི་ནུ་ཆུའི་རིན་དོད་ཙམ་ལས་མཇལ་མི་ཐུབ་པ་མ་ཡིན་ནམ། དེའི་ཕྱིར་ཁྱེད་ཀྱིས་ཨ་མ་ལགས་ཀྱི་དྲིན་ལན་མཇལ་མི་ཐུབ་ཀྱང་། ནམ་རྒྱུན་ཨ་མ་ལགས་ཀྱི་བཀའ་དྲིན་མི་བརྗེད་པར་ཞུ། དེ་ལས་ཀྱང་ཨ་མ་ལགས་ཀྱི་སྙིང་ལ་མི་འཐད་པའི་ཚིག་ངན་མི་བཤད་པར་ཁ་འཇམ་ཚིག་འཇམ་གྱིས་ཨ་ལན་གནང་རོགས། ཨ་མ་ལགས་གམ་དུ་ཡོད་པའི་མི་ཚེར་གཅེས་སྤྲས་ལེགས་པོ་གནང་རོགས་ཞུ།

  ལོ་ཟླ་རིང་པོ་ཞིག་བརྒལ་རྗེས་ཁྱེད་རང་སྐྲ་མདོག་དུང་ལྟར་དཀར་བའི་རྒ་བའི་ས་ཚིགས་ལ་བསླེབ་འགྲོ། དེ་དུས་ཁྱེད་ཀྱི་བྱམས་ལྡན་གྱི་ཨ་མ་ལགས་ཀྱིས་ཁྱེད་རང་བསྐྱུར་ཏེ་འཇིག་རྟེན་དཀར་ངོགས་འདི་དང་གཏན་དུ་བྲལ་ཟིན། ཤུལ་དུ་ལུས་པ་ནི། འགྱོད་སེམས་དང་དྲན་གདུང་འབའ་ཞིག་ཡིན་ངེས། བྱིས་དུས་སུ་ཨ་མ་ལགས་དང་མཉམ་དུ་འདུག་པའི་དུས་ཚོད་ལ་གཅེས་སྤྲས་མ་བྱས་པའི་འགྱོད་སེམས། གཞོན་དུས་སུ་ཨ་མ་ལགས་ལ་སྙིང་ལ་མི་འཐད་པའི་ཚིག་ངན་སྣ་ཚོགས་པ་བཤད་པས་འགྱོད་སེམས། ན་ཚོད་ཆེ་བར་གྱུར་དུས་སུ་ཨ་མ་ལགས་ལ་བསྙེན་བཀུར་མ་བྱས་པའི་འགྱོད་སེམས་དང་ཐ་ན་མཉམ་དུ་བསྡད་ནས་ལྷིང་འཇགས་ཀྱིས་སྐད་ཆ་ཞིག་ཀྱང་མ་བཤད་པ་སོགས་ཀྱི་འགྱོད་སེམས། དེ་ལྟར་འགྱོད་སེམས་ཀྱི་སྡུག་ཡས་གཅིག་རྗེས་གཉིས་བརྩེགས་ཀྱིས་འབབ་འོང་དུས། ཁྱེད་རང་ཐུགས་སེམས་སྐྱོ་ནས་སྤྱན་ཆབ་ཉིལ་ཉིལ་མཛད་ངེས། དེ་ནི་ཁྱེད་རང་འཇིག་རྟེན་འདིར་བུ་ཕྲུག་བཟོ་བའི་ལས་སྐལ་དུམ་བུར་ཆད་སོང་བའི་སྐྱོ་སྡུག་དེ་ལས་ཀྱང་ཤིན་ཏུ་ན་ཟུག་ཆེ་བ་སྨོས་ག་ལ་དགོས། དེའི་ཕྱིར་ཁྱེད་རང་ད་ལྟ་ཨ་མའི་དྲོད་ཁོལ་མ་ཡལ་བར་གནས་ཡོད་ན། ཨ་མ་གམ་དུ་ཡོད་པའི་མི་ཚེར་གཅེས་སྤྲས་བྱོས། གཞན་ཞིག་མི་ཐུབ་རུང་། ཨ་མ་ལགས་སེམས་པ་དགའ་བའི་སྐད་ཆ་མང་ཙམ་བཤད་རོགས་ཞུ།

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།