ཀུན་བཟང་རྣམ་རྒྱལ་གྱི་ལྷུག་རྩོམ་གསར་པ། 《མདོག་ཡལ་བའི་སྨྱུག་རྩེ》

ཀུན་བཟང་རྣམ་རྒྱལ།(དར་རྩེ་མདོ) 琼迈文学网 2026-04-05

  ཀུན་བཟང་རྣམ་རྒྱལ་ནི་ལོ་རབས་བརྒྱད་ཅུ་པའི་མཇུག་ཏུ་ཁམས་སྡེ་དགེ་རྫོགས་ཆེན་དུ་སྐྱེས། སློབ་གྲྭ་ཆུང་འབྲིང་སོགས་རིམ་གྱིས་འགྲིམས་ནས2006ལོར་སི་ཁྲོན་ཞིང་ཆེན་བོད་ཡིག་སློབ་གྲྭར་ཞུགས་ཤིང་། རྩོམ་རིག་དང་གསོ་རིག་ལ་ཆེད་སྦྱོང་བྱས། ཞོར་དུ་ལོ་གསུམ་གྱི་རིང་ལ་སློབ་གྲྭའི་རྒྱང་སྒྲོག་པ་དང་གསོ་རིག་ཆེད་དེབ《གཡུ་ཐོག་འབོད་སྐུལ》གྱི་རྩོམ་སྒྲིག་པའི་འགན་ཁུར། ད་ལྟ་སི་ཁྲོན་ཞིང་ཆེན་རྩོམ་པ་པོ་མཐུན་ཚོགས་ཀྱི་ཚོགས་མི་དང་། དཀར་མཛེས་ཁུལ་རྩོམ་པ་པོ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་དཀར་མཛེས་ཁུལ་ལོ་ཙཱ་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། དུས་དེབ《གངས་དཀར་རི་བོ》ཡི་གཙོ་སྒྲིག་པ་གཞོན་པ། བོད་ཡིག་པར་མའི་ལག་བསྟར་གཙོ་སྒྲིག་པ་བཅས་ཀྱི་འགན་འཁུར་བཞིན་ཡོད། བརྩམས་ཆོས་འགའ་རེ《མི་རིགས་ཀྱི་རྩོམ་རིག》དང《བོད་ཀྱི་རྩོམ་རིག་སྒྱུ་རྩལ》《ཟླ་ཟེར》《གངས་ལྗོངས་ཉི་གཞོན》《མི་རིགས》སོགས་སུ་བཀོད་མྱོང་།

  གངས་འདབས་ཀྱི་ལྷིང་ཞིང་འཇགས་པའི་གྲོང་ཚོ་འདིར། བཀྲ་ཤིས་ཀྱི་བྱིས་དུས་ནི་མཛེས་སྡུག་ལྡན་པའི་རི་མོ་ཞིག་དང་འདྲ་བར་འོད་སྟོང་འབར་བ་ཞིག་ཡིན། ཁོང་ཚང་གི་ཐོག་ཁང་ཆེན་པོ་དེ་ནི་ཞོགས་པའི་ཉི་འོད་ཀྱི་ཁྲོད་དུ་བཀྲག་མདངས་རབ་ཏུ་འཚེར་ཞིང་། ཀ་གདུང་རེ་རེར་འབུར་དོད་དུ་བརྐོས་པའི་རི་མོ་སྣ་ཚོགས་དང་འོད་འཁྱུག་པའི་ཁྱིམ་ཆས་སྣ་ཚོགས་ཀྱིས་ཁྱིམ་ཚང་འདིའི་དར་རྒྱས་གསལ་པོར་མངོན། ཁོང་དང་ལོ་ན་ཚོད་མཉམ་པའི་ཕྲུ་གུ་ཚོས་རས་ཀྱི་ཁུག་མ་སྟབས་བདེ་རེ་རྒྱབ་ལ་ཁུར་ཅིང་རི་ལམ་ཀྱག་ཀྱོག་ཏུ་བསྐྱོད་ནས་སློབ་སྦྱོང་གི་སྐལ་བ་ཅུང་ཙམ་ཞིག་ཐོབ་རེ་བྱེད་སྐབས། བཀྲ་ཤིས་ནི་སེམས་ཁྲལ་དང་དཀའ་ཚེགས་ཅི་ཡང་མྱོང་མི་དགོས་པར་དྭངས་གསལ་གྱི་སློབ་ཁང་དུ་མཁྱེན་དཔྱོད་ཡངས་པའི་དགེ་རྒན་ཚོའི་ཤེས་བྱའི་ཉིང་བཅུད་ལ་རོལ་བཞིན་ཡོད་ཅིང་། སློབ་ཆུང་ནས་སློབ་འབྲིང་། སློབ་འབྲིང་ནས་སློབ་ཆེན་བར་ཏེ་ཁོང་གི་བསླབ་པ་སློབ་གཉེར་གྱི་ལམ་བུ་ནི་ཧ་ཅང་བདེ་བླག་དང་། རིག་གནས་ཤེས་བྱའི་བཅུད་ཀྱིས་གསོ་སྐྱོང་གནང་བའི་ཁོང་གི་མདུན་ལམ་ལའང་དམིགས་བསལ་གྱི་འོད་ཟེར་ཞིག་འཕྲོ་བཞིན་ཡོད།

  རྗེས་སུ་ལས་རྐང་དུ་ཞུགས་ནས་གཞུང་གི་བྱ་བ་བསྒྲུབས་རྗེས་ཀྱང་། བཀྲ་ཤིས་ནི་ཉིན་མོར་ལས་ཁུངས་ཀྱི་བྱ་བ་ཆེ་ཆུང་ཀུན་ལ་མགོ་འཁོར་ནས་བྲེལ་འཚུབ་ལངས་བཞིན་ཡོད་ལ། མཚན་མོ་རེ་རེར་གྲོང་ཁྱེར་གྱི་འདུ་འཛི་དང་འུར་ཟིང་ལ་ཡོངས་སུ་བཀྱེད་ནས་རང་གི་དགའ་ཕྱོགས་ལྟར་རྩོམ་རིག་གསར་རྩོམ་གྱིས་ཡོངས་སུ་མྱོས་པར་གྱུར། ཁོང་གིས་ཡུལ་སྐོར་གྱི་ལམ་ནས་རྙེད་པའི་དྲན་ཤེས་དེ་དག་དང་། ཕ་ཡུལ་གྱི་རྩྭ་ཐང་ནས་རྙེད་པའི་འབྲོག་པའི་འཚོ་བ། ཕ་མེས་ཡང་མེས་ནས་བརྒྱུད་པའི་དམངས་ཁྲོད་རིག་གནས་སོགས་ཕ་སྐད་མ་ཡིག་གི་ལམ་ནས་འབྲི་ཅི་ཐུབ་བྱས་ལ། རྒྱང་རིང་གི་ཕ་ཡུལ་དང་ཕ་མ་སོགས་ལ་བཅངས་པའི་ལྷད་མེད་ཀྱི་བརྩེ་དུང་དང་། ཆུང་ནས་འདྲིས་ཤིང་གོམས་པར་གྱུར་པའི་རྩེད་ར་དང་རྩེད་གྲོགས་སོགས་དྲན་པའི་གདུང་ཚོར་མ་ལུས་ཡིག་རིས་སུ་ཕབ་བཞིན་ཡོད་ལ། ཆུང་དུས་ཀྱི་བག་ལྷོད་དང་དལ་བྲེལ་མེད་པའི་འཚོ་བ་དང་དུས་རབས་གསར་པའི་འཚོ་བ་གསར་པས་བསྐྲུན་པའི་སྟབས་བདེ་དང་མྱུར་མགྱོགས་བར་གྱི་ཧེ་བག་སྟེ། གྲོང་ཚོའི་ནང་གི་ཨ་མ་རྒན་མོའི་གཉེར་མས་ཁེངས་པའི་ལག་ནང་གི་དལ་དལ་ལྷོད་ལྷོད་ཀྱི་བལ་སྐུད་འཁེལ་འཐག་དང་། ཚན་རྩལ་གྱིས་བསྐྲུན་པའི་ལག་བཟུང་ཁ་པར་ནང་གི་ཡུལ་དུས་ཀྱིས་བསྐལ་བའི་དོན་ཡང་སྐར་ཆ་གཅིག་གི་ཡུན་ལ་ཐག་གཅོད་ཐུབ་པའི་མིག་འཕྲུལ་ལྟ་བུའི་འཚོ་བ་གསར་པའི་བར་གྱི་ཁྱད་པར་གྱི་བསམ་གཞིག་སོགས་ཡིག་འབྲིས་བཞེངས་བཞིན་ཡོད་པ་དང་། དེ་མིན་གནའ་བོའི་གཏམ་བཤད་དང་འབྲོག་གླུ། གཏམ་དཔེ་དང་ཁེད་སོགས་སྲོལ་རྒྱུན་རིག་གནས་མང་པོ་ཞིག་ཟིན་བྲིས་སུ་ཕབ་སྟེ་རང་ནུས་གང་ཡོད་ཀྱིས་གསར་རྩོམ་དང་ཉར་ཚགས་ཀྱི་ལས་ལ་འབད་བཞིན་ཡོད་དེ། ཁོང་གིས་མཐོ་སྒང་གི་དྲོད་ཚད་ལྡན་པའི་ཡིག་འབྲི་དེ་དག་གིས་ཕ་ཡུལ་གྱི་འགྱུར་ལྡོག་ཡིག་རིས་སུ་ཕབ་བཞིན་ཡོད་པར་མ་ཟད། མི་རིགས་ཤིག་གི་ཕ་མེས་ཡང་མེས་ནས་བརྒྱུད་པའི་རིན་ཐང་བྲལ་བའི་རིག་གནས་མང་པོ་ཞིག་རྒྱུན་འཛིན་དང་དར་སྤེལ་ལ་བསམ་གཞིག་ཟབ་མོ་སྔོན་དུ་བཏང་ནས་ཧུར་གྱིས་འཇུག་བཞིན་ཡོད།

  དེ་ལྟ་ནའང་། དུས་ནམ་ཡང་ཕྲག་དོག་གི་མདའ་མདུང་མང་པོ་ཞིག་དང། གུ་དོག་པའི་བོའུ་མཆུ་མང་པོ་ཞིག་ཁོང་ལ་གཏད་ཡོད་པ་བཟློག་ཐབས་མེད་དེ། ཐེངས་ཤིག་ཁོང་གིས་འབྲོག་ཁུལ་གྱི་སྣོད་བཅུད་སྲུང་སྐྱོང་གལ་ཆེན་ཡིན་པ་ཞིབ་བརྗོད་བྱས་པའི་རྩོམ་ཡིག་ཅིག་ཏུ་ཡིག་སྐྱོན་ཁར་ཁེར་ཞིག་བྱུང་བ་ལ་ཀུན་གྱིས་གླེང་ཕྱོགས་ཆེན་པོ་བཟོས་ནས་རླུང་འཚུབ་དེ་ཡུན་རིང་ཞིག་ལ་འཇགས་མ་ཐུབ། མི་ལ་ལས་ཟེར་ནཁོས་རང་གི་ཕ་སྐད་མ་ཡིག་ཀྱང་ཡང་དག་པ་ཞིག་འབྲི་མི་ཤེས་པས་ཕ་མེས་ཡང་མེས་ནས་བརྒྱུད་པའི་རིག་གནས་དག་ཇི་ལྟར་རྒྱུན་འཛིན་དར་སྤེལ་བྱེད་ཐུབཅེས་སྐྱོན་འཛུགས་བྱས་པ་དང་། སྨྱན་སྦྱོར་ཁག་གིས་ཡི་གེ་ནོར་འཁྲུལ་དེ་དག་ཆེ་རུ་བཏང་ནས་ཁྱབ་བསྒྲགས་བྱས་པར་མ་ཟད། ཐ་ན་མི་ལ་ལས་ཁོང་གི་བརྩམས་ཆོས་འགའ་ཞིག་ནི་ཞི་བདེ་དང་འཆམ་མཐུན་ལ་རྒོལ་བའི་ནང་དོན་དུ་གཏོགས་ཞེས་སྒྲོ་འདོགས་དང་སྐུར་འདེབས་ཅི་ཐུབ་བྱས་པ་དང་། ཁོ་ནི་སྣོད་བཅུད་སྲུང་སྐྱོང་དང་རིག་གནས་རྒྱུན་འཛིན་སོགས་ལ་ཁ་གཡར་ནས་རང་གི་སྙན་གྲགས་ཁོ་ན་གཉེར་མཁན་རེད་ཅེས་ཁུངས་མེད་ལུང་མེད་ཀྱིས་ཀུན་ལ་བསྒྲགས་སོགས་ཅི་ཡིན་འདི་ཡིན་མེད་པར་དཀའ་ཁག་ཚད་མེད་ལ་གཏད།

  དུས་དེ་ནས་བཟུང་། ཡང་ན་ཅི་ཡིན་འདི་ཡིན་མེད་པར་ཞྭ་མོ་ནག་པོ་ཞིག་མགོ་ལ་བསྐོན་པ་ནས་བཟུང་། ཁོང་གིས་གསར་རྩོམ་གྱི་སྨྱུ་གུ་དེ་ཉིད་རང་དབང་མེད་པའི་ཅོག་ཙེའི་སྟེང་དུ་མི་འཇོག་ཀ་མེད་བྱུང་ལ། སྔོན་ཆད་བྲིས་པའི་བརྩམས་ཆོས་དེ་དག་ཀྱང་རིམ་བཞིན་ཐལ་རྡུལ་བཀབ་སྟེ་མདོག་མི་མཛེས་པར་གྱུར། སྐབས་འགར་ཁོང་གིས་ཡང་བསྐྱར་སྨྱུ་གུ་ལག་ཏུ་ལེན་རྩིས་བྱེད་པ་དང་། རྩིས་འཕྲུལ་གྱི་མཐེབ་གཞོང་དུ་ཡི་གེ་འགའ་རེ་གཏག་རྩིས་བྱས་ནའང་། སྔོན་ཆད་ཀྱི་གློག་འབྲུག་ཐོག་གསུམ་ལྟ་བུའི་ཁ་རྡུང་དེ་དག་གམ། གནམ་སའི་ཁྱོན་ལ་ཤོང་ཐབས་བྲལ་བའི་སྐྱོན་བརྗོད་དེ་དག་གཟུགས་མེད་ཀྱི་ལྕགས་སྒྲོག་ཅིག་ཏུ་གྱུར་འགྲོ་བས། དུས་དེ་ནས་བཟུང་ཁོང་གིས་གངས་ལྗོངས་ས་མཐོའི་ཡུལ་ལ་བཅངས་པའི་བརྩེ་དུང་ཟབ་མོ་དག་ཡིག་རིས་སུ་ཕབ་མ་ཐུབ་ལ། རང་སེམས་ཀྱི་གཏིང་རིམ་ན་ལྷོག་ལྷོག་ཏུ་གདུ་བའི་དགའ་སྐྱོ་ཆགས་སྡང་གི་ཚོར་བ་དག་ཀྱང་ཡི་གེའི་ལམ་ནས་མཚོན་པའི་སྙིང་སྟོབས་དང་དགའ་ཕྱོགས་ཡལ་མེད་དུ་གྱུར་སོང་།

  དུས་དེ་ནས་བཟུང་། སྔོན་ཆད་ཀྱི་ཕ་སྐད་མ་ཡིག་གི་ལམ་ནས་དུས་རབས་ཤིག་གི་ཁ་ཕྱོགས་དང་མི་རིགས་ཤིག་གི་བླ་སྲོག་དག་ཡིག་ལམ་ནས་ཟིན་ཐོར་འགོད་མཁན་གྱི་གཞོན་ནུ་རྩོམ་པ་པོ་དེ་ཉིད་དྲ་རྒྱའི་གཏུམ་སྤྱོད་དང་ཚད་ལས་བརྒལ་བའི་སྐྱོན་བརྗོད་ཀྱི་གྲིབ་ནག་འོག་རིམ་བཞིན་ཁ་ཕྱོགས་བོར་སོང་བ་དང་། ཁོང་གིས་བཀོལ་མྱོང་བའི་སྨྱུ་གུ་དེའང་རིམ་བཞིན་མདོག་ཡལ་ནས་བེམ་རོ་ཞིག་ཏུ་གྱུར་ཅིང་། ཁོང་གིས་བྲིས་པའི་བརྩམས་ཆོས་དེ་དག་ཀྱང་དུས་ཀྱི་རྦ་རླབས་ཁྲོད་ནས་རྒྱ་མཚོའི་ཕ་མཐའ་ཞིག་ཏུ་ཡལ་སོང་།།

རྩོམ་འདི་ཐོག་མར་ཟླ་ཟེར་དུས་དེབ་ཏུ་བཀོད།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

ཀུན་བཟང་རྣམ་རྒྱལ་གྱི་ལྷུག་རྩོམ་གསར་པ། 《མདོག་ཡལ་བའི་སྨྱུག་རྩེ》

2026-04-05 ཀུན་བཟང་རྣམ་རྒྱལ།(དར་རྩེ་མདོ) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།