སྟོན་ཁ།
ཁྱོད་ཀྱིས་ཆུ་མོ་བསྣམས་ནས་ཡོང༌། ཆང་དམ་དང་འབྲུ་རིགས།
སྟོན་ཁ། ལེ་བར་ཆིག་སྟོང་གི་ཕྱི་ནང་དུ།
ཤིང་སྡོང་གི་ལོ་མ་བདེ་བར་གཉིད་ལ་ཞུགས་ཤིང༌།
འབྲས་བུ་ཕོན་པོ་ལྗིད་ཏིག་གེར་ཟོ་བའི་ཞབས་ལ་ལྷུང་ནས།
མགྲིན་པ་བརྣངས་པའི་སྒྲ་ཡང་མོར་གྲགས་འོངས།
ཟོར་བ་བདེ་བར་བཞག
ལོ་ལེགས་ཀྱི་རྩྭ་ཐང༌།
སྟོན་གྱི་ཆུ་མོ་ཡར་ལ་འཕགས།
འབྲས་བུ་ལ་ཐུག་རེག་བར་དུ། འབྲས་བུ།
བྲག་ཅ་ལྟ་བུའི་ཆ་མཉམ་པའི་མྱོས་བུམ་ཟུང༌།
སྟོན་ཁ། ལོ་ལེགས་ཀྱི་སླེ་བོ།
ལྷ་ཡུལ་གྱི་སླེ་བོ་རུ།
འབྲས་བུ་ཕོན་པོ་ཡིས་བཀང༌།
ནད་ཁྲིའི་མགོ་རུ་བརྐོས་པའི།
ཨ་རབ་བམ་ཆུ་བོ་གང་ག་ཡི།
རྟག་བརྟན་གྱི་ཡིག་འབྲུ།
ཡིན་ཡང་ཉ་མོ་ཡིས་སྡེ་གྲོང་གླུ་རུ་ལེན་ཞིང༌། རྨི་ལམ་དུ་རྨི།
ཆུ་མོ་རང་ཉིད་ཀྱི་དབྱིབས་གཟུགས་ལ་ཁ་བྲལ་ཞིང༌།
ལག་པ་དང་ཡང་ཁ་བྲལ།
བྲག་ཅ།
འདི་ནི་ལོ་ལེགས་ཀྱི་སླེ་བོ་གཉིས་ཏེ། ཕན་ཚུན་ཆ་མཉམ་དུ་གནས།
མྱོས་བུམ་དང༌།
ལག་པ།
1986.1;1987.5;1987.8---9
(ལྡོང་བུས་བསྒྱུར)
རྩོམ་ཁུངས། ངེད་དྲ་བ།