གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སོན་འདེབས།

2009-03-10 23:22:00 ཡི་དམ་ཚེ་རིང་། ཀློག་གྲངས། མཆན ཡོད།


ན་ནིང་མི་ལ་ཟློས་ཏེ། །
གཤོང་དུ་ཀེའུ་ཚེ་བཏབ་པས། །
ར་ཕོ་གྱང་ནས་མཆོངས་ཏེ། །
ལོ་མ་རྩེ་ནས་གཏུབས་སོང༌། །
ད་ལོ་གཞན་དུ་བསྒྱུར་ཏེ། །
འབུར་དུ་ཀུན་དོང་བཏབ་ཀྱང༌། །
ཁྱིམ་མཚེའི་བྱ་ཕོ་རྐུན་པོས། །
སྡོང་བུ་རྩད་ནས་བཅད་སོང༌། །
ད་ནས་རྗེས་མའི་ལོ་ལ། །
རྒྱ་ལྕང་འདེབས་བློ་མི་འདུག །
ཡལ་གའི་ཁོ་ལག་རྫོགས་ཚེ། །
རང་ལ་དབང་ཚོད་མི་འདུག །
དེ་བས་གངས་རིར་ལོག་སྟེ། །
ཐང་ཤིང་སྔོན་མོ་བསྐྱངས་ན། །
ལོ་སྐོར་རེ་འགའ་ཕྱིན་ཚེ། །
གདོང་འདེགས་ཀ་བ་ཡོང་ངོ༌། །
             (འཇུ་སྐལ་བཟང་གིས་བསྒྱུར)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།