གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཚེ་སྲོག་གི་ལམ།

2010-03-30 02:32:00 ལུའུ་ཞུན་གྱིས་བརྩམས། ཀློག་གྲངས། མཆན ཡོད།

 

 མིའི་རིགས་འཇིག་པ་ནི་སུན་སྣང་དང་སྐྱོ་བ་སྐྱེས་དགོས་པའི་དོན་ཆེན་ཞིག་ཡིན་མོད་ཀྱི། འོན་ཏེ་མི་འགའ་རེ་འཇིག་པར་འགྲོ་བ་ནི་ཇི་འདྲའི་སུན་སྣང་དང་སྐྱོ་བ་སྐྱེས་དགོས་པའི་དོན་ཆེན་ཞིག་མིན་ནམ་སྙམ།

       ཚེ་སྲོག་གི་ལམ་ནི་ཡར་ཐོན་ཞིག་ཡིན་པས།ནམ་རྒྱུན་དུ་བླ་ན་མེད་པའི་སྙིང་སྟོབས་དེ་ཟུར་གསུམ་ཅན་གྱི་གསེག་ངོས་བརྒྱུད་ནས་སྐྱོད་བཞིན་ཡོད་ཅིང་། གང་ཞིག་གིས་ཀྱང་འགོག་ཐབས་རང་མི་འདུག

        རང་བྱུང་གིས་སྐྱེ་འགྲོ་ཀུན་ལ་བསྩལ་པའི་འདྲ་མཉམ་མིན་པའི་བདེ་སྡུག་ནི་ཧ་ཅང་མང་ཞིང་།  མི་རྣམས་ཀྱིས་ཀྱང་རང་ཉིད་ཉམ་ཐག་འུ་ཐུག་ཏུ་གྱུར་ནས་ཕྱིར་བྱོལ་མཁན་ནི་དེ་བས་ཀྱང་ཧ་ཅང་མང་མོད་ཀྱི།འོན་ཏེ་ཚེ་སྲོག་ནི་དེར་བརྟེན་ནས་མགོ་བོ་ཕྱིར་འཁོར་བའི་དཔེ་ནི་ཡོད་མི་སྲིད་དོ།། མུན་ནག་གིས་བསམ་པའི་རླབས་རྒྱུན་འགོག་པ་དང་། ཡ་ང་བས་སྤྱི་ཚོགས་ལ་འཇབ་རྒོལ་བྱེད་པ། ནག་ཉེས་ཀྱིས་མི་ཚོར་སྐུལ་མ་འདེབས་པ་སོགས་གིས་ཀྱང་མིའི་རིགས་ཀྱི་དད་པའི་འཇུག་ངོགས་ནི་ལྕགས་ཀྱི་གཟེ་མ་ར་མགོ་རྡོག་པས་མནན་པ་ལྟར་མདུན་དུ་སྐྱོད་ཀྱིན་འདུག་གོ།

ཚེ་སྲོག་ནི་འཆི་རྒྱུར་མི་སྐྲག་པ་མ་ཟད་འཆི་བདག་གི་མདུན་ནས་དགོད་ཅིང་ལྡིང་བ། འཆི་བ་ལས་ལྡོག་སྟེ་མི་ཚོའི་ཕྱོགས་སུ་སྐྱོད་དོ།། ལམ་ནི་གང་རེད་ཅེ་ན། འགྲོ་སའི་ལམ་མེད་ས་ནས་ལམ་གཏོད་པའམ་ས་རོང་རྩུབ་ས་ནས་གསར་དུ་གཏོད་པའི་ལམ་དེ་ལ་ཟེར་རོ།།

      འགྲོ་སའི་ལམ་ནི་གནའ་སྔ་མོ་ཞིག་ནས་ཡོད་ལ། འཕྲོ་ཕྱིན་ཇི་སྲིད་བར་དུ་ཡོད་དགོས་སོ།།

མིའི་རིགས་ནམ་ཡང་སུན་སྣང་སྐྱེས་མི་སྲིད་པ་ནི། ཚེ་སྲོག་ཡར་ཐོན་ཡོང་བ་དང་སྤྲོ་སྣང་དང་ལྡན་པས་སོ།།

ཁ་སང་ངས་ངའི་གྲོགས་པོ་ཞིག་ལ། མི་ཞིག་ཚེ་འདས་སོང་། གཤིན་པོ་རང་ཉིད་དང་ཁོའི་ནང་མི་ཚོར་སྡུག་བསྔལ་སྐྱེས་པའི་དོན་དག་ཅིག་ཡིན་མོད་ཀྱི། འོན་ཀྱང་སྡེ་བ་ཞིག་དང་གྲོང་བརྡལ་ཞིག་ལ་མཚོན་ན་ཅི་ཡང་མི་སྲིད་ཅིང་། ཞིང་ཆེན་ཞིག་དང་རྒྱལ་ཁབ་ཅིག  རིགས་རྒྱུད་ཅིག་ལ་མཚོན་ན་དེ་བས་ཀྱང་ཅི་ཡང་མི་སྲིད་དོ།། ཞེས་བཤད་པར། གྲོགས་པོ་དེ་ཧ་ཅང་སྡུག་པའི་ཉམས་ཀྱིས་འདི་ནི་རང་བྱུང་གི་གཏམ་ཞིག་རེད། མི་རྣམས་ཀྱིས་བཤད་པའི་གཏམ་ཞིག་ཡིན་མི་སྲིད། ཁྱོད་ཀྱིས་སེམས་ཆུང་བྱེད་དགོས། ཞེས་ཟེར། ངས་བསམ་བློ་ཞིབ་ཏུ་བཏང་ན། ཁོའི་གཏམ་དེ་ཡང་ནོར་མེད་པས་བདེན་པར་སྙམ་བྱུང་།

(དཀོན་མཆོག་སྒྲ་དབྱངས་རྒྱ་མཚོས་བསྒྱུར།)

 

རྩོམ་ཁུངས། ༢༠༠༨ལོའི་ཟླ་ཟེར།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།