སེང་ཆེན་གྱིས་བསྒྱུར་བའི་སྙན་ངག་འགའ།

    མི་ཞིག་དྲན་པ
མི་ཞིག་དྲན་པ་དེ
ལྗགས་རྩེ་ནས་ཀ་ར་འབྱིན་པ་ལྟར
ཡ་སོ་དང་མ་མགལ་གྱིས་ལྡད་མི་ཕོད
མངར་མོ་ཡིན་པ་སེམས་ཀྱི་རྟོགས་ནའང
སྲ་གཟུགས་ནས་འཕྲལ་མར་གཤེར་ཁུ་རུ་བཞུས་འགྲོ་བར་སེམས་ཁྲལ་རྟག་ཏུ་འོངས
མི་ཞིག་དྲན་དྲན་པ་དེས
མངར་མངར་མོའི་ཚོར་བ་ག་འདྲ་ཞིག་སྦྱིན་པ་ནང་བཞིན
སྐྱུར་སྐྱུར་མོའི་ཚོར་བའང་དེ་འདྲ་ཞིག་སྦྱིན་འོངས

     དུ་རྟ།
ཚོར་བ་དེ་ཕྱུར་བུ་བཏང་རྗེས
དྲོད་མེད་པའི་ཤོག་ཧྲིལ་ཞིག་གི་རུམ་དུ་བསྐྱིལ
མེ་ཆའི་རྐུབ་ནས་འཕྱུར་བའི་འོད་རྡོག་པོ་དེས
དུ་སྣེ་ནས་རྣམ་པ་མི་འདྲ་བའི་ཕྲུ་གུ་གཉིས་བཙས
དགུང་ན་འགྱུ་བའི་དུ་རྟ
ཇི་འདྲའི་སྒེག་ཉམས་དོད་པའི་ཤེལ་གྱི་སྐྱ་རིས་ཤིག
ས་རུ་ལྷུང་བའི་ཚེག་རྟ
དེ་འདྲའི་འགུམ་ལ་ཉེ་བའི་རྡུལ་གྱི་བ་མོ་ཞིག

     རེ་སྒུག
ཉི་ཟླ་འཁོར་འགྲིབ་ལ་ཁྱད་པར་མེད་པར
ངས་ནམ་ཡང
རང་གི་སྒོ་མོ་དེ
ཁྱེད་ལ་གཏད་པའི་ལྕགས་ལོང་གི་སྒེག་ཉམས་དང་ལྷན་དུ
ཁྱེད་ཀྱི་གཉོམ་དུང་དུང་གི་བརྩེ་བའི་འདབ་མ་དང
འཛུམ་དམུལ་དམུལ་གྱི་ཞལ་རས་སྒོར་མོ་དེ
རྩ་ལྗང་གི་གསེབ་ནས་འབུས་པའི་དཔྱིད་ཀྱི་ལང་ཚོ་དང
རྐང་དྲུག་གི་གླུང་དབྱངས་ལ་ཆགས་པའི་དབྱར་གྱི་མེ་ཏོག་བཞིན
ངས་ལུས་ཀྱི་སྒོ  ངག་གི་སྒོ   ཡིད་ཀྱི་སྒོ་རུ
ག་ལེར་མ་ཡིན་པར་མགྱོགས་པོར་ཕེབས་ཤོག   མགྱོགས་པོར་ཕེབས་ཤོག

     ཐོག་མའི་བརྩེ་བ
གཉེར་མའི་ངོས་སུ་དཔྱངས་པའི་གཏམ་རྒྱུད་དག་བཏོག་སླད
ཁྱེད་ཀྱིས་ཚེ་འདིའི་ཕྱིར་དྲན་ཡོད་ཚད་བསུབས་ཅི་ཐུབ་བྱས
བ་གླང་གི་སྲ་མཁྲེགས་ཅན་གྱི་ཀོ་སྒྱོ་རུ་སྦས་པས
མུན་པ་དང་མཁའ་དབུགས་ཁོ་ནས་
དེའི་གདོད་མའི་རྣམ་པ་འགེབས་སྲུང་བྱས
རྨི་ལམ་ནི    གབ་ཚིག་ནང་བཞིན་ཚོར་རྟོགས་ལ་འོད་ཀྱི་སྒོ་མོ་གཏད
བསྐྱོམས་འགུལ་ཐེབས་པའི་མཚན་མོ་རེ་ཞིག་ཇེ་རིང་དུ་ཕྱིན་ཡང
ཚེ་སྲོག་འབར་ནས་ཐལ་ལ་ཉེ་རག་པར
 སུས་ཀྱང་རྫུན་གྱི་སྡོམ་དྲ་གཏོར་མི་ཐུབ

   དགུན་གྱི་ཞོགས་པ
བཞད་ཟིན་པའི་མེ་ཏོག
ངའི་སྔས་འགྲམ་དུ་ལྷུང་འདུག
འཛུམ་མདངས་དེ་ད་རུང་འཇིག་རྟེན་འདིར
ཆེས་དྭངས་བའི་འཇའ་ཚོན་དེ་ཡིན་འདུག
དགུན་གྱི་ཞོགས་པར
འདི་དག་སྲང་བལ་ལས་འཇམ་ཞིང
ཕྱིར་གཏོང་བཞིན་པ་ནི་ཉི་མའི་དྲོད་འཇམ་གྱི་ཁྱེའུ་སེར་བོ་དེ་ཁོ་ན་ཉིད
སྐབས་དེ་དུས   ངས་མགོ་བོ་ཉལ་གོས་སུ་འཛུལ་ནས
མིག་མདངས་རིམ་གྱིས་རྒྱང་རིང་དུ་བསྲིངས་པ་ན
སྒེའུ་ཁུང་འགྲམ་གྱི་དཔེ་སྒྲོམ་དང་མེ་ལོང་གི་གམ་དུ
རང་ཉིད་ཀྱི་ལང་ཚོ་དང    འདས་ཟིན་པའི་ལོ་ཟླ་ཡོད་ཚད
ལྷུག་ལྷུག་གེར་བཞད   ལྷུག་ལྷུག་གེར་བཞད

                      གསལ་བཤད།༼སྙན་རྩོམ་འདི་དག་རང་གི་འདོད་མོས་བཞིན་རྒྱའི་སྙན་ངག་གི་ཚགས་ཤོག་ཅེས་པ་ལས་བདམས་ཏེ་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།