གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ནར་ཤུན་མན་དྷི་ལ་ལགས་སུ་ཕུལ་བ།

2014-04-12 09:22:00 ཞི་བདེ་ཉི་མ།༼ ཟི་ལིང༽ ཀློག་གྲངས། མཆན ཡོད།


རླབས་ཆེན་གྱི་མི  ང་ཚོ་དང་བྲལ་ཟིན
དཔེར་ན་ཞོགས་པ་བཞིན་ང་ཚོ་དང་བྲལ་ཟིན
སྐྱོ་གདུང་གི་མཚན་ཕྱེད་ལ
ཤེས་རབ་ཀྱི་འོད་སྣང་མཐོང་ཐུབ་བམ
 
རླབས་ཆེན་གྱི་མི་ཡིས་བཤད་པ་ཇི་བཞིན
“ང་རང་བཙོན་ཁང་ལས་གྲོལ་ནས
རང་དབང་ཕྱོགས་སུ་སྐྱོད་པའི་བཙོན་ཁང་གི་སྒོ་ཆེན་རྒལ་དུས
ངས་གསལ་པོར་རྟོགས་ཡོད
གལ་སྲིད་ངས་སྡུལ་བསྔལ་དང་འཁོན་ཞེན་དག་རྒྱབ་ཏུ་བསྐྱུར་མ་ཐུབ་ན
དོན་དུ་ང་ད་དུང་བཙོན་ཁང་ནང་དུ་ཡོད”
འདི་ནི་རླབས་ཆེན་གྱི་མི་ཡི་དམ་བཅའ་རེད
ཁོང་གིས་ས་གཞི་དང་ཉི་འོད་ལ་ཕུལ་བའི་དམ་ཚིག་རེད
 
རླབས་ཆེན་གྱི་མི  ང་ཚོ་དང་བྲལ་ཟིན
ཕ་ཡུལ་གྱི་སྐྱོ་གདུང་རབ་ཏུ་ལྕི
མིའི་རིགས་ཀྱི་ཆེད་དུ་གསོན་པ་ནི་ཤིན་ཏུ་བཟང
མུན་ནག་གི་བཙོན་ཁང་དུ
ཁྱོད་ཀྱི་དབྱར་དགུན་ཉེར་བདུན་ཤོར་སོང
 
རླབས་ཆེན་གྱི་མི  ཁྱོད་བཙོན་ཁང་གི་སྒོ་ཆེན་དང་ཁ་འབྲལ་དུས
དགོད་འཛུམ་དང་བཅས་བཙོན་སྲུང་པ་ལ་གུས་འདུད་ཞུས
དེའི་ཚེ  དགྲ་བོ་ལྷིང་འཇགས་སུ་གྱུར་སོང
འཇིག་རྟེན་ཡོངས་རྫོགས་ལྷིང་འཇགས་སུ་གྱུར་སོང
དེའི་ཚེ  ཁྱོད་ཀྱིས་ཁོང་ཚོ་ལ་གུ་ཡངས་བཏང
དེ་ནི་ཁྱོད་ཀྱི་རྣམ་ཤེས་འཁྲུག་པོ་མིན་པར་བསྒྱུར་པ་རེད
དེ་ནི་ཞི་བདེ་དང་རང་དབང་གི་ལྗིད་ཚད་བདེན་དཔང་བྱས་པ་རེད
དེའི་ཚེ  འཛམ་གླིང་མི་ཡོངས་ཀྱིས་ཁྱོད་ལ་གུས་འདུད་ཞུ་བཞིན་ཡོད
 
རླབས་ཆེན་གྱི་མི  ཁྱོད་ཉིད་ང་ཚོ་དང་བྲལ་ཟིན་ནའང
ཁྱོད་ཀྱི་ལྟ་བ་དང་གུ་ཡངས་བསྐྱུར་ཏེ
འཇིག་རྟེན་འདི་ན་འཁོན་འཛིན་དང་ཞེ་སྡང་མེད་པར་མཛོད
ཞི་བདེ་དང་རང་དབང་རྟག་ཏུ་ཕ་ཡུལ་ལ་གནས་པར་མཛོད
 
རླབས་ཆེན་གྱི་མི  ཁྱོད་ཀྱིས་མིའི་རིགས་ལ་བཞག་པ་མང
ཁྱོད་ཀྱིས་ས་ཆེན་ལ་བྱིན་པ་མང
དོ་ནུབ  ང་རང་གངས་ཁྲོད་ཀྱི་ཕ་ཡུལ་ན་ལངས་ཏེ
ཁྱོད་ལ་སྐྱེལ་མ་བྱེད
ཁྱོད་ལ་བསྔོ་སྨོན་བྱེད
 
རླབས་ཆེན་གྱི་མི  སྐྱེ་བ་ཕྱི་མར
ཁྱེད་ངའི་ཕ་ཡུལ་དུ་སྐྱེ་བ་ལོངས་ཤོག་དང
ལྷ་ཚོགས་ཀྱིས་ཁྱོད་ཀྱི་ཆེད་དུ་བཀྲུ་བར་བྱ
འཇིག་རྟེན་འདིའི་དགྲ་གཉེན་ཆགས་སྡང་ཡོད་ཚད་བཀྲུ་བར་བྱ
           ༢༠༡༣ - ༡༢ - ༦ཉིན་ཞོགས་ཀ
            ༢༠༡༣ - ༡༢ - ༡༨ཉིན་དགུང་མོ།

        ༼མེ་ཞགས་ཀྱིས་བསྒྱུར༽

             (མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།