གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཁ་རྡུང་།

2013-05-23 12:15:00 ཐེ་ཀོར། ཀློག་གྲངས། མཆན ཡོད།

རྒྱུ་མཚན་ཅིའི་ཕྱིར་ཁྱོད་ཀྱི་མིག་ཟུང་མཆི་མས་བརླན་པ་ཡིན་ནམ།
ངའི་བུ་ཕྲུག
 ཁོ་ཚོ་ནི་ཅི་འདྲའི་ཁོག་ནག་ཞིག་རེད།
ནམ་རྒྱུན་དོན་མེད་དུ་ཁྱོད་ལ་ཁ་རྡུང་བྱེད།

ཁྱོད་ཀྱིས་ཡི་གེ་འབྲི་སྐབས
སྣག་ཚས་ཆུང་ཆུང་གི་ལག་ཟུང་དང་ངོ་གདོང་འབག་བཙོག་བཟོས་པས།
དེ་ནི་ཁོ་ཚོས་ཁྱོད་རང་འབག་བཙོག་རེད་ཅེས་པའི་རྒྱུ་རྐྱེན་ཡིན་ནམ།
ཕའེ ཁོ་ཚོས་ཉ་གང་ཟླ་བ་དེ་འབག་བཙོག་རེད་ཅེས་སྡིགས་ཐུབ་བམ།
རྒྱུ་མཚན་ནི་སྣག་ཚས་ཁོའི་ངོའང་ནག་ནོག་བཟོས་འདུག

ཁོ་ཚོས་ནམ་རྒྱུན་དོན་དག་ཆུང་ཆུང་ཞིག་གི་སྟེང་ནས་ཀྱང
་།
ཁྱོད་ལ་ཁ་རྡུང་བྱེད ངའི་བུ་ཕྲུག

ཁོ་ཚོས་དུས་རྒྱུན་རྒྱུ་མེད་དོན་མེད་དུ
ཁྱོད་ལ་རྙོག་དྲ་བཟོ
།
ཁྱོད་རང་རྩེད་འཇོ་ལ་གཡེང་ནས
། སེམས་ཆུང་མ་བྱས་པར་ལྭ་བ་དབྲལ་སྐབས—

དེ་ནི་ཁོ་ཚོས་ཁྱོད་རང་ཛ་ར་ཛོ་རེ་རེད་ཅེས་པའི་རྒྱུ་རྐྱེན་ཡིན་ནམ
།
ཕའེ དེ་ན་དུམ་བུར་ཐོར་བའི་སྤྲིན་ནག་གི་ཁྲོད་ནས།
སྟོན་ཁའི་སྐྱ་རེངས་ཀྱི་འཛུམ་མདངས་མངོན་དུས
།
ཁོ་ཚོས་ཅི་ལྟར་བཤད་རྒྱུ་ཡིན་ནམ
།
ཁོ་ཚོས་ཁྱོད་ལ་ཅི་ཞིག་བཤད་རུང་ཁ་ཡ་བྱེད་མི་དགོས
།
ངའི་བུ་ཕྲུག
མ་འོངས་བར་ཁོ་ཚོས་ཁྱོད་ཀྱི་ནོར་འཆུགས་སྟར་ལ་རྒྱུས་རུང
་།
སུ་ཞིག་གིས་ཁྱོད་རང་ཀ་ར་ལ་ཧ་ཅང་དགའ་བ་ཤེས།
དེ་ནི་ཁོ་ཚོས་ཁྱོད་རང་ཧམ་སེམས་ཆེ་བའི་རྒྱུ་རྐྱེན་རེད་ཅེས་ཟེར་རམ།
ཕའེ། དེ་ན་ང་ཚོ་དེ་འདྲ་ཞིག་ཁྱོད་ལ་དགའ་བ
།  ཁོ་ཚོས་ཅི་ལྟར་བཤད་དམ
             ༼སྨན་མཁའ་འབུམ་གྱིས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།