གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བསྒྲགས་གཏམ།

2013-02-04 18:42:00 པའེ་ཏོ། ཀློག་གྲངས། མཆན ཡོད།

ཡང་ན     ཆེས་མཐའ་མའི་དུས་སྐབས་ལ་སླེབས་སོང
ངས་ཁ་ཆེམས་བཞག་མེད   སྙུ་གུ་ཁོ་ན་བཞག་སྟེ
བདག་གི་མ་ཡུམ་ལ་ཕུལ་རོགས
 
ང་རང་དཔའ་བོ་ཞིག་མིན 
དཔའ་བོ་མེད་པའི་ལོ་རབས་ཀྱི་ནང་དུ
ང་རང་མི་ཞིག་ཁོ་ན་བྱ་འདོད
 
ལྷིང་འཇགས་ཀྱི་གནམ་སའི་མཚམས་སུ
གསོན་པ་དང་འཆི་བའི་བར་མཚམས་ཕྱེས་པས
ངས་བར་སྣང་ཁོ་ན་གདམ་པ་ལས
གཏན་ནས་མགོ་འདི་སྒུར་མི་སྲིད
ཤན་པ་ཚོས་རྔམ་ཤུགས་ཀྱིས
རང་དབང་གི་རླུང་བུ་དམ་དུ་བཏགས་ཀྱང
 
སྐར་ཚོགས་ཀྱི་མདེའུ་ཁུང་ལས
ནམ་ཞིག་ན་ཁྲག་མདོག་གི་སྐྱ་རེངས་བཞུར་འོང་ངེས
                      
           ༼སྲིན་པོས་བསྒྱུར༽                        

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།