གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

འདི་འདྲའི་བུད་མེད་ཅིག་ཡོད་ན།

2012-12-30 15:15:00 ནན་ཞི་སི་མེ་སི། ཀློག་གྲངས། མཆན ཡོད།

  གླིང་འདིར་རང་ཉིད་ཤ་ཚུགས་ཅན་ཞིག་ཏུ་བརྩིས་ནས་ཉམས་ཆུང་ལ་ཞེན་པ་སྐྱེས་པའི་བུད་མེད་གཅིག་ཡོད་ན། གནས་དེར་རང་རྒྱུད་ཀྱི་ཞན་ཆ་ངེས་སུ་བཟུང་ནས་སྟོབས་ཅན་གྱི་རྫུག་ཉམས་ཇེ་ཉུང་དུ་བཏང་བའི་སྐྱེས་པ་ཞིག་ཡོད་ངེས།
གླིང་འདིར་རང་ཉིད་བསམ་མེད་བློ་ཐུང་ཞིག་ལ་གོམས་པར་འཚིག་པ་ཟ་བའི་བུད་མེད་གཅིག་ཡོད་ན། ཅིའི་ཀྱང་“རང་ལས་མེད་ཉམས་པའི་”འགོ་འཕངས་དེ་དམའ་མོ་བྱེད་པའི་སྐྱེས་པ་ཞིག་ཡོད་སྲིད།
 གླིང་འདིར་“མི་རྟག་གཤིས་ཀ་བུ་མོའི་རྒྱུད་”ཅེས་པའི་ངེས་ཚིག་ལ་དགག་སྒྲ་འགོད་ཐུབ་པའི་བུད་མེད་གཅིག་ཡོད་ན། ཁ་གཏད་དུ་མིག་ཆུ་དང་བརྩེ་བ་ངང་རྒྱུད་དུ་ལེན་པའི་སྐྱེས་པ་ཞིག་ཡོད་ངེས། གླིང་འདིར་གང་འདོད་ཅི་ཞིག་བརྩོན་ལེན་བྱེད་མཁན་ལ་ཟ་མ་མོའི་མཚན་ཉིད་ཚང་མེད་པར་བགྲང་བའི་བུད་མེད་གཅིག་ཡོད་ན། ཐ་དད་དུ་ནུས་པ་གང་ཡོད་ཤུགས་ཀྱིས་བཏོན་ནས་རང་ཉིད་སྟག་ཤར་ཞིག་ཡིན་པ་ར་སྤྲོད་བྱ་དགོས་པའི་སྐྱེས་པ་ཞིག་ཡོད་ངེས།
  གླིང་འདིར་རང་ཉིད་ཆགས་པའི་སྐོམ་ཆུར་འཛིན་པ་ལ་འདོད་ལན་མི་སྟེར་བའི་བུད་མེད་གཅིག་ཡོད་ན། དེའི་ཕུགས་སུ་སོ་སོའི་མཚན་ནུས་ལ་དོ་ཁུར་བྱ་དགོས་པའི་སྐྱེས་པ་ཞིག་ཡོད་ངེས།
  གླིང་འདིར་རང་གི་བུ་ཕྲུག་ལ་གཉོར་སྐྱོང་གི་འགན་གཙང་ལེན་བྱས་ཡོད་པར་འདོད་པའི་བུད་མེད་གཅིག་ཡོད་ན། དེའི་གམ་དུ་ཨ་ཕ་ཞིག་ལ་བབས་ཡོད་པའི་འགན་ཆ་ཚང་དང་ལེན་བྱས་མེད་པའི་སྐྱེས་པ་ཞིག་ཡོད་ངེས།
  གླིང་འདིར་དོན་སྙིང་ངམ་འདྲ་མཉམ་ལྡན་པའི་ལས་གཞི་ཅི་ཡང་རེག་མེད་པའི་བུད་མེད་གཅིག་ཡོད་ན། དེའི་ལོགས་སུ་ཁོ་མོའི་ཡོད་ཚད་རང་འགོར་ལེན་དགོས་པའི་སྐྱེས་པ་ཞིག་ཡོད་སྲིད།
 གླིང་འདིར་རླངས་འཁོར་གྱི་གྲུབ་སྟངས་ལ་ཤེས་འདོད་སྐྱེས་མོད་དེ་ལ་རོགས་རམ་ཐོབ་མེད་པའི་བུད་མེད་གཅིག་ཡོད་ན། གཏན་དུ་ཟས་རིགས་ཀྱི་ལོངས་སྤྱོད་ལ་ཧམ་པ་ཆེ་མོད་འདོད་པ་ཡོངས་སུ་བསྐངས་མེད་པའི་སྐྱེས་པ་ཞིག་ཡོད་ངེས།
  གླིང་འདིར་རང་ཉིད་ཀྱི་བཅིངས་འགྲོལ་ལ་གོམ་གང་མདུན་སྤོ་བྱ་ཐུབ་པའི་བུད་མེད་གཅིག་ཡོད་ན། གནས་དེར་རང་དབང་དང་ཇེ་ཉེར་གྱུར་བའི་གོ་རྟོགས་སེལ་མཁན་གྱི་སྐྱེས་པ་ཞིག་ཡོད་སྲིད།
        ༼ཤག་ཚང་བཀྲ་སྒྲོན་གྱིས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།