གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཉི་ཐིག་མེ་ཐོག་ལ་བབས་པའི་ཉིན་མོ།

2012-09-15 16:24:00 སཱེའུ་ར། (1884 – 1933) ༼ཨ་རི༽ ཀློག་གྲངས། མཆན ཡོད།


ཉི་ཐིག་མེ་ཐོག་ལ་བབས་ཉིན                      
དམར་ལྷོག་ལྷོག་གི་མེ་ལྕེ་ཞིག                      
སེམས་ཀྱི་ཞོགས་པ་དྭངས་མོ་བཞིན                                                         
གཙང་བོ་དང  ནམ་མཁའ                                                              
སྨྲེང་བར་འཁྱིལ་བའི་བྱེ་ཐང་དེ་རུ                                                         
ཁོ་མོས  བདག་གི་མིང་བྱང་ཀློག་གིན་ཀློག་གིན                                  
དགོད་སྒྲའམ  སྙིང་གི་འཕར་ལྡིང་ཤུན་ཏུ་མཐོ་རུ་བཏེགས                                           
ངེས་མེད་ཀྱི་རྣམ་ཤེས་ལྡོམ་པོ                                                    
རང་དབང་གིས་བར་སྣང་དུ་ལྡིང་ཞིང                                   
སྐབས་སྐབས་སུ  མཁའ་དབྱངས་སུ་འཕུར                                                   
མཚམས་ལན་རེར  གཙང་བོ་རུ་འགྱེལ་གྱིན་འདུག                                                    
ཉིན་མོ་དེ  ཉི་ཐིག་མེ་ཐོག་དུ་བཞུད་པའི་ཉིན་མོ་དེ                             
ཆུ་ཤེལ་དང་འདྲ་ལ  མེ་ལྕེ་དང་ཡང་མཚུངས
ཉིན་དང་ཞག   ཞག་དང་ཉིན                  
གཅིག་ཐོག་གཉིས་བརྩེགས་ཀྱི་ལྟེབས་སོ་ན                                 
ཡུན་ནས་ཡུན་དུ   ཁྱེད་ཀྱི་ཕྱིར་འོང་གི་གོམ་སྒྲ་འཇགས
         8/9/2012 མཚན་མོར་གྲོགས་གངས་སྒྲ་དང་ལྷན་དུ།
              ༼ན་བུན་གྱིས་བསྒྱུར༽

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།