གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

བརྩེ་བ་གོ་ལོག

2014-12-22 13:21:02 སྲུང་ལེ་ངྷུར། ཀློག་གྲངས། མཆན ཡོད།

              ལེའུ་ཚན་དང་པོ། ཨེམ་ཆི།

  ཟླ་བ་བརྒྱད་པ་ནང་ང་རང་ཨེམ་ཆི་རྗ ེ་སྐུ(Jack)་དང་ཐུག་སོང་།
  འདི་ནི་གཟའ་སྤེན་པ་ཞིག་གི་ཉིན་རྒྱབ་རེད། ང་རང་རྡེན་བུར་(Danver)ལ་གྲོགས་མོ་རྗང་སྒྲས་ཀལ་པན(Judy Kalpan)་གྱི་ཁྱིམ་དུ་སྤྲོ་ཚོགས་ཤིག་ལ་ཡོད། ང་ཚོ་ཕྱི་རྒྱབ་ར་བ་ནང་སྡོད་ཡོད། དེ་དུས་ཚ་དྲོད་ཆེན་པོ་འདུག རྡེན་བུ་(Danver)ལ་མ་གཞི་དབྱར་ཁ ་རྟག་པར་ཚ་དྲོད་ཆེ། དེ་ནི་སྤྲོ་ཚོགས་སྐྱིད་པོ་ཞིག་རེད། ཕལ་ཆེར་མི་ལྔ་བཅུ་ཙམ་དང་། བཏུང་རྒྱུ་དང་བཟའ་རྒྱུའི་རིགས་ཞིམ་པོ་འདུག
  ང་རང་གིས་མི་རྣམས་དང་སྐད་ཆ་བཤད་ཞོར་ཕྱི་རྒྱ་ར་བ་ནང་ལ་འཆམ་འཆམ་བྱས་པ་དང་། བཏུང་རྒྱུ་གཅིག་བཏུང་ནས་ཁ་ཟས་རིགས་ཅུང་ཙམ་ཟས། དེ་ནས་ང་རང་རྗེ་སྐུ་སྡ་ལུ་(Jack Daly)དང་ཐུག་སོང་།
  ང་རང་གིས “ཧེ་་་་ང་ཧྥི་ལེ་ཁུ་(Flick)ཡིན། ཧྥི་ལེ་ཁུ་ལེས་ནེ(Flick Laine)།” ཞེས་ཟེར་པ་ཡིན། ངེད་གཉིས་ཁ་བརྡ་ཅུང་ཙམ་བྱས་རྗེས། ཁོས་ང་ལ་ཁོ་རང་ནིི་ཨེམ་ཆི་ཞིག་ཡིན་པ་དང་། ཁོ་རང་གིས་རྡེན་བུའི་ཀོ་ལོ་རཱ་སྒྲའི་མཐོ་སློབ་(University of Colorado. Danver)སྨན་ཁང་ནང་བྱ་བ་བྱས་མྱོང་ཟེར།
  “ཁྱོད་རང་།”ཞེས་ཁོས་ང་ལ་དྲིས།
  “ང་རྡེན་བུ་(Danver)སྤྱི་བདེ་ཅུས་མྱུལ་ཞིབ་པ་ཞིག་ཡིན།” ཞེས་བཤད།
  “ཨཱ། སྤྱི་བདེ་ཅུས།” ཞེས་འཛུམ་མདངས་དང་བཅས་ཏེ་ལབ། ཁོ་ལ་དཀར་ངང་ངང་གི་སོ་ཞིག་འདུག
  ངས་ཀྱང་ཕྱིར་ཁོ་ལ་འཛུམ་ཞིག་བསྟན་ཏེ། “ཨུམ། སྤྱི་བདེ་ཅུས།” ཅེས་ལབ་པ་ཡིན།
  “དེ་ནས་ཁྱོད་ཀྱི་སྤྱི་བདེ་ཅུས་ཀྱི་རླངས་འཁོར་གང་དུ་ཡོད།” ཅེས་ཁོས་ཟེར།
  “ཕར་ཚད་དེ་ངའི་རླངས་འཁོར་རེད། ཕར་ཚད་དེ་་་་1957ཅེ་བས་རོ་ལེ་ཕྲུ་(Chevy)དམར་པོ་དེ།” ཞེས་ངས་བཤད།
  “A57ཅེ་བས(Chevy)། རླངས་འཁོར་དེ་ཡག་པོ་འདུག ང་ཅེ་བས་(Chevy)རྙིང་པ་ཚོ་ལ་དགའ་པོ་ཡོད།”
  ངེད་གཉིས་ཀྱིས་རླངས་འཁོར་གྱི་སྐ ོར་མང་ཙམ་བཤད་པ་ཡིན།
  དེ་ནས་ཁོས། “རེད། ད་ང་ལ་ཁྱོད་རང་གི་སྐོར་མང་ཙམ་ཞིག་ཤོད་དང་།" ཞེས་ཟེར།
  ངས། “རེད། ངའི་མིང་འགོ་མ། ཨཱ་་་ཧྤི་ལེ་སྲེ་ཁྲུའི(Flicity)་རེད།” ཅེས་ཟེར་ནས་དགོད་མོ་ཤོར་པ་ཡིན།
  “ཧྥི་ལེ་སྲེ་ཁྲིའི(Flicity)་་་་།”
  ངས། “རེད། ངའི་པ་ལགས་འདི་ལ་དགའ་པོ་འདུག ཡིན་ནའང་ང་ལ་ཧྥི་ལེ་ཁུ(Flick)་ཞེས་འབོད་རོགས།”ཞེས་བཤད་པ་ཡིན།
  སྐར་མ་ཁ་ཤས་ཀྱི་རྗེས་ལ་ཁོས། “ཡ་་་ཧྥི་ལེ་ཁུ(Flick)། ད་ང་འགྲོ་རྒྱུ་ཡིན། མཚམས་མཚམས་སུ་ངས་ཁྱོད་དང་ཡང་བསྐྱར་ཐུག་ན་ཨེ་འགྲིག་གམ།” ཞེས་ཟེར་ནས་ང་ལ་སླར་ཡང་འཛུམ་ཞིག་བསྟན་པས། ཁོ་ལ་འཛུམ་མདངས་སྙིང་རྗེ་པོ་ཞིག་འདུག
  ངས་ཀྱང་འཛུམ་ཞིག་བསྟན་ནས། “རེད་་་འགྲིག་དང་འགྲིག” ཞེས་བཤད་དེ། ཁོ་ལ་ངས་ཁ་པར་ཨང་གྲངས་དེ་སྤྲོད་པ་ཡིན།
  ཁོས་གོམ་པ་དལ་མོར་སྤོས་ནས་ཕྱི་རྒྱབ་ར་བའི་ཕྱི་ལ་ཆས་སོང་། ངས་ཁོ་ལ་བལྟས་ནས་སྡོད་པ་ཡིན། གཟུགས་ཚད་རིང་ཞིང་ཤ་མདངས་ནག་པ། ལེགས་པོ་འདུག་བསམ་བྱུང་།
མཐའ་མར་སྤྲོ་ཚོགས་ཚར་བའི་རྗེས། ངས་རྗང་སྒྲས་(Judy)ལ་སྡ་ལས(Daly)ཀྱི་སྐོར་བཤད་པ་ཡིན།
  “ང་ལ་ཨེམ་ཆི་དེའི་སྐོར་ཤོད་དང་།” ཞེས་ཟེར་པ་ཡིན།
  རྗང་སྒྲས་(Judy)ཀྱིས་ང་ལ་བལྟས་ཏེ། “རྗེ་སྐུ་སྡ་ལས(Jack Daly)་སམ་་་་་ཁོ་ཨེམ་ཆི་ཤིན་ཏུ་ཡག་པོ་ཞིག་རེད། ཕྱུག་པོ་ཚང་མ་ཁོའི་ཁྱིམ་ལ་འགྲོ་གི་རེད། ཁྱོད་ཀྱིས་ཤེས་པའི་གློག་བརྙན་འཁྲབ་མཁན་དང་། རྩེད་རིགས་རྩེད་མཁན། ཁོ་སྨན་ཁང་དེའི་ནང་སྙན་གྲགས་ཅན་རེད།”ཅེས་བཤད།
  རྗང་སྒྲས་(Judy)ཀྱང་མཐོ་སློབ་སྨན་ཁང་དེའི་ཨེམ་ཆི་ཞིག་ཡིན།
  “ཨོ་་་་སྙན་གྲགས་ཅན། ཁོ་རེད་དམ། ང་ནམ་རྒྱུན་སྙན་གྲགས་ཅན་གྱི་མི་སྣ་ལ་དགའ་པོ་མེད།” ཅེས་བཤད།
  རྗང་སྒྲས(Judy)་ཀྱིས་ངའི་མིག་ནང་ཐད་ཀར་བལྟས་ཏེ། “ཨོ་་་ཤོད་དང་། མྱུལ་ཞིབ་པ་ལེས་ནེ(Laine)། ཁྱོད་རང་ཁོ་ལ་དགའ་འམ། ངས་ཁོ་རང་ཁྱོད་དང་མཉམ་དུ་ཡོད་པར་བལྟས་པ་ཡིན། བུད་མེད་ཚང་མ་ཁོ་ལ་དགའ་པོ་ཡོད།” ཅེས་ཟེར།
  ཕྱི་མའི་གཟའ་ཟླ་བ་དེར་རྗེ་སྐུ་སྡ་ལས་(Jack Daly)ཀྱིས་ང་ལ་ཁ་པར་བཏང་བྱུང་།
  “ངས་ཁྱོད་ལ་གནད་དོན་ཞིག་གི་སྐོར ་སྐད་ཆ་བཤད་འདོད་འདུག” ཟེར་ནས། “ཀོ་ཧྥའི་ཞིག་འཐུང་མཁན་ཡོང་ན་ག་འདྲ་འདུག་གམ།” ཞེས་དྲིས།
  “ངས་ཡིན་དང་ཡིན།” ཞེས་ཟེར་པ་ཡིན།
  “གཟའ་པ་སངས། དུས་ཚོད་བཅུ་གཅིག་གི་སྟེང་ལམ་ཆེན་གྱི་ཞུ་མི་ནག་པོའི་ཀོ་ཧྥའི་ཚོང་ཁང་དེར་ཡིན་ནམ།”
  “རེད། གཟའ་པ་སངས་ཉིན་མཇལ།”ཞེས་ངས་བཤད།
  ཡིན་ནའང་། ངས་རྗེ་སྐུ་སྡ་ལུས(Jack Daly)་ཡང་བསྐྱར་གཏན་ནས་མཐོང་མ་བྱུང་། གཟའ་ལྷག་པ་ཉིན་ངའི་འགོ་དཔོན་རྡེན་བུར(Danver)་སྤྱི་བདེ་ཅུས་ཀྱི་གཙོ་བོ་ལེ་བོ་ཀོ་ཧན(Leo Cohn)་ གྱིས་ང་རང་ཁོང་གི་གཞུང་ལས་ཁང་དུ ་འབོད་བྱུང་།
  “ཤི་ཚར་འདུག་་་་། རྗེ་སྐུ་སྡ་ལས(Jack Daly)་རེད་དམ་་་།" ཞེས་ངས་བཤད།
  “ཁྱོད་ཀྱིས་ཁོང་ངོ་ཤེས་སོང་ངམ།”
  ངས། “ཡག་པོ་མ་བྱུང་། ཉིན་མ་བཞིའི་སྔོན་གྱི་སྤྲོ་ཚོགས་ཤིག་ལ་ཁོ་དང་ཐུག་བྱུང་།”ཞེས་ལབ་པ་ཡིན།
  ཀོ་ཧན་གྱིས། “ཨོ་་་་་རེད། ད་ལྟ་ཁོ་ཤི་ཚར་འདུག”
  ངས། “གང་འདྲ་བྱས་ནས། སྨན་ཁང་ནང་རེད་དམ།" ཞེས་བཤད།
  ཀོཧན་ཁོ་རང་ཅོག་ཙེའི་འགྲམ་དུ་ལག་པའི་ནང་ཤོག་བུ་ཁ་ཤས་ཤིག་བཟུང་སྟེ་ལངས་ནས་སྡོད། ཁོ་རང་ནི་མི་སྐམ་པོ་ལས་ཀ་ལ་ཤིན་ཏུ་ཧུར་ཐག་བྱེད་མཁན་ཞིག་ཡིན་པ་དང་། ཁོ་རང་མར་ལ་གཏན་ནས་མི་བསྡད།
  ཀོ་ཧན(Cohn)་གྱིས། “མ་རེད། ཁོ་རང་གྲོང་ཁྱེར་གྱི་ཚོང་ལས་གཞུང་ལས་ཁང་དུ་ཤི་འདུག རེ་ནོ(Reno) ད་ལྟ་དེ་ན་ཡོད།” ཅེས་ཟེར།
  རེ་ནོ་ནི་སྒྲ་ནའི་རེ་ནོ(DannyReno)་ཡིན། རྡེན་བུར(Danver)་སྤྱི་བདེ་ཅུས་ཀྱི་མྱུལ་ཞིབ་པ་ཞིག་རེད། ཁོས་བལྟས་ན་སྡ་ལས(Daly)་ཀྱིས་རང་ཤི་བརྒྱག་འདུག
  “རང་ཤི་བརྒྱག་འདུག” ང་རང་གྲང་བསིལ་བསིལ་བྱས་བྱུང་།
  “ལེ་བོ(Leo)་ཡིས། རེ་ནོ(Reno)་ཡིས་དེ་འདྲ་བསམ་གྱི་འདུག" ཞེས་ཟེར།
  “ཡིན་ནའང་། གཟའ་ཟླ་བའི་ཉིན་མོར་སྡ་ལས་(Daly)ཀྱིས་ང་ལ་ཁ་པར་བཏང་བྱུང་། ལེ་བོ(Leo)་་་་་ཁོས་ང་ལ་གནད་དོན་ཞིག་གི་སྐོར་སྐད་ཆ་བཤད་འདོད་བྱུང་སོང་། གཟའ་པ་སངས་འདི་ལ། རང་ཤི་བརྒྱག་བརྩིས་ཡོད་པའི་མི་ཞིག་གིས་དེ་འདྲ་བྱེད་ཀྱི་མ་རེད།” ཅེས་ངས་ལབ་པ་ཡིན།
“རེད་་་། རེ་ནོ་(Reno)ཡིས་ཟེར་རྒྱུ་ལ་ཁོང་ཤི་ཚར་འདུག ཁོའི་ལག་ཏུ་མེ་མདའ་ཞིག་འདུག་ཟེར། རེ་ནོ་(Reno)ཡིས་ཁྱོད་རང་སྒུག་ནས་སྡོད་ཡོད།སོང་ནས་གཅིག་ལྟོས་དང་། གཞུང་ལས་ཁང་དེ་1237སྐྱེར་མེ་(Sherman)ལ་ཡོད།”
  ངས་ལག་ཐོག་ཆུ་ཚོད་ལ་གཅིག་བལྟས། དེ་དུས་ཆུ་ཚོད་དགུ་པ་རེད་འདུག ངས་ང་རང་གི་རླངས་འཁོར་གྱི་ལྡེ་མིག་དང་ཐུང་མདའ་དེ་ལེན་ཏེ་ང་རང་གི་(Chevy)ཅེ་བས་རོ་ལེ་ཁྲུ་དམར་པོ་ནང་བསྡད་པ་ཡིན། དེ་ནས་ངས་རླངས་འཁོར་བསྐོར་ཏེ་སྐྱི་མེ་ན་ཡོད་པའི་སྡ་ལས་(Daly)ཀྱི་གཞུང་ལས་ཁང་དུ་སོང་པ་ཡིན།

              ལེའུ་ཚན་གཉིས་པ། ཤི་བ།

འདི་ནི་ཚ་དྲོད་ཆེ་བའི་ཉིན་མོ་ཞིག་རེད། འདི་ནི་ཕྱི་ཟླ་བརྒྱད་པའི་ཟླ་མཇུག་ཞོགས་པའི་ཆུ་ཚོད་དགུ་ཐོག་རེད། དེ་དུས་ཚ་དྲོད་ཆེན་པོ་རེད་འདུག ངས་རླངས་འཁོར་མགྱོགས་པོར་བསྐོར་ཞིང་སྒྲ་སྡུད་འཁོར་ལོ་དེ་སྒོ་ཕྱེས་པ་ཡིན། ང་རང་རླངས་འཁོར་ནང་གླུ་ཉན་རྒྱུ་ལ་དགའ་པོ་ཡོད། སྐབས་དེར་ནོའུ་རཱཧ་རྒྱོ་ནེས(Norah Jones)ཁེལ་འདུག་པ་དང་གྲང་བསིལ་བསིལ་གྱི་སེམས་པ་ལེན་བཞིན་འདུག ཡིན་ནའང་། དེ་དུས་སྐྱིད་པོ་མི་འདུག ངའི་སེམས་ནང་རྗེ་སྐུ་སྡ་ལས(JackDaly) སྐོར་ཁོ་ན་དྲན་གྱི་འདུག “ངས་ཁྱེད་ལ་གནད་དོནཞིག་གི་སྐོར་སྐད་ཆ་བཤད་འདོད་འདུག” ཁོས་དེ་ལྟར་ཟེར། ངས་ངེད་གཉིས་ལ་རག་མེད་པའི་ཀོ་ཧྥུའི་དང་གླེང་མོ་ཡི་སྐོར་ལ་བསམ་བློ་གཏོང་།
  སྐར་མ་བཅོ་ལྔའི་རྗེས་སུ་ང་རང་ཁོང་གི་ལས་ཁུངས་སུ་སླེབས་སོང་། ངའི་མིག་ལམ་དུ་ཐོག་མར་མཐོང་བ་ནི་ཅོག་ཙེ་སྒང་ལ་བསྙེལ་ནས་ཡོད་པའི་ཁོ་རང་གི་ཕུང་པོ་དེ་ཡིན་ཞིང་། ཁོ་རང་གི་ལག་ཏུ་མེ་མདའ་དེ་འདུག
  སྐར་མ་གཅིག་གི་རིང་ངས་གང་ཡང་མ་བཤད། ངས་རྟག་ཏུ་མི་རོ་མཐོང་གི་ཡོད། འདི་ནི་ངའི་བྱ་བ་ཡིན། ཡིན་ནའང་། ཁོ་ཚོ་ནི་ངས་ངོ་ཤེས་པའི་མི་མ་རེད། ང་རང་ཕུང་པོ་དེ་ལས་ཕྱིར་འཁོར་ཏེ་ཁང་མིག་དེ་ལ་བལྟས། ལས་ཁང་དེ་ནི་ཆེན་ཞིང་རིན་གོང་ཆེན་པོ་འདྲ་བས། ཨེམ་ཆི་ཕྱུག་པོ་ཞིག་གི་ལས་ཁང་སྙམ། གྱང་ངོས་སུ་ཨ་མེ་རི་ཀའི་གྲོང་ཁྱེར་ཁ་ཤས་ཤིག་གི་འདྲ་པར་འདུག Los Angeles, Miami, San Francisco.དེ་ནས་སྡ་ལས(Daly) ཀྱི་ཕུང་པོའི་རྒྱབ། སྒེའུ་ཁུང་གི་ཕྱི་རོལ་ནི་རྡེན་བུ (Danver)ཡིན། དེ་དུས་ཞོགས་པའི་ཆུ་ཚོད་བརྒྱད་ཡོལ་ནས་སྐར་མ་དགུ་དང་། རྡེན་བུར་(Danver)ནི་སྔར་རྒྱུན་བཞིན་གཅིག་མཚུངས་རེད་འདུག
  མི་གཅིག་ཤི་ཚར་པ་རེད་། ཡིན་ནའང་གྲོང་ཁྱེར་འདི་ལ་འགྱུར་བ་མེད། དེ་ནི་གང་འདྲ་ཞིག་ཡིན་པ་དེ་རེད།
  དེའི་རྗེས་ང་སྒྲ་ནའི་རེ་ནོ(Danny Reno)ཕྱོགས་སུ་འཁོར་པ་ཡིན། སྤྱི་བདེ་ཅུས་གཉིས་ཁོང་དང་མཉམ་དུ་འདུག
  “ང་ལ་གནས་ཚུལ་ཡོད་ཚད་ཀྱི་འདྲ་པར་དགོས།"ངས་ཪེ་ནོ(Reno)ལ་ལབ་པ་ཡིན། "དེ་ནས་ད་དུང་ཁྱེད་ཀྱིས་ཁང་པའི་ ནང་དང་མེ་མདའི་སྒང་ལ་ཡོད་པའི་མཛུབ་མོའི་ཤུལ་རྗེས་ཁ་ཤས་ཤིག་ལེན་ཐུབ་བམ།”
  “མེ་མདའ་་་་།” རེ་ནོས(Reno)ང་ལ་དྲིས། “ཁྱེད་རང་གིས་ཁོས་རང་སྲོག་བཅད་པ་རེད་བསམ་གིན་མི་འདུག་གམ། མྱུལ་ཞིབ་པ་ལགས།”
  ངས་སྡ་ལས(Daly)ཀྱི་ཕུང་པོ་ལ་ཕྱི ར་བལྟ་ཞིག་བྱས། མེ་མདའ་དེ་ཁོ་རང་གི་ལག་པ་གཡས་པ་ནང་དུ་འདུག ངས་རྗང་སྒྲས(Judy)ཀྱི་སྤྲོ་ཚོགས་དེ་དྲན་བྱུང་བ་དང་། དེ་དུས་རྗེ་སྐུ་སྡ་ལས(Jack Daly)ལག་ནང་དུ་ཤེལ་པུས་ཞིག་བཟུང་འདུག ཁོའི་ལག་པ་གཡོན་པ་ནང་རེད།
  “ཨུམ་་་་།”ངས་ལབ་པ་ཡིན། “ངས་བསམ་པར་རྗེ་སྐུ་སྡ་ལས(Jack Daly)ལག་པ་གཡོན་པ་རེད།”
  རེ་ནོ(Reno)ཡིས་ང་ལ་བལྟས་ནས་སྡོད་འདུག ཁོ་རང་ནི་ཕལ་ཆེར་ལོ་ན་ཉེ་བཞི་ཙམ་ཡིན་པ་དང་། ཁོ་ལ་ཤིན་ཏུ་ནག་ཞིང་ཨི་ཁྲ་ལའི་བཟོ་ལྟའི་སྐྲ་ཡག་པོ་ཞིག་ཡོད་པ་དང་། ཁོ་རང་གི་གཟུགས་ཚད་རིང་པོ་མེད་ཀྱང་ཁོས་མང་པོ་ཟ། འོན་ཀྱང་། ཁོ་ནི་ཉེན་རྟོག་པ་ཡག་པོ་ཞིག་ཡིན།
  “རེད་་་་་མྱུལ་ཞིབ་པ།” ཁོས་ལབ་བྱུང་། “ང་ཚོས་ད་ལྟ་རང་མཛུབ་ཐིག་ལེན་ཡོང་།”
  “ཕུང་པོ་འདི་སུས་རྙེད་པ་རེད།” ཅེས་ངས་དྲིས།
  “མཱ་ཁུ་རྗོ་སྲན།(Mark Johnson)” ཞེས་རཱོ་ནོས(Reno)བཤད། "ཁོས་ལས་ཁུངས་འདི་གཙང་མ་བྱེད་ཀྱི་ཡོད།"
  “ཁོ་གང་ན་ཡོད།”ཅེས་ངས་དྲིས།
  “ཁོ་ཁང་མིག་ཕར་ཕྱོགས་དེའི་ནང་དུ་འདུག ཁོས་ཁྱོད་རང་སྒུག་ནས་བསྡད་ནས་འདུག”
  ངས་གཙང་བཟོ་བྱེད་མཁན་མཱ་ཁུ་རྗོ་སྲན།(Mark Johnson) ་དང་སྐད་ཆ་བཤད་པ་ཡིན། ཁོ་རང་ལོ་ན་ཉི་ཤུ་ཙམ་སླེབས་པའི་ཀོ་ལོ་རཱ་སྒྲའི(University of Colorado)་མཐོ་སློབ་ཀྱི་སློབ་མ་ཞིག་རེད་འདུག ཁོས་དངུལ་ཅུང་ཙམ་བསགས་པའི་ཆེད་དུ་ལས་ཁུངས་དེ་གཙང་བཟོ་བྱེད་ཀྱི་འདུག རྗོ་སྲན (Johnson)་གྱིས་ལས་ཁུངས་དྲུག་གཙང་མ་བྱེད་ཀྱི་འདུག དེ་ཡང་གཟའ་ལྷག་པའི་ཞོགས་པར་ཁོས་ཨེམ་ཆི་སྡ་ལས་ཀྱི་ལས་ཁུངས་སྒོ་ཕྱེས་པ་དང་ཁོས་ཁོང་གྲོངས་ནས་ཡོད་པ་རིག དེ་ནས་ཁོས་སྤྱི་བདེ་ཅུས་ལ་ཁ་པར་བཏང་འདུག
  “ཁྱོད་ཀྱིས་ཨེམ་ཆི་སྡ་ལས (Daly)ཀྱི་སྐོར་གང་འདྲ་ཤེས།”ཞེས་ངས་དྲིས།
  “མང་པོ་མི་ཤེས།” ཞེས་ཁོས་བཤད། "མཚམས་རེར་ངས་ཁོ་མཐོང་དུས་ཞོགས་པ་བདེ་ལེགས་ཞེས་ཟེར་ནས་འཚམས་འདྲི་ཞུ་གི་ཡོད། ངས་བསམ་པར་ཁོང་སྐྱེས་པ་ཡག་པོ་ཞིག་རེད།”
  “རེད། ངས་བསམ་བྱུང་། རྗེ་སྐུ་སྡ་ལས་(Jack Daly)སྐྱེས་པ་ཡག་པོ་ཞིག་རེད།”
  “ད་ང་འགྲོ་ན་འགྲིག་གམ།” ཞེས་རྗོ་སྲན(Johnson)་གྱིས་དྲིས།
  “འགྲིག་དང་འགྲིག”ཞེས་ངས་བཤད། “ཡིན་ནའང་། ཁྱོད་རང་རྡེན་བུར(Danver)་དང་ཁ་བྲལ་གྱི་ཡིན་ནམ།” “མིན།” ཞེས་རྗོ་སྲན(Johnson)་ཀྱིས་ལན་འདེབས།
  “ཡག་བྱུང་།” ཞེས་ངས་ཟེར། “གལ་ཏེ་ཁྱོད་ཀྱིས་གནད་དོན་གལ་ཆེ་རིགས་དྲན་བྱུང་ན་ང་ལ་ཁ་པར་གཏོང་རོགས།”
  རྗོ་སྲན(Johnson)་གྱིས་རེ་ནོ(Reno)་ལ་ཁོ་རང་གང་དུ་སྡོད་ཡོད་པ་བཤད་དེ་ཆས་སོང་། ང་རང་གིས་བསམ་བློ་བཏང་ནས་སྡོད། ང་རང་ཨེམ་ཆི་རྗེ་སྐུ་སྡ་ལས་(Jack Daly)དང་ཐུག་འཕྲད་ཐེངས་གཅིག་མ་གཏོགས་བྱུང་མེད་པ་དང་། དེའང་དུས་ཡུན་ཐུང་ཐུང་ཞིག་གི་ཐུག་འཕྲད་ཅིག་རེད། འོན་ཀྱང་ངས་ཁོས་རང་སྲོག་བཅད་པ་རེད་བསམ་གྱི་མི་འདུག རེད་་་་། ཁོས་རང་སྲོག་བཅད་མེད། དེ་ནས་ཁོ་གསོད་མཁན་ལག་དམར་བ་སུ་ཡིན་ནམ།

              ལེའུ་ཚན་གསུམ་པ། དྲི་བ།

  ངས་མཱ་ཁུ་རྗོ་སྲན(Mark Johnson) ་དང་སྐད་ཆ་བཤད་ནས་དུས་ཚོད་གཅིག་གི་རྗེས། ང་རང་ཀོ་ལོ་རཱ་སྒྲའི་མཐོ་སློབ་(University of Colorado)སྨན་ཁང་དུ་སླེབས་པ་དང་། ང རང་ཅེ་ བས་(Chevy)ལས་བབས་ཏེ་མདུན་སྒོ་ཪུ་སོང་ནས། ཨེམ་ཆི་རྗང་སྒྲའི་ཀལ་པན(Dr.JudyKaplan)་དང་ཐུག་དགོས་ཞུས་པ་ཡིན།
ངས་སྐར་མ་བཅུ་ཙམ་རིང་སྒུག་རྗེས། དེ་ནས་རྗང་སྒྲས་ (Judy )་སླེབས་བྱུང་།
  ཁོ་མོས། “ཧེ་་་་་། ཧྥི་ལེ་ཁུ།(Flick) ཁྱོད་ཀྱིས་འདི་ན་ཅི་ཞིག་བྱེད་ཀྱི་ཡོད།” ཅེས་ཟེར།
ངས་མོ་ལ་ལན་མ་འདེབས་ནས། “ཁྱོད་རང་ལ་ཀོ་ཧྥའི་འཐུང་ཡུན་གྱི་དུས་ཚོད་ཅིག་ཡོད་དམ།” ཞེས་དྲིས།
མོས། “གནད་དོན་ཞིག་བྱུང་སོང་ངམ།” ཞེས་དྲིས།
  ཡང་བསྐྱར། ངས་མོ་ལ་ལན་འདེབས་མེད། ངེད་གཉིས་སྨན་ཁང་གི་ཟ་ཁང་ནང་སོང ་ནས། སྒེའུ་ཁུང་གི་འགྲམ་ན་ཡོད་པའི་ཅོག་ཙེ་ཆུང་ཆུང་ཞིག་ལ་བསྡད་ནས་ཀོ་ཧྥའི་བཏུང་། ངས་རྗང་སྒྲས་(Judy )་ལ་བལྟས་ཏེ་ཅི་ཞིག་བཤད་དགོས་མི་ཤེས། ངས་སྒེའུ་ཁུང་ཕྱི་རོལ་གྱི་སྨན་ཁང་གི་ལྡུམ་རའི་ནང་གི་ལྗོན་ཤིང་དང་མེ་ཏོག་ལ་བལྟས་ནས་སྡོད།
  དེ་ནས་ངས་རྗང་སྒྲས་(Judy )་ལ་རྗེ་སྐུ་སྡ་ལས(Jack Daly)ཀྱི་སྐོར་བཤད་པ་ཡིན།
  རྗང་སྒྲས་(Judy )་ཀྱིས། “ཤི་སོང་་་་་། ག་རེ་་་་། གང་འདྲ་་།” ཟེར་ཏེ། མོས་མིག་གཉིས་བཙུམ་སོང་།
  “ངས་མི་ཤེས། ཁོ་ཁོ་རང་གི་གཞུང་ལས་ཁང་དུ་ཤི་འདུག ངས་ད་ནངས་ཞོགས་པར་ཁོང་མཐོང་བྱུང ་། འདི་ཁོ་རང་རང་ཤི་རྒྱག་པར་འདྲ་བོ་འདུག ཡིན་ནའང་། ངས་དེ་འདྲ་རེད་བསམ་གྱི་མི་འདུག” ཞེས་ངས་བཤད་པ་ཡིན།
  མོས་ཡང་བསྐྱར་མིག་གཉིས་ཡར་གདངས་ནས་ང་ལ་བལྟས་ཏེ། “བྱས་ཙམ་ཁྱོད་ཀྱིས་བསམ་པར་་་་་?”
  “རེད་་་་་་། ངས་ཤེས་ཀྱི་མི་འདུག” ཞེས་ངས་བཤད།
  རྗང་སྒྲས་(Judy )ཀྱི་ངོ་མདོག་སྐྱ་བོ་རེད་འདུག ངེད་གཉིས་ཀྱིས་ཀོ་ཧྥུའི་བཏུང་། སྐར་མ་གཅིག་གཉིས་ཀྱི་རིང་ལ་གང་ཡང་མ་བཤད།
  “སྔོན་ཆད་སྡ་ལས་(Daly)འདི་ལ་སྐྱིད་པོ་རེད་འདུག་གམ།”ཞེས་ངས་དྲིས་པ་ཡིན།
  “ངས་མི་ཤེས། ངས་བལྟས་ན་སྐྱིད་པོ་རེད།” ཞེས་རྗང་སྒྲས་(Judy )ཀྱིས་ལན་འདེབས།
  ངས་མོ་ལ་། “ཁོས་ག་དུས་ནས་སྨན་ཁང་ནང་ལས་ཀ་བྱེད་འགོ་བརྩམས་པ་རེད།” ཅེས་དྲིས།
  མོས་ལན་དུ། “ལོ་གཅིག་གི་སྔོན་ཙམ་ནས།” ཞེས་ཟེར།
  “འདི་ན་ཁོང་ལ་མི་དགའ་མཁན་སུ་གང་ཡོད་དམ།” ཞེས་ངས་དྲིས།
  “ངས་བལྟས་ན་ཡོད་རྒྱུ་མ་རེད།” ཅེས་མོས་ཟེར།
  “ཁོང་འདིར་མ་ཡོང་སྔོན་དུ་ཡོད་དམ།”
  མོས། “དེ་སྔོན་ཁོང་མུས་མུ་ཡི་ཧྥུ་ལོ་རས་སྒྲས(Florida in Miami)་སུ་བསྡོད་པ་རེད།” ཅེས་ཟེར།
  སྡ་ལས(Daly)་ཀྱི་གཞུང་ལས་ཁང་གི་གྱང་ངོས་སུ་བཀར་བའི་བརྙན་པར་དེའི་སྐོར་ངའི་ཡིད་ལ་འཁོར། རེད། མུས་མུ་ (Miami)ཡི་བརྙན་པར་ཞིག་དེར་འདུག
  “དེར་སྨན་ཁང་ཞིག་ནང་རེད་དམ།” ཞེས་ངས་དྲིས།
  “ངས་ཤེས་མ་སོང་། ལྟོས་དང་། དགོངས་པ་མ་ཚོམ། ཧྥུ་ལེ་ཁུ།(Flick) ང་ཕྱིར་ལས་ཀ་ལ་འགྲོ་དགོས་བྱུང་སོང་།”ཞེས་ཟེར།
  རྗང་སྒྲས་(Judy )ཡར་ལངས་ནས་ཆས་སོང་། ང་སྤྱི་བདེ་ཅུས་སུ་ལོག ངས་ལེ་བོ་(Leo)་ལ་སྐད་ཆ་བཤད་པ་ཡིན།
  ངས་ཁོང་ལ་སྡ་ལས(Daly)་ཀྱིས་རང་གི་སྲོག་གཅད་མེད་པར་ང་རང་གིས་གང་དྲན་པ་དེ་བཤད་པ་ཡིན།
  ངས་ཁོང་ལ་སྡ་ལས(Daly)་ཀྱིས་ལག་པ་གཡས་པ་ནང་བཟུང་བའི་ཐུང་མདའ་དེའི་སྐོར་བཤད།
  ཁོས། “རེད་་་། དེ་ག་རེད། ཡིན་ནའང་། ཁྱོད་རང་གིས་རྗེ་སྐུ་སྡ་ལས(Jack Daly)་སྐྱེས་པ་ཡག་པོ་ཞིག་རེད་ཟེར་ན་ཡང་མི་གཞན་གྱིས་ཅིའི་ཕྱིར་ཁོང་བསད་པ་རེད།”ཅེས་ཟེར།
  "ངས་དྲི་བ་འདི་ཡག་པོ་འདུག" ཞེས་ཟེར་མོད། ངས་ལན་དེ་ཤེས་མ་བྱུང་།
  དེའི་དགོང་མོར་ང་རང་ཉིད་ཀྱི་ཁང་མིག་ནང་སྡོད་ཡོད། སྒྲ་ནའི་རེ་ནོ(Danny Reno)་འདྲ་པར་རྣམས་ལ་བལྟས།
  ངས་རྗེ་སྐུ་སྡ་ལས(Jack Daly)ཀྱི་ལུས་གཟུགས་ལ་བལྟས། ངས་བལྟས་ཤིང་བལྟས་ཤིང་།
  དེ་ནས་ངས་ཁ་པར་གྲགས་པ་གོ་བྱུང་།
  དེ་རེ་ནོ(Reno)་རེད་འདུག
  རེ་ནོ(Reno)་ཡིས། “རྗེ་སྐུ་སྡ་ལས(Jack Daly)ཀྱི་ཕུང་པོའི་སྐོར་གྱི་གསར་འགྱུར་གསར་པ། ཁྱོད་རང་འགྲིག་འདུག”
  “མྱུལ་ཞིབ་པ། རྗེ་སྐུ་སྡ་ལས་ལག་པ་གཡོན་པ་རེད། ཐུང་མདའ་དེ་རྗེ་སྐུ་སྡ་ལས་ཀྱི་ཡིན་ནའང་། དེ་ཁོའི་ལག་པ་གཡས་པ་ནང་འདུག ཁོས་རང་སྲོག་གཅད་པ་མ་རེད། དེ་དམར་གསད་བྱས་པ་རེད།” ཅེས་ཟེར།
  ངས། “ཨུ་་་། ངས་དེ་འདྲ་བསམ་བྱུང་།” ཞེས་ཟེར།
  “ང་ཚོས་སྡ་ལས་(Daly)ཀྱི་གཞུང་ལས་ཁང་ནས་ཡི་གེ་ཞིག་ཡང་རྙེད་བྱུང་།”
  “ཡི་གེ་ཞིག་་་་་རེ་ནོ(Reno)་ཡིས། ཨོ་རེད་་་། དེའི་ནང་ཁྱོད་ཀྱིས་རྗེ་ཧྥུ་རྦེ་སྐུ(Jeff Baker)་གཏན་ནས་བརྗེད་ཐུབ་ཀྱི་མ་རེད་ཅེས་གཅིག་པུར་ཞེས་ཟེར་འདུག”ཞེས་ཟེར།
  དེའི་ཕྱི་ཉིན་གྱི་ཞོགས་པ་དེར་ངས་ང་ཚོའི་གཞུང་ལས་ཁང་དུ་སྒྲ་ནའི་རེ་ནོ་(Danny Reno)ཐུག་པ་དང ་། ཁོས་ང་ལ་ཡི་གེ་དེ་སྤྲོད་བྱུང་། དེ་ནི་ཡིག་གཟུགས་ཆེན་པོ་ནག་པོ་ཞིག་རེད་འདུག
  “ཁྱོད་ཀྱིས་བསམ་པར་འདི་གལ་ཆེན་ཞིག་རེད་འདུག་གམ།” ཞེས་རེ་ནོ(Reno)་ཡིས་དྲིས།
  ངས་། “ངས་མི་ཤེས།” ཞེས་ཟེར། ངས་རྗེ་སྐུ་སྡ་ལས(Jack Daly)་ཀྱིས་གཟའ་ཟླ་བའི་ཉིན་ང་ལ་བཏང་བའི་ཁ་པར་དེའི་སྐོར་བསམ་བློ་བཏང་། རྗེ་སྐུ་སྡ་ལས་(Jack Daly)ཀྱིས་ང་ལ་ཡི་གེ་དེའི་སྐོར་བཤད་འདོད་བྱུང་ཡོད་དམ།
  ངས་ཡང་བསྐྱར་བཀླགས། “ཁྱོད་ཀྱིས་རྗེ་ཧྥུ་རྦེ་སྐུ་(Jeff Backer)གཏན་ནས་བརྗེད་ཐུབ་རྒྱུ་མ་རེད།”
  རེ་ནོ(Reno)་ཡིས། “ཡི་གེ་དེ་འདིའི་ནང་འདུག”ཟེར།
  ཁོས་ང་ལ་སྡ་ལས(Daly)་ཀྱི་མིང་མ་གཏོགས་ཁ་བྱང་མེད་པའི་ཡིག་ཤུབ་ཅིག་སྤྲོད་བྱུང་།
  ང་ཡིས་སྒྲ་ནའི་(Danny)ལ། “ཉོན་དང་སྒྲ་ནའི(Danny)། ངས་ཁྱོད་ལ་ལས་ཀ་ཞིག་སྤྲོད། ཁྱོས་ཀྱིས་ང་ལ་རྗེ་ཧྥུ་རྦེ་སྐུ་(Jeff Backer)འཚོལ་རོགས། རྗེ་སྐུ་སྡ་ལས་ཀྱིས་གང་འདྲ་བྱས་ནས་ཁོང་ངོ་ཤེས་པ་རེད། དགོང་པ་མ་ཚོམ་རོགས། འདི་ལས་ཀ་སླ་མོ་ཞིག་མ་རེད།”
  “ཀེ་ལོ་ར་རྡོ(Colorado)་ནང་ངེས་པར་དུ་རྗེ་ཧྥུ་རྦེ་སྐུ་(Jeff Baker)བརྒྱ་ཕྲག་མང་པོ་ཡོད་རྒྱུ་རེད། ཁྱོད་ཀྱིས་རྡེན་བུར་(Danver)ནས་འགོ་བརྩམས་ཆོག" ཞེས་ཟེར།
  རེ་ནོ(Reno)་ཡིས། “ཡིན་དང་ཡིན། མྱུལ་ཞིབ་པ། ཨོ་་་། ད་དུང་འདི་ན་མེ་མདའ་དང་འབྲེལ་བའི་གནས་ཚུལ་ཁ་ཤས་ཤིག་འདུག”ཞེས་བཤད།
  ངས་ཀློག་འགོ་བརྩམས་པ་ཡིན། “དེས་རྗེ་སྐུ་སྡ་ལས་(Jack Daly)གསོད་བྱེད་ཀྱི་ཐུང་མདའ་དེ་Ruger sp 100ཞིག་ཡིན་པ་དང་།དེ་སྡ་ལས་ཀྱི(Daly)་མེ་མདའ་རེད། ལག་དམར་བས་ཨེམ་ཆི་ལ་མེ་མདའ་བརྒྱག་རྗེས། གཙང་མ་ཕྱིས་ཏེ་མེ་མདའ་དེ་རོ་ཡི་ལག་ཏུ་བཅུག་པ་རེད།” ཅེས་ཟེར།
  རེད། ཡིན་ནའང་། ལག་དམར་དེ་ལ་སྡ་ལས་(Daly)་ཀྱི་ཐུང་མདའ་གང་ནས་རག་པ་ཡིན་ནམ། མ་ཚོད་ཁོ་གང་འདྲ་བྱས་ནས་སྡ་ལས་(Daly)་ཀྱི་གཞུང་ལས་ཁང་དུ་སླེབས་པ་རེད། རྗེ་ཧྥུ་རྦེ་སྐུ(Jeff Baker)སུ་རེད། ད་དུང་ཅིའི་ཕྱིར་སྡ་ལས(Daly)་ལ་ང་དང་སྐད་ཆ་བཤད་འདོད་ཡོད་པ་རེད།
  ང་ལ་དྲི་བ་མང་པོ་ཞིག་འདུག ཡིན་ནའང་ལན་མི་འདུག
  འདི་ནི་ཟླ་བ་བརྒྱད་པའི་ཟླ་མཇུག་ཏུ་ཡིན་པ་དང་། ང་ཚོ་ལ་གནས་ཚུལ་གང་ཡང་མེད། ང་ཚོ་ལ་རྗེ་ཧྥུ་རྦེ་སྐུའི་(Jeff Baker)གནས་ཚུལ་མེད་ལ། ང་ཚོས་རྗེ་སྐུ་སྡ་ལས(Jack Daly)་སུ་ཡིས་གསོད་པའི་སྐོར་གནས་ཚུལ་གང་ཡང་མི་ཤེས།
  ཡིན་ནའང་། དེའི་རྗེས་ཟླ་བ་བརྒྱད་པ་དེ་དགུ་པར་འགྱུར་དུས། ལན་རྣམས་འབྱུང་འགོ་བརྩམས།

             ལེའུ་ཚན་བཞི་བ། ལྡེ་མིག

  དམར་གསོད་བྱུང་ནས་གཟའ་འཁོར་གཉིས་རྗེས་ཀྱི་དགོང་མོ་ཞིག་ལ་ལས་ཁུངས་ཀྱི་གཙང་བཟོ་བྱེད་མཁན་མ་ཁུ་རྗོ་སྲན(Mr.Johnson)་གྱིས་ང་ལ་ཁ་པར་བཏང་བྱུང་།
  “ཁོས་མྱུལ་ཞིབ་པ་ལེ་ནུས(Laine)། ངེད་གཉིས་ཐུག་འཕྲད་ཅིག་བྱས་ན་འགྲིག་གམ།” ཞེས་ཟེར།
  “འགྲིག་གི་རེད། སྐུ་ཞབས་རྗོ་སྲན(Johnson)། ཡིན་དང་ཡིན། གང་གི་སྐོར་ཡིན།”
  “ཁྱོད་ཀྱིས་སྡ་ལས་(Daly)་ཀྱི་ལག་དམར་བ་ཤེས་བྱུང་ངམ། རེད། ངས་གནད་དོན་ཞིག་དྲན་བྱུང་། ཁྱོད་ཀྱིས་ང་ལ་ཁ་པར་གཏོང་ཤོག་ཟེར།”
  “ཡག་བྱུང་། ཝ་ཞིན་ཊའི་སྤྱི་བདེ་ཅུས་ཀྱི་འགྲམ་ལ་ཡོད་པའི་པེའུ་ཀྲེའུ་ཀོ་ཧྥའི་ཚོང་ཁང་ལ་ཤོག” ཞེས་ངས་ཟེར།
  དུས་ཚོད་གཅིག་གི་རྗེས་མྰ་ཁུ་རྗོ་སྲན(Mark Johnson)་དང་ང་པེའུ་ཀྲེའུ་ཡི་ཅོག་ཙེ་ཞིག་ལ་བསྡད།
  རྗོ་སྲན་གྱིས “འདི་སྡེ་མིག་གི་སྐོར་རེད།” ཅེས་ཟེར།
  “ལྡེ་མིག?”
  “རེད། ཨེམ་ཆི་སྡ་ལས(Daly)ཀྱི་གཞུང་ལས་ཁང་གི་སྒོའི་ལྡེ་མིག”
  “དེའི་སྐོར་གང་རེད།”
  “ཨེམ་ཆི་སྡ་ལས་(Daly)ཤི་མེད་པའི་སྔོན་གྱི་གཟའ་མིག་དམར་དེའི་ཉིན་མོ། ངས་ཨེམ་ཆི་སྡ་ལས་ཀྱི་གཞུང་ལས་ཁང་གི་སྒོ་ཕྱེས་ཏེ། ནམ་རྒྱུན་ལྟར་ངས་ལྡེ་མིག་སྒོ་ལ་བཀར་ནས་བཞག་པ་ཡིན། ངས་ལས་ཁུངས་གཙང་བཟོ་བྱེད་འགོ་བརྩམས་ནས་ཚར་དུས། སྒོ་བརྒྱག་དགོས་བསམ་ཡང་ལྡེ་མིག་དེ་རུ་མི་འདུག”
  ངས “དེ་ནས་ཁྱོད་ཀྱིས་གང་བྱས་པ་ཡིན།” ཞེས་དྲིས།
  “ངས་གཞུང་ལས་ཁང་གི་སྒོ་དེ་བརྒྱག་ནས་གཞུང་ལས་ཁང་གཉིས་པ་དེ་གཙང་མ་བྱས་སོང་བ་ཡིན། ང་ལ་དེ་ལས་གཞན་གང་ཡང་བྱ་ཐབས་མི་འདུག ངས་ཁྱོད་ལ་བཤད་མེད་པས་དགོངས་པ་མ་ཚོམ་རོགས། ངས་བརྗེད་འདུག”
  “ལྡེ་མིག་རྙེད་བྱུང་ངམ།”
  “རྙེད་བྱུང་། ཕྱིས་སུ་ང་ཨེམ་ཆི་སྡ་ལས(Daly)ཀྱི་གཞུང་ལས་ཁང་དུ་ཕྱིར་ལོག་དུས། ལྡེ་མིག་ཡང་བསྐྱར་སྒོ་དེར་བཀར་ནས་བཞག་འདུག” ཞེས་ཁོས་ཟེར།
  “དེ་ནས་ཁྱོད་ཅི་ཙམ་འགོར་སོང་།” ཞེས་ངས་དྲིས།
  “ཕལ་ཆེར་ཆུ་ཚོད་གཅིག”ཞེས་རྗོ་སྲན(Johnson)་གྱིས་ཟེར།
  “ཆུ་ཚོད་གཅིག་ནང་སོང་ནས་ལྡེ་མིག་གཞན་ཞིག་བཟོས་ན་སྟབས་བདེ་བོ་དང་། དེའི་རྗེས་རྗེ་སྐུ་སྡ་ལས(Jack Daly)ཀྱི་གཞུང་ལས་ཁང་དུ་སོང་ན་ལས་སླ་བོ་རེད།”ཅེས་ངས་དྲན།
  “ཁྱོད་རང་གི་ལྡེ་མིག་ད་དུང་ཡོད་དམ།”ཞེས་ངས་ཁོ་ལ་དྲིས།
  “ཡོད། ང་ལ་ཡོད། འདི་ན་ཡོད།” ཅེས་ཁོས་ཟེར།
  རྗོ་སྲན་གྱིས་(Johnson)ལྡེ་མིག་དེ་ཅོག་ཙེ་སྒང་ལ་བཞག དེ་ནི་ཆུང་ཞིང་གལ་ཆེ་མིན་པ་འདྲ་ཡང་། དེ་ནི་ང་ལ་ཡོད་པ་ཁོ་ན་དེ་ཡིན་པས། ངས་ཁྱེར་བ་ཡིན།
  ངས “སྐུ་ཞབས་རྗོ་སྲན(Johnson)་ལགས། ཐུགས་རྗེ་ཆེ།” ཞུས་པ་ཡིན།
  ཕྱི་ཉིན་ཞོགས་པར་སྔ་མོ་ནས་ངས་རླངས་འཁོར་བསྐོར་ཏེ་རྗེ་སྐུ་སྡ་ལས(Jack Daly)ཀྱི་གཞུང་ལས་ཁང་གི་ཕྱོགས་སུ་སོང་ཏེ། ཅེ་བས(Chevy)་ཁྲོམ་ལམ་དུ་བཞག་རྗེས། ངས་ལྡེ་མིག་མཁོ་ཆས་རིགས་ཀྱི་ཚོང་ཁང་ཞིག་བཙལ་བ་ཡིན། ཁྲོམ་ལམ་ནས་མུས་ཁྲི་བརྒྱ་ཙམ་ས་ན་དེ་མཐོང་བྱུང་། དེ་ནི་Mitchellཞེས་འབོད་པའི་ལྕགས་རིགས་ཚོང་ཟོག་གི་ཚོང་ཁང་ཞིག་རེད་འདུག རྗེ་སྐུ་སྡ་ལས་ཀྱི་ལག་དམར་བ་དེ་ཚོང་ཁང་འདིར་ཡོང་ནས་ལྡེ་མིག་གཞན་ཞིག་བཟོས་རྗེས་ཁོང་གི་གཞུང་ལས་ཁང་དུ་སོང་བ་ཡིན་ནམ།
  ངས་སྒོ་ཕྱེས་ནས་ནང་ལ་སོང་།
  ངས་ཚོང་ཁང་ནང་ཡོད་པའི་སྐྱེས་བོ་དེ་ལ་ “ཞོགས་པ་བདེ་ལེགས། ཁྱོད་རང་སྐུ་ཞབས་Mithell ཡིན་ནམ།”དྲིས།
  ཁོ་རང་ཕལ་ཆེར་ལོ་ཚོད་ལྔ་བཅུ་ཙམ་རེད་འདུག
  ཁོས་སེར་སྨུག་རལ་ཧྲུལ་གོང་བ་མེད་པའི་སྟོད་ཐུང་ཕུ་མེད་ཅིག་གོན་ཡོད་པ་དང་། ཁོ་ལ་ཁོང་ཁྲོ་ལངས་བའི་ཁྱི་ལྟ་བུའི་ངོ་གདོང་ཞིག་འདུག ཁོས་ང་ལ་ཡ་ལན་མི་སྤྲོད།
  ངས་ཡང་བསྐྱར། “བདུན་ཕྲག་གཉིས་སྔོན་གཟའ་མིག་དམར་གྱི་ཞོགས་པ། ཕལ་ཆེར་ཆུ་ཚོད་བརྒྱད་དང་ཕྱེད་ཀ་ཙམ་ལ་མི་ཞིག་འདིར་ལྡེ་མིག་འདི་འདྲ་བོ་ཞིག་བཟོ་མཁན་སླེབས་བྱུང་ངམ།”ཞེས་ཟེར་ནས་ལྡེ་མིག་བཟུང་ཡོད་པའི་ལག་པ་དེ་ཁ་ཕྱེས།
  “ང་ཚོས་སྒོ་ཕྱེས་མེད། ཨ་ཅ་ལགས། ཁྱོད་རང་སྔ་དྲགས་འདུག” ཞེས་ཟེར་ནས་ཁོ་རང་ཁ་ཕྱིར་འཁོར་ནས་ལོག་སོང་། ངས་ལག་ཏུ་ང་རང་གི་སྤྱི་བདེ་ཅུས་ཀྱི་ངོས་འཛིན་ལག་ཁྱེར་འཛིན་ཡོད། ངས་དེ་ལ་བལྟ་ཙམ་བྱས་རྗེས་ཁོ་ལ་བལྟས།
  “ངའི་མིང་ལ་མྱུལ་ཞིབ་པ་ལེས་ནེ(Laine)་ཟེར། སྐུ་ཞབས་མེ་ཐེ་(Mithell)། 24/7ཉིན་ཁྱོད་ཀྱིས་སྒོ་ཕྱེས་ཡོད། འདི་ག་དུས་མཐོང་སོང་། གོ་བྱུང་ངམ།” ཟེར་ནས་ངས་ཀུ་ཅོ་འདེབས།
  “ཁྱོད་རང་ལ་ངས་རོགས་ཅི་ཞིག་བྱེད་དགོས་སམ། མྱུལ་ཞིབ་པ།”
  ངས་ཡར་ལྟ་དུས་སྐྲ་མདོག་དམར་པོ་ཡིན་པའི་བུད་མེད་ཆེན་པོ་ཞིག་མཐོང་བྱུང་།
  “ལྕམ་མེ་ཐེ་(Mithell)ཡིན་ངེས།” དྲན།
  བུད་མེད་དེས། “གཟའ་མིག་དམར་དེའི་ཞོགས་པ་དེར་ང་འདི་ན་ཡོད། དེ་དུས་ངའི་ཁྱོ་ག་ད་དུང་ཉལ་ས་ནང་ཡོད།”ཅེས་ཟེར་ཏེ། མོས་ཁོང་ཁྲོའི་ངང་ཁྱོ་ག་ལ་བལྟ་ཙམ་བྱས་རྗེས། ང་ལ་འཛུམ་ཞིག་བསྟན།
  བུད་མེད་དེས་གནམ་ལ་ཡུད་་ཙམ་བལྟས་རྗེས། “རེད། བུད་མེད་ལོ་ན་ཆུང་ཆུང་། མཛེས་མ། ཕལ་ཆེར་ལོ་ན་ཉེ་ལྔ་ཉེ་དྲུག་ཙམ། ངས་བསམ་པར་་་་་་སྐྲ་རྫ་མདོག་ཐུང་ཐུང་ཅན་ཞིག”ཞེས་ཟེར།
  “བུད་མེད་ཅིག”ངའི་ཡིད་ལ་འཁོར།
  “ཁྱོད་ཀྱིས་ང་ལ་མོ་དང་འབྲེལ་བའི་གནས་ཚུལ་མང་ཙམ་བཤད་ཐུབ་བམ།” ཞེས་ངས་དྲིས།
  “མི་ཐུབ། ཅི་གང་ཡང་་་་་་དགོངས་པ་མ་ཚོམས།”ཞེས་མོས་ལབ།
  ངས་དྲི་བ་ལྷག་མ་ཁ་ཤས་ཤིག་དྲིས་ནས་ཕལ་ཆེར་སྐར་མ་བཅུ་ཙམ་འགོར་རྗེས་ལྕགས་རིགས་ཚོང་ཁང་དེ་དང་ཁ་བྲལ་བ་ཡིན།
  ངས་བུད་མེད་དེ་ལ། “ཁྱོད་ཀྱིས་གང་བྱས་པ་ལ་ཐུགས་རྗེ་ཆེ།”ཞེས་ཟེར་ནས་མོའི་ཁྱོ་ག་ལ་འཁོར་ཏེ། "སྟབས་བདེ་བོར་བྱོས།་སྐུ་ཞབས་མེ་ཐེ་(Mithell)།”ཞེས་ཟེར་ནས། ངས་འཛུམ་ཞིག་བསྟན།
དེ་ནི་ཞོགས་ལས་ཡག་པོ་ཞིག་རེད།

              ལེའུ་ཚན་ལྔ་བ། ཀྲོ་ཡོ་ཀྲོ(Toyota)་ལྗང་ཁུ།

  ཕྱི་ཉིན་དེར་ང་དང་རྗང་སྒྲས་(Judy)རྗེ་སྐུ་སྡ་ལས(Jack Daly)་ལ་Fairmount དུར་ཁྲོད་དུ་གྱེས་མཚམས་ཞུ་མཁན་སོང་བ་ཡིན། ཉིན་མོ་དེ་ཚ་དྲོད་ཆེ་ཡང་ལྕང་སྡོང་རྣམས་ད་དུང་ལྗང་ཁུ་ཡིན་པར་མ་ཟད།་ཉིན་མོ་དེ་ནི་དགའ་སྡུག་གཉིས་ཀ་འཛོམས་པའི་ཉིན་མོ་ཞིག་རེད།
  ང་དང་རྗང་སྒྲས(Judy)་གཉིས་ཀྱིས་ལངས་ནས་བལྟས་ཏེ་སྡོད་པ་ཡིན། ངས་དེར་འཛོམས་པའི་མི་རྣམས་ལ་བལྟས། ཁོ་ཚོ་མང་པོ་ཞིག་སྨན་ཁང་དེ་ནས་ཡིན་པའི་སྨན་པ་དང་ནད་གཡོག་རེད་འདུག རྗེ་སྐུ་སྡ་ལས(Jack Daly)་ལ་ནང་མི་གཅིག་ཀྱང་མེད། གྲོགས་ཁ་ཤས་ཡོད་པ་དང་། དེའི་ནང་ནས་ཕལ་ཆེར་བ་ལོ་ན་ཆུང་ཆུང་ཡིན་པའི་བུད་མེད་རེད།
  “བུད་མེད་འདི་ཚོར་ལྟོས་དང་།” ངས་རྗང་སྒྲས(Judy)་ལ་ཟེར།
  མོས། “རྗེ་སྐུ་སྡ་ལས(Jack Daly)་ནི་བུད་མེད་ཀུན་གྱི་སྐྱེས་པ་ཞིག་ཡིན། ཁོང་ལ་རྟག་པར་བུད་མེད་རོགས་པ་མང་པོ་ཡོད།”ཅེས་ཟེར།
  དེ་ཚར་བའི་རྗེས་སུ་ངེད་གཉིས་དེ་ནས་ཆས་པ་ཡིན། ཡིན་ནའང་། སྐབས་དེར་ངས་ཕལ་ཆེར་ལོ་ན་ཉི་ཤུ་རྩ་ལྔ་ཙམ་ཡིན་པའི་བུད་མེད་གཞོན་ནུ་མཛེས་མ་ཞིག་མཐོང་བྱུང་། ཁོ་མོ་ལ་སེར་མདོག་གི་སྐྲ་ཐུང་ཐུང་ཞིག་འདུག
  “དེ་སུ་རེད།” ངས་རྗང་སྒྲས(Judy)་ལ་དྲིས། “ཁོ་མོ་སྨན་ཁང་ནས་རེད་དམ།”
  “ངས་བསམ་པར་མ་རེད། ངས་ཁོ་མོ་མི་ཤེས།” ཞེས་མོས་ལན་འདེབས།
  དུས་དེར་བུད་མེད་གཞོན་ནུ་དེ་མགྱོགས་པོར་བྱས་ནས་འགྲོ་འགོ་བརྩམས། ཁོ་མོ་ཀྲོ་ཡོ་ཀྲོ་ལྗང་ཁུ་ཞིག་གི་ཕྱོགས་སུ་འགྲོ
  ངས་རྗང་སྒྲས་(Judy)ལ། “ཉོན་དང་། རྗེས་སུ་ང་ཁྱོད་རང་ཐུག་མཁན་སླེབས་ཡོང་། ད་ལྟ་ང་མོ་དང་སྐད་ཆ་བཤད་མཁན་འགྲ ོ་རྒྱུ་ཡིན། ང་ལ་མོ་རང་སུ་ཡིན་མིན་ཤེས་འདོད་འདུག”ཞེས་ལབ།  རྗང་སྒྲས་(Judy)དང་གྱེས་རྗེས། ངས་ཀྱང་གོམ་པ་མགྱོགས་པོར་སྤོས་ནས་སོང་ཡང་། བུད་མེད་གཞོན་ནུ་དེ་མོ་རང་གི་ཀྲོ་ཡོ་ཀྲོ་(Toyota)ནང་བསྡད་དེ་ཆས་སོང་། ང་རང་(Chevy) ནང་བསྡད་དེ་མོ་རང་གི་རྗེས་སུ་སྙེགས། རྡེན་བུར(Danver)་ཁྲོམ་ལམ་ནང་རླངས་འཁོར་མང་པོ་འཚང་འདུག་པས། སྐར་མ་ཁ་ཤས་ཀྱི་རྗེས་སུ་ཀྲོ་ཡོ་ཀྲོ་ལྗང་ཁུ་དེ་ངའི་མིག་མདུན་ནས་བརླགས་སོང་།
  ང་ལ་ཡོད་པ་ནི་རླངས་འཁོར་གྱི་ཨང་གྲངས་ ཀོ་ལོ་རཱ་སྒྲའི(Colorado) PKY2397རེད།
  ང་རང་གིས་འགྲོ་མཚམས་བཞག་སྟེ་སྒྲ་ནའི་རེ་ནོ་ལ (Danny Reno)ཁ་པར་བཏང་། ངས་ཁོ་ལ་རླངས་འཁོར་དང་ཨང་གྲངས་དེའི་སྐོར་བཤད་པ་ཡིན།
  སྐར་མ་ལྔ་ཙམ་གྱི་རྗེས་སུ་ཕྱིར་ཁ་པར་བཏང་བྱུང་། ཁོ་དགའ་པོ་བྱུང་འདུག
  ཁོས། “མྱུལ་ཞིབ་པ་ལེས་ནེ(Laine)་ལགས། གསར་འགྱུར་ཡག་པོ་ཞིག་འདུག རླངས་འཁོར་དེའི་ཁ་ལོ་བ་སྲན་སྒྲས་སྦེ་སྐུ། (Sandy Baker)རེད་འདུག མོ་རང ་ཨེ་སུ་པན་གྱི་ཀོ་ལོ་རཱ་སྒྲའི་སུ་ནོ་མ་སུ་(Colorado,Aspan,Snowmass)ཁྲོམ་གཞུང་གི་ཁང་མིག2327ནང ་སྡོད་འདུག ངས་ཨེ་སུ་པན་གྱི་སྤྱི་བདེ་ཅུས་དང་སྐད་ཆ་བཤད་པ་ཡིན། ཁོ་རང་ཚོ་ཁྱོད་ཀྱིས་མོ་རང་དང་སྐད་ཆ་བཤད་པ་མོས་པ་བྱེད་ཀྱི་འདུག”ཅེས་ཟེར།
  ངས་ཅེ་བས་(Chevy)དེ་ཕྱིར་བསྐོར་ནས་ཨེ་སུ་པན་(Aspan)གྱི་ལམ་ལ་ཞུ གས་པ་ཡིན།

            ལེའུ་ཚན་དྲུག་པ། གཅུང་མོ་དེ།

  Aspenནི་རྡེན་བུར(Denver)ནས་རླངས་འཁོར་གྱིས་ཆུ་ཚོད་བཞི་ཡི་ལམ་ཐག་རེད། དེ་ནི་རོའུ་ཀུའི་མོའུ་ཁྲན་(Rocky Moutain)གྱི་མཛེས་ཉམས་ལྡན་པ་ཞིག་ཡིན། ང་རང་སྲུ་ནོ་ཁྲོམ་གྱི་ཁང་མིག་དེར་སླེབས་དུས་དགོང་མོའི་དུས་ཚོད་དགུ་པ་རེད་འདུག ང་རླངས་འཁོར་ལས་བབས་པ་ཡིན། དེ་ལ་ཀྲོ་ཡོ་ཀྲོ་ལྗང་ཁུ་དེ་འདུག
  བུད་མེད་གཞོན་ནུ་དེས་སྒོ་ཕྱེས་བྱུང་།
  ངས། “སྲན་སྒྲས་སྦེ་སྐུ(Sandy baker)་ཡིན་ནམ། ང་རྡེན་བུར(Danver)་སྤྱི་བདེ་ཅུས་ཀྱི་མྱུལ་ཞིབ་པ་ཧྥུ་ལེ་ཁུ་ལེས་ནེ(Flick laine)་ཡིན། ང་འདི་ལ་རྗེ་སྐུ་སྡ་ལས(Jack Daly)ཀྱི་སྐོར་སྐད་ཆ་བཤད་མཁན་ཡོང་བ་ཡིན་པས། ཁྱོད་རང་དེ་རིང་Fairmount cemetryལ་ཅིའི་ཕྱིར་སླེབས་པ་ཡིན།”ཞེས་དྲིས།
མོས། “ནང་དུ་ཤོག” ཟེར།
  ཁོ་མོའི་ངོ་གདོང་དཀར་པོ་རེད། ངེད་གཉིས་ཁང་མིག་དེའི་ནང་དུ་འཛུལ་བ་ཡིན།
མོས། “མར་བཞུགས་དང་། མྱུལ་ཞིབ་པ་ལེས་ནེ(Laine)་ལགས།” ཞེས་ཟེར། དེ་མ་ཐག་མོས་མགྱོགས་པོར་“དགོངས་པ་མ་ཚོམ། ཨུམ་་་་་་་ངས་ཁོ་རང་ངོ་མ་ཤི་ན་བསམ་བྱུང་་་་་་་ཁྱོད་ཀྱིས་ལྟོས་དང་རྗེ་ཧྥུ་ལ་(Jeff)་་་་་་ །” ཟེར།
  ངས། “ཨོ་་་་་་རེད། ང་ལ་ཁོང་གི་སྐོར་ཤོད་དང་།”ཞེས་ཟེར།
  མོས། “རྗེ་ཧྥུ(Jeff)་ནི་ངའི་གཅེན་པོ་ཡིན། ཁོ་རང་སྐྱེས་པ་ཡག་པོ་ཞིག་དང་རྐང་རྩེ་སྤོ་ལོ་རྩེད་མཁན་ཡག་པོ་ཞིག་རེད།” ཅེས་ཟེར།
  ངས་འདྲ་པར་དེ་ལ་བལྟས། དེ་ནི་ལྗང་ཁུ་དང་། དཀར་པོ་དང་། ཚ་ལུམ་མའི་ཁ་མདོག་བཅས་ཀྱིས་བཟོས་པའི་Miami Dolphin ཡི་རྐང་རྩེ་སྤོ་ལོའི་སྒྲིག་ཆས་ཞིག་གྱོན་ཞིང་འཛུམ་དམུལ་དམུལ་བྱེད་པའི་སྐྱེས་པ་ཞིག་རེད་འདུག
  མོས། “འདི་ནི་ཁོ་དང་ང་རེད། ང་ཚོའི་ཨ་མ་དང་ཨ་ཕ་ང་ཚོ་ཆུང་ཆུང་ཡིན་པའི་དུས་སུ་ཤི་ནས་ངེད་གཉིས་ཨ་མའི་གཅུང་མོ་ཨ་ནེ་དང་མཉམ་དུ་ཨེ་སུ་པན་འདི་རུ་བསྡད་པ་ཡིན། མོ་རང་ལོ་ལྔའི་སྔོན་ལ་ཤི་སོང་། རྗེ་ཧྥུ(Jeff)་ནི་ང་ལ་འཛམ་གླིང་འདིའི་ནང་ཡོད་པའི་ཉེ་མི་གཅིག་པོ་དེ་ཡིན།”ཞེས་ཟེར།
  སྲན་སྒྲས་སྦེ་སྐུ(Sandy Baker)་ངུ་འགོ་བརྩམས་བྱུང་།
  མོས། “འདིར་ཁོས་སློབ་གྲྭ་ནང་སྤོ་ལོ་རྩེད་ཀྱི་རེད། ཚང་མས་ཁོ་ཤིན་ཏུ་ནས་ཡག་པོ་འདུག རྐང་རྩེ་སྤོ་ལོ་རྩེད་མཁན་གྲགས་ཅན་ཞིག་རེད་ཟེར།”
  ངས། “དེ་ནས།”ཞེས་དྲིས།
  མོས། “མཐོ་སློབ་ཐོན་རྗེས་ཁོ་རང་Miamiཡི་མཐོ་སློབ་ནང་ཕྱིན་ཡོད།” ཅེས་ཟེར་ནས་འཛུམ་ཞིག་བསྟན་ཏེ། “ཡིན་ནའང་། ཁོ་རང་རྐང་རྩེ་སྤོ་ལོ་རྩེད་རྒྱུ་ལ་དགའ། མཐོ་སློབ་ལོ་རིམ་གཉིས་པའི་སྐབས། མེའུ་མཱ་སྒྲོལ་ཧྥའི་ནས་ཡིན་པའི་མི་ཞིག་ང་སར་སླེབས་ཏེ། ཁོས་ལབ་རྒྱུ་ལ་རྗེ་ཧྥུ་(Jeff)ནི་རྐང་རྩེ་སྤོ་ལོ་རྩེད་མཁན་ཤིན་ཏུ་ཡག་པོ་ཞིག་རེད་ཟེར། ཡིན་ནའང་་་་་་།”
  “ཡིན་ནའང་ག་རེ།?”
  “ཁོང་གི་སྒལ་ཚིགས་རེད།”
  “ཁོང་གི་སྒལ་ཚིགས” ངས་མོ་ལ་བལྟས། མོས་ངུ་མཚམས་བཞག་ཀྱང་གདོང་ལ་སྐྱོ་ཉམས་འདུག
  “རེད། ཨོ་་་་་་་་དང་ཐོག་གནད་སྐྱོན་ཆེན་པོ་གང་ཡང་མ་རེད།” མོས་ང་ལ་བཤད། “ཡིན་ནའང་རྗེས་སུ་སྡུག་ཏུ་འགྲོ་བས། ཁོས་རྐང་རྩེ་སྤོ་ལོ་རྩེད་མཚམས་བཞག་ནས། ཁོ་སྨན་ཁང་དེའི་སྨན་པ་ཞིག་ལ་སོང་། སྨན་པ་དེས་བཤད་རྒྱུ་ལ། ཁྱོད་རང་གི་སྒལ་ཚིག་ལ་གནོད་སྐྱོན་ཅུང་ཙམ་ཐེབས་འདུག་ཀྱང་། ངས་ཁྱོད་ལ་རོགས་བྱེད་ཐུབ་ཅེས་ཟེར།”ཞེས་ སྲན་སྒྲས(Sandy)་ཀྱིས་ཟེར། “ཟླ་བ་གཅིག་གི་རྗེས་སུ་སྨན་པ་དེས་ངའི་གཅེན་པོའི་སྒལ་ཚིག་བཅོས་རོགས་བྱས་པ་དང་། དེ་ནས་རྗེ་ཧྥུ་(Jeff)ཡིས་གོམ་པ་སྤོ་མཚམས་ཀྱང་བཞག”
  “གོམ་པ་སྤོ་མཚམས་བཞག་སོང་།” ཞེས་ངས་དྲིས།
  “་་་་་རེད། གོམ་པ་སྤོ་མཚམས་བཞག་པ་རེད།” ཅེས་མོས་ཟེར།
  “མ་ཚད་སྨན་པ་དེ་ནི་ཨེམ་ཆི་རྗེ་སྐུ་སྡ་ལས་(Dr. Jack Daly)རེད་དམ།” ཞེས་ངས་དྲིས།
  མོས། “རེད།” ཅེས་ཟེར། སྐར་མ་གཅིག་གཉིས་ཀྱི་རིང་ལ་མོས་དེ་ལས་གང་ཡང་མ་བཤད། དེ་ནས་མོས་སྐད་ཅོ་བརྒྱག “ངའི་གཅེན་པོས་གོམ་པ་སྤོ་མི་ཐུབ། ཁོང་ལོ་ན་ཉི་ཤུ་རེད། རྐང་རྩེ་སྤོ་ལོ་ནི་ཁོང་གི་ཡོད་ཚད་ཡིན་ཡང་ཁོང་གིས་གོམ་པ་སྤོ་མི་ཐུབ།”
  “དེ་འདྲ་ཡིན་པས་་་་་་་།”
  “ཟླ་བ་གཉིས་ཀྱི་རྗེས་སུ་རྗེ་ཧྥུ་(Jeff)ད་དུང་ཡང་སྨན་ཁང་ནང་ལུས་ཡོད།” ཅེས་མོས་བཤད། “ཉིན་རྟག་པར་ཁོ་ཚོས་ཁོང་ལ་གཉིད་སྨན་སྤྲོད་ཀྱང་ཁོང་གི་གཅིག་ཀྱང་ བཏུང་མེད། ཁོང་གིས་དེ་ཚོ་ཉལ་སའི་འགྲམ་དུ་བསགས་ནས་བཞག དེ་ནས་ཉིན་ཞིག་ཁོང་གིས་དེ་ཚོ་ཚང་མ་མཉམ་དུ་བཏུང་་་་་་།”ཞེས་སྲན་སྒྲས(Sandy)་ཀྱིས་ཟེར།
  “ཁོས་རང་སྲོག་བཅད་པ་རེད་དམ།”
  “རེད།” མོས་བཤད། “རྗེ་ཧྥུ(Jeff)་ཡིས་རང་སྲོག་བཅད་པ་རེད།”
  སྐར་མ་གཅིག་གི་རིང་མོས་སྐད་ཆ་གང་ཡང་མི་བཤད།
  དེ་ནས་མོས་བཤད་རྒྱུར། “མ་རེད། རྗེ་ཧྥུས(Jeff)་རང་སྲོག་བཅད་པ་མ་རེད། དེ་ཚོ་སྨན་པ་གླེན་པ་དེ་རེད། རྗེ་སྐུ་སྡ་ལས་(Jack Daly)ཞེས་པའི་སྨན་པ་གླེན་པ་དེ། སྐད་གྲགས་ཅན་གྱི་མཁས་དབང་རྗེ་སྐུ་སྡ་ལས།(Jack Daly) ཁོས་ངའི་གཅེན་པོ་བསད་པ་རེད།" ཅེས་ཟེར་ཏེ་རྗེ་ཧྥུའི(Jeff)་གཅུང་མོ་ངུ་བྱུང་། མོ་དུས་ཡུན་རིང་པོ་ཞིག་ལ་ངུས།

 

               ལེའུ་ཚན་བདུན་པ། བརྩེ་བ་གོ་ལོག

  “དེར་བརྟེན་ཁྱོད་ཀྱིས་རྗེ་སྐུ་སྡ་ལས་(Jack Daly)་བསད་པ་རེད་དམ།" ཞེས་ངས་དྲིས།
སྲན་སྒྲས་སྦེ་སྐུ་(Sandy Baker)ཡིས་མགོ་བོ་ཡར་བཀྱགས་ཏེ། “ག་རེ།?”
  “ཁྱོད་ཀྱིས་ཁོང་བསད་ཨུ་ཡོད།” ཅེས་ངས་དྲིས།
བུད་མེད་གཞོན་ནུ་དེས་ང་ལ་བལྟས་ཏེ། “མ་རེད།”མོས་སྐད་ཅོ་འདེབས། “ཁྱོད་ཀྱིས་བསམས་ན་་་་་་་་་་མ་རེད། ངས་ཁོང་བསད་མེད། ཡི་གེ་དེ་་་་་་་ང་ཁོང་ལ་སྐད་ཆ་ཞིག་བཤད་འདོད་བྱུང་་་་་ངའི་གཅེན་པོ་ལ་བསམ་བློ་ཞིག་གཏོང་དང་། ཁོང་གིས་ངའི་གཅེན་པོ་ནམ་ཡང་བརྗེད་མི་རུང་།”
  “ཤོད་དང་། ཁྱོས་ཀྱིས་ཁོང་བསད་པ་རེད།”
  “ངས་རྗེ་སྐུ་སྡ་ལས་(Jack Daly)བསད་མེད།” མོས་ཡང་བསྐྱར་སྐད་ཅོ་འདེབས། “ཨོ་་་་། ཁོང་ཤི་བར་ང་ལ་སྙིང་རྗེ་མེད་མྱུལ་ཞིབ་པ་ལེས་ནེ(Laine)་ལགས། ཡིན་ནའང་ངས་ཁོང་བསད་མེད།”
  ངས་སྲན་སྒྲས་སྦེ་སྐུ(Sandy Baker)་ལ་བལྟས་ནས་བསྡོད། ངས་གང་འདྲ་ཡིན་མིན་མི་ཤེས་ཀྱང་། མོས་རྗེ་སྐུ་སྡ་ལས་(Jack Daly)བསད་མེད་པ་ཤེས། མོ་རང་རང་གི་གཅེན་པོ་ལ་དགའ་བ་དང་། མོས་ལྐུགས་ལས་ཤིག་བྱས་འདུག
  མོས་རྗེ་སྐུ་སྡ་ལས(Jack Daly)ལ་ཁྱོད་ཀྱིས་དུས་ནམ་ཡང་རྗེ་ཧྥུ་སྦེ་སྐུ(Jeff Baker)་བརྗེད་རྒྱུ་མ་རེད་ཅེས་པའི་ཡི་གེ་དེ་བསྐུར་འདུག ཡིན་ནའང་། སྲན་སྒྲས་སྦེ་སྐུ་ཡིས་(Sandy Baker)རྗེ་སྐུ་སྡ་ལས་(Jack Daly)བསད་མེད། མོ་རང་ཁོ་ལ་འགྲས་ཀྱང་མོ་རང་ཁོང་གི་ལག་དམར་བ་མིན། དེར་བརྟེན། ལག་དམར་བ་དེ་སུ་ཡིན་ནམ།
ངས་ཅེ་་བས(Chevy)བསྐོར་ནས་ཕྱིར་རྡེན་བུར(Danver)་ལ་ལོག་པ་ཡིན། དེ་དུས་ཤིན་ཏུ་ཕྱི་བོ་ཆགས་འདུག གཞུང་ལམ་ནང་རླངས་འཁོར་མི་འདུག ངས་སྒྲ་སྡུད་འཁོར་ལོ་དེ་ཕྱེས། དེ་དུས་བརྩེ་བ་ལོག་པ་ཞེས་པའི་གླུ་ཞིག་གཏོང་གི་འདུག
  “བརྩེ་བ་ལོག་པ་་་་་་བརྩེ་བ་ལོག་པ་་་་་བརྩེ་བ་ལོག་པ་ད་ནས་མི་ཡོང་བ་ཤོག་་་།”གླུ་དབྱངས་དེ་ཉན་བཞིན། ངས་བསམ་བློ་གཏོང་འགོ་བརྩམས། ལྕགས་རིགས་ཚང་ཁང་གི་ལྕམ་མེ་ཐེ་(Mithell)ཡིས་ཟེར་རྒྱུ། དེ་ནི་ཕལ་ཆེར་ལོ་ན་ཉི་ཤུ་རྩ་ལྔ་རྩ་དྲུག་ཙམ་གྱི་བུད་མེད་གཞོན་ནུ་མཛེས་མ་སྐྲ་སེར་སྨུག་ཐུང་ཐུང་ཅན་ཞིག་རེད། དེས་གང་ཡང་མི་ཕན། ལོ་ན་ཉི་ཤུ་རྩ་ལྔ་རྩ་དྲུག་ཙམ་སྐྲ་སེར་སྨུག་ཅན་གྱི་བུད་མེད་མང་པོ་རེད། དཔེར་ན་སྲན་སྒྲས་སྦེ་སྐུ་(Sandy Baker)འདྲ་དང་རྗང་སྒྲས་(Judy)འདྲ་་་་་་་་རྗང་སྒྲས་འདྲ(Judy)། དེ་ནས་ངས་བསམ་བློར་འཁོར་བྱུང་་་་་་བརྩེ་བ་ལོག་པ། རྗང་སྒྲས(Judy)་རྗེ་སྐུ་(Jack)ལ་དགའ་ཡོད།
  ངས་དུར་ཁྲོད་དུ་འགྲོ་བའི་ཉིན་མོ་དེ་དྲན། “རྗེ་སྐུ་སྡ་ལས(Jack Daly)་ནི་བུད་མེད་ཀུན་གྱི་སྐྱེས་པ་ཞིག་རེད།” ཅེས་རྗང་སྒྲས(Judy)་ཟེར། “ཁོ་ལ་རྟག་པར་བུད་མེད་དགའ་རོགས་མང་པོ་ཡོད།” མོས་སྐད་ཆ་འདི་བཤད་དུས་ཁོང་ཁྲོ་ལངས་འདུག དེ་ནས་མོའི་ཁྱིམ་ལ་སྤྲོ་སྐྱིད་གཏོང་བའི་ཉིན་དེར་མོས། “ཁྱོད་རང་ཁོ་ལ་དགའ་གིན་འདུག་གམ། ངས་ཁྱོད་རང་ཁོང་དང་མཉམ་དུ་ཡོད་པར་བལྟས་ཡོད། བུད་མེད་ཚང་མས་ཁོང་ལ་དགའ་པོ་བྱས།” ཟེར།
  “་་་་་བརྩེ་བ་ལོག་པ་་་་་་།”གླུ་དབྱངས་མུ་མཐུད་ནས་ལེན།
  ཁོ་མོ་སྡ་ལས་(Daly)ཀྱི་དགའ་རོགས་ཡིན་ཡང་། སྡ་ལས(Daly)ཀྱི་བུད་མེད་གཅིག་པུར་དེ་མིན། མོ་རང་སྡ་ལས་(Daly)ལ་དགའ་ཡང་། སྡ་ལས་(Daly)ཁོ་མོ་ལ་མི་དགའ།
རྗེ་སྐུ་སྡ་ལས(Jack Daly)ལ་ང་དང་སྐད་ཆ་བཤད་འདོད་དང་ཕྱི་ལ་འགྲོ་འདོད་བྱུང་། རྗང་སྒྲས་(Judy)ཀྱིས་རྗེ་སྐུ་སྡ་ལས(Jack Daly)ཀྱི་གཞུག་མ་བུད་མེད་གསར་པ་དེ་ཁོ་མོའི་གྲོགས་མོ་ང་བསམ་པ་དང་། དེ་ནི་དཔེ་མི་སྲིད་པ་རེད་དྲན།
  “བརྩེ་བ་ལོག་པ་་་་།”
  བྱས་ཙང་དེ་འདྲ་རེད། རྗང་སྒྲས་(Judy)ཀྱི་བརྩེ་བ་ནི་བརྩེ་བ་ལོག་པ་རེད། ཁྱོད་རང་ལ་མི་ཞིག་གསོད་བཅུག་པའི་བརྩེ་བ་ཞིག་རེད། ངས་སྨན་ཁང་ནང་གི་ཉིན་མོ་དེར་བསམ་བློ་བཏང་། ངས་རྗང་སྒྲས་(Judy)ལ་ངས་བསམ་པར་རྗེ་སྐུ་སྡ་ལས(Jack Daly)ཀྱིས་རང་སྲོག་གཅད་རྒྱུ་མ་རེད་བཤད་པའི་ཉིན་མོ་དེར་བསམ་བློ་བཏང་། ངས་རྗང་སྒྲས(Judy)་ཀྱི་ངོ་གདོང་དཀར་པོ་དེ་དང་། ཁོ་མོ་རེངས་མར་སོང་བའི་སྐོར་ལ་བསམ་བློ་བཏང་། ཁོ་མོའི་ངོ་གདོང་སྐྱ་བོར་གྱུར་དགོས་པའི་རྒྱུ་མཚན་ནི། མོ་ལ་ཞེ་སྣང་སྐྱེས་པའི་ཡིན་ཏེ། ངའི་གྲོགས་མོ་རྗང་སྒྲས་ཀ་པ་ལན(Judy Kalpan)་གྱིས་རྗེ་སྐུ་སྡ་ལས(Jack Daly)བསད་པས་ཡིན།
  ངས་རླངས་འཁོར་བཀག ང་ལ་ཚ་དྲོད་རྒྱས་ཤིང་ཡི་ཐང་ཆད། ང་བདེ་པོ་མི་འདུག ངས་རླངས་འཁོར་བསྐོར་མཚམས་བཞག ང་འགྲོ་མཚམས་བཞག་སྟེ་མཚན་གང་བོར་དེ་ལ་བསྡད། ངས་ཡང་ནས་བསྐྱར་དུ་བསམ་བློ་བཏང་། ཞོགས་པའི་ཆུ་ཚོད་ལྔ་པའི་ཐོག་ངས་ཅི་ཞིག་བྱེད་དགོས་པ་ཤེས། ངས་ལེ་བོ་ལ་(Leo)ཁ་པར་བཏང་།
  ལེ་བོ་(Leo)ཡིས། "སྡུག་གི་ཉིན་མོ།"ཟེར།
  ངས་གང་ཡང་མ་བཤད། ང་ཚོས་རེ་ནོ་ཡིས་རྗང་སྒྲས་(Judy)མོ་རང་གི་ཁང་པ་ནས་ཁྲིད་དེ་འགྲོ་བ་ལ་བལྟས་ནས་སྡོད་པ་ཡིན།
  དེ་ནས་ང་རང་ཅེ་བས(Chevy)ནང་བསྡད་དེ་བསྐོར་ནས་སོང་། རེད་་་འདི་ནི་ངའི་བྱ་བ་ཡིན།
  སྤྱི་བདེ་ཅུས་ཀྱིས་ནམ་རྒྱུན་མི་རྣམས་སོ་སོའི་ཁང་པ་ནས་ཁྲིད་དེ་འགྲོ་ཡང་། ཁོ་ཚོ་ནམ་རྒྱུན་ངས་ངོ་མི་ཤེས། ངས་ཡུན་རིང་པོ་ཞིག་ལ་རླངས་འཁོར་བསྐོར་ནས་སོང་། ངས(Rock mountain)བར་དུ་རླངས་འཁོར་བསྐོར་ནས་སོང་། ངས་མཚན་མོ་མཚན་མོ་ཆགས་ནས་གནམ་མདོག་ཟིང་སྐྱ་གྱུར་བའི་བར་དུ་རླངས་འཁོར་བསྐོར་ནས་སོང་། ངས་གྲོང་ཁྱེར་རྡེན་བུར་(Danver)ལ་ཕྱི་བལྟ་ཞིག་བྱས། དེ་ནི་ནམ་རྒྱུན་གང་ཡིན་པ་དང་གཅིག་མཚུངས་རེད། མི་ཞིག་ཤི་པ་དང་། ངའི་གྲོགས་མོས་ཁོ་བསད་པ་རེད་། འོན་ཀྱང་། གྲོང་ཁྱེར་འདི་ལ་འགྱུར་བ་མེད། འདི་ནི་གང་ཡིན་པ་དེ་རེད། ངས་མཛེས་སྡུག་ལྡན་པའི་ཀོ་ལོ་རཱ་སྒྲའི་(Colorado)ནས་ཉི་མ་མ་ནུབ་བར་དུ་རླངས་འཁོར་བསྐོར་ནས་སོང་།

བསྟན་ཟླས་ཨིན་ཡིག་ནས་བསྒྱུར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།