ཋཱ་ཀུར་གྱི་སྙན་ངག་གྲགས་ཅན"བདག"ཅེས་བྱ་བ་བཞུགས་སོ།།

རབཱིནྡྲནཱཐཋཱ་ཀུར། མཆོད་མེ་བོད་ཀྱི་རྩོམ་རིག་དྲ་བ། 2015-03-29

einsteintagore1.jpg
དེང་རབས་ཚན་རིག་གི་ཡབ་ཆེན་དང་ཇོ་བོ་ཉི་དབང་མགོན་པོ་ལྷན་རྒྱས།

མར་རྒད་ཀྱི་མཐིང་མདོག་དང་པད་མ་རཱ་གའི་དམར་མདངས་དེ་དག་ངའི་སེམས་ནས་བྱུང་བ་སྟེ།
ངས་མིག་གིས་གནམ་ལ་བལྟས་པ་དང་དེ་ལ་ཤར་ནས་ནུབ་ཏུ་སྣང་བ་ཡོད་པར་གྱུར།
ངས་རྒྱ་སེ་མེ་ཏོག་ལ་བལྟས་ཏེ། “ཁྱོད་ཧ་ཅང་མཛེས”ཞེས་བཤད་པ་དང་
དེ་མཛེས་སྡུག་དང་ལྡན་པར་གྱུར།
ཁྱོད་ཀྱིས་འདི་གཟུགས་འདས་རིག་པ་རེད་ཟེར་སྲིད་ནའང་།
འདི་བདེན་པ་ཡིན་པའི་ཕྱིར། ངས་སྙན་ངག་རེད་ཟེར་བ་ཡིན།
ཁྱོད་ཀྱིས་དེ་ངའི་ང་རྒྱལ་ལོ་ཟེར་ཆོག་ནའང་། དེ་ནི་སྐྱེ་བོ་མཐའ་དག་ལ་གཅིག་མཚུངས་སུ་གྲུབ་པར་མངོན།
དེ་ནི་སྐྱེས་བུའི་བདག་གི་རས་གཞི་ཡོད་དོ་ཅོག་གི་སྟེང་དུ་བཀོད་པ་པོས་རང་གི་གསར་གཏོད་ཀྱི་རི་མོ་བཞེངས་པའོ།།
དབུགས་ཡོད་ཡོད་པོ་འབྱིན་ཞོར་དང་རྔུབ་ཞོར་དུ་དཀའ་ཐུབ་པས་འགོག་པར་ལྷུར་ལེན་ཞིང་མཆི།
ཁོང་གི་དབང་དུ་བྱས་ན།
མར་རྒད་མེད། པད་མ་རཱ་ག་མེད། སྣང་བ་མེད། རྒྱ་སེ་མེད། ཁྱོད་མེད་ལ་བདག་ཀྱང་མེད་དོ།།
ཡང་གཞན་ཞིག་གི་དབང་དུ་བྱས་ན།
ཚད་ལས་འདས་པའི་ཁོང་སྟེ་རང་ཉིད་ཀྱི་སྟོབས་ཤུགས་ཡོད་རྒུ་རྩལ་དུ་སྤྲུགས་ཏེ་སྐྱེས་བུ་ཚད་ཅན་དུ་སྒྲུབ་ཀྱིན་གདའ་བ་དེ་ནི་ང་ཚོས་བདག་ཟེར་བ་དེའོ།།
བདག་གི་འཛིན་པ་ཇེ་གསལ་དུ་ཕྱིན་པ་དང་མུན་པ་དང་སྣང་བ་གཉིས་མཉམ་དུ་དབྱེར་མེད་དུ་འདྲེས་པར་གྱུར།
གཟུགས་སྣང་བར་གྱུརད་ཅིང་ཚོར་བ་རྒྱས་པར་གྱུར།
རྫུ་འཕྲུལ་གྱིས་བཅོས་པ་བཞིན། མ་ཡིན་པ་གང་དེའང་ཡིན་པར་གྱུར།
ཁ་དོག་ཡོད་པར་གྱུརད་ཅིང་གཟུགས་ཡོད་པར་གྱུར་ལ།
སྡུག་བསྔལ་དང་བདེ་བའང་ཡོད་པར་གྱུར།
འདི་ལ་གཟུགས་འདས་རིག་པ་མ་ཟེར།
ང་རང་བདག་ཟེར་བའི་འཇིག་རྟེན་དེའི་ཕོ་བྲང་དུ་ལག་ལ་སྤུ་སྨྱུག་ཅིག་དང་
ཚོན་རྩི་ཕོར་བ་འགའ་བཟུང་སྟེ་སྡོད་དུས་སེམས་པ་དགའ་ལྷང་ལྷང་དུ་འགྱུར།
མཁས་པ་ན་རེ།
གནའ་བསྐལ་བའི་ཟླ་བ་དེ་སྙིང་རྗེ་མེད་ཅིང་རང་དོན་གྱི་འཛུམ་མདངས་
དང་བཅས་ཏེ་འཇིག་རྟེན་འདིའི་རྩིབ་རུས་དང་ཇེ་ཉེར་བཏུད་པ་ནི་གཤིན་རྗེའི་ཕོ་ཉ་ཨ་ན་མ་ན་རེད་ཟེར།
ཉིན་མ་ཞིག་ལ་དེས་གྲུ་རྫིངས་ཆེ་ཆེ་ཞིག་རྒྱ་མཚོ་དང་རི་ཚོགས་ལ་གཏད་དེ་བཏང་ནས་མིང་དང་གཟུགས་ཀྱིས་གྲུབ་པའི་འཇིག་རྟེན་འདི་སྟོང་བར་བཟོ་ངེས་ཤིང་།
ཉིན་མོ་དང་མཚན་མོ་ཡོད་ཚད་ཁྱུར་མིད་བྱེད་པར་འགྱུར་ངེས།
སྐྱེས་བུའི་བྱ་བྱེད་ཐམས་ཅད་ཀྱིས་འཆི་བ་མེད་ཁུལ་གྱི་གཡོ་ཟོལ་དེའང་བཅའ་མི་བཏུབ་ལ།
ཁོང་གི་ལོ་རྒྱུས་ཐུང་ཐུང་དེ་ནི་མཚན་མོའི་མུན་ནག་གིས་གཏན་དུ་ཟ་བར་འགྱུར།
ངས་སྐྱེས་བུའི་འཆི་ཁའི་ཕྱིར་མིག་གིས་ཉིན་མོའི་སྣང་བའང་འཕྲོག་པར་འགྱུར་ལ།
དེའི་འཆི་བཞིན་པའི་སེམས་ཀྱིས་ཚོར་བ་ཡོད་ཚད་ཀྱི་འཕར་འགུལ་འཁྱེར་བར་འགྱུར་ཟེར་བ་ཡིན།
མཐུ་སྟོབས་ངར་མ་དེ་དག་ད་དུང་མཁའ་ནས་མཁའ་ལ་རྒྱུ་སྲིད་ནའང་།
གང་ནའང་འོད་སྣང་ཡོད་མི་སྲིད།
རོལ་མོ་མཁན་གྱིས་རོལ་ཆས་དང་རོལ་དབྱངས་ཅི་ཡང་མེད་པར་
ལུས་ཀྱི་རྣམ་འགྱུར་འབའ་ཞིག་སྟོན་པར་འགྱུར།
སྙན་ངག་མེད་པས།
བཀོད་པ་པོ་མི་ཡི་རང་གཤིས་མེད་མཁན་དེ་དག་རྩི་བར་བྲེལ་བར་འགྱུར་ཞིང་།
དབེན་ཞིང་ཁེར་རྐྱང་གི་ངང་ནས་ཁ་དོག་གིས་བཏང་བའི་གནམ་ནས་བཞུགས་པར་འགྱུར།
འཇིག་རྟེན་འདིའི་ཆེས་ཐག་རིང་གི་རྟག་བརྟན་ལས་ཀྱང་འགོངས་པའི་བར་སྣང་གང་ཞིག་ཏུ་ “ཁྱོད་ཤིན་ཏུ་མཛེས” དང་། “ང་རང་དགའ”
ཞེས་པའི་ཡི་གེ་འདི་དག་གིས་བྲག་ཆ་བསྐྱིལ་བར་འགྱུར་རམ།
བཀོད་པ་པོས་དེ་དུས་བསྐྱར་དུ་ལོ་ནས་ལོ་བསྟུད་དེ་མཉམ་བཞག་ཏུ་བཞུགས་བཞུགས་རྗེས་ཞལ་འདོན་མཛད་རྒྱུར། “ཤོད་དང་། ཤོད་དང་། བསྐྱར་དུ་ཤོད་དང་། ཤོད།”
“ཁྱོད་ཤིན་ཏུ་མཛེས” “ང་་་་་་དགའ” ཞེས་ཡང་ཡང་ཟློས།

                      ༢༠༡༤།༡༡།༣

  འདི་ནི་རྒྱ་གར་གྱི་དངོས་ལུགས་རིག་པ་བ་ཞིག་གིས་གསུངས་པ་ལྟར་ན་ཚན་རིག་ལྟ་བ་ཟབ་མོ་ཁྭན་ཋོམ་སྟེ་ཚད་རྡུལ་ནུས་ཤུགས་རིག་པ་སྟོན་པའི་སྙན་ངག་ཅིག་རེད་ཟེར། ནང་བའི་གཞུང་གི་དབང་དུ་བཏང་ན། སེམས་ཙམ་པའི་བཞེད་སྲོལ་ལ་འཐམས་མེད་དམ་བསམས།

ཟླ་བ་གཞོན་ནུས་དབྱིན་ཡིག་ནས་བསྒྱུར།

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཋཱ་ཀུར་གྱི་སྙན་ངག་གྲགས་ཅན"བདག"ཅེས་བྱ་བ་བཞུགས་སོ།།

2015-03-29 རབཱིནྡྲནཱཐཋཱ་ཀུར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།