གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

སྐུ་ཞབས་ཁཱའོ་ཧྥོ་ལགས། ཁྱེད་ཀྱི་ཁ་པར་ཨང་གྲངས་ག་རེ་རེད།

2015-06-14 22:08:51 སུའུ་ཀིན་ཧྲིང་། ཀློག་གྲངས། མཆན ཡོད།

  ཨ་རི་རྒྱལ་ཡོངས་ཀྱི་སྤྲོ་བོ་མིན་པའི་མི་རྣམས་ཀྱིས། རང་ཉིད་ཀྱིས་འཛེམས་དོག་དང་ཐེ་ཚོམ་ཅི་ཡང་མེད་པར་ནམ་གུང་གི་སྐབས་སུ་ཁཱའོ་ཧྥོ་ལ་ཁ་པར་གཏོང་གིན་ཡོད། དེ་ལྟར་མིན་ཚེ་ཁོས་ཉམ་ཐག་པའི་གཏམ་རྒྱུད་དེ་འདྲ་མང་པོ་ཞིག་གང་ཞིག་ནས་རྟོགས་ཐུབ། ཁོའི་བརྩམས་སྒྲུང་ནང་གི་གཙོ་ཚིག་ཚང་མ། ལམ་ལ་མ་སོང་བ་དང་། ལས་ཀ་ཤོར་བ། གླེན་པ་སོགས། དེ་དག་གི་མཚམས་རེ་རེ་ནས་སྐད་ཅིག་དེ་ཉིད་ལ་ཐོར་ཞིག་ཏུ་གྱུར་ཏེ། བསམ་གཞིགས་བྱེད་ནུས་པའི་མི་རྣམས་རེ་ཐག་ཆད་པའི་གནས་ཞིག་ཏུ་ཇི་ལྟར་སོང་བ་དེ་བསྟན་ཡོད།
  ཨ་རིའི་རྩོམ་པ་པོ་ལུའུ་མིན་དྷི་ཡིས། “ཁཱའོ་ཧྥོ་ནི་ཁོའི་སྙུ་གུའི་འོག་གི་མི་སྣ་དང་འདྲ་བོ་མི་འདུག་མོད། འོན་ཀྱང་། མི་སྣ་འདི་དག་ཚང་མ་ཁོ་རེད་”ཅེས་བཤད་ཡོད་ལ། ཁོའི་བརྩམས་ཆོས་ནང་གི་མི་སྣ་དག་ལ་རིགས་འདྲ་ཡི་ལོ་རྒྱུས་བྱུང་བ་ཞིག་ཡོད་པ་ནི། གཉེན་སྒྲིག་སྔ་བོ་བྱས་པ་དང་། མངལ་སྦྲུམ་མ་རན་གོང་ནས་མངལ་ཆགས་མཁན། ལས་ཤོར་བ། ཆང་དད་ཅན། བཟའ་འཐོར་བྱུང་བ་སོགས་རེད།
  ཁཱའོ་ཧྥོ་ལོ་ཉི་ཤུར་མ་སོན་པའི་ཡར་སྔོན་ནས་ཁོ་ལ་བྱིས་པ་གཉིས་ཡོད་པ་རེད། མ་ཟད་ཆུང་མ་ཡང་ལོ་ངོ་18 ལ་སོན་ཙམ་རེད་འདུག ཁོས་གཉེན་སྒྲིག་ལ་འདི་འདྲའི་གདེང་འཇོག་བྱས་ཡོད་དེ། ཁོས་བཤད་རྒྱུར། ང་རང་བྱིས་པ་ལ་དགའ། འོན་ཀྱང་། “ གལ་ཏེ་ང་ལ་ཡང་བསྐྱར་སྔར་གྱི་ཉི་མ་ལྟ་བུའི་འཚོ་བ་ཞིག་རོལ་དབང་སྦྱིན་ཚེ། ངས་ནི་དུག་ཟ་དུག་འཐུང་བྱེད་ངེས།” ཞེས་ལབ་ཡོད་པ་རེད། ཁོའི་ཚེ་སྟོད་དུ་ཁོ་དང་ཁོའི་ཆུང་མ་གཉིས་ཀྱིས། འཚོ་དངུལ་གྱི་ཁ་གསབ་ཏུ་ཕྱོགས་བཞི་མཚམས་བརྒྱད་དུ་གནས་སྤོས་ཤིང་། ཁོ་རང་གཅིག་པུར་གྲོགས་མེད་ཁེར་རྐྱང་ངང་ལས་ཀ་གཉེར་ཏེ། ཟ་ཁང་གི་གཡོག་པོ་དང་། ཅ་ལག་སྐྱེལ་འདྲེན་པ། ཁོར་ཡུག་ཕྱག་མཁན་སོགས་སུ་བསྡད། ཁོས་བརྩམས་ཆོས་སྤེལ་རྗེས། ཁོ་ད་དུང་ཆང་དད་ཀྱིས་སྨྱོས་པས་ཅུང་ཙམ་མིན་ཚེ་སྲོག་ཤོར། ཁོ་མཐའ་མཇུག་བཟའ་འཐོར་བྱུང་། ཁོ་མིང་དུ་གྲགས་པ་དང་ལྷན་དུ། ཁོས་དཀའ་སྡུག་བགྲང་གིས་མི་ལངས་པ་ཞིག་གིས་བཟོས་པའི་འོད་ཟེར་ལམ་ལམ་འཕྲོ་བའི་འཚོ་བ་དེ་ཁོར་རོལ་དབང་ཅུང་ཙམ་ཡང་མ་ཡོད་པར། སྐྲན་ནད་ཕོག་ཏེ་ཚེ་ལས་འདས།
  ཁཱའོ་ཧྥོ་ཀློག་པའི་སྐབས་སུ་ཐབས་ལམ་འདི་མ་གཏོགས་ཁོ་རང་ཀློག་ཐབས་མེད་དེ། 《ངས་ཁ་པར་གཏོང་སའི་གནས》ཞེས་པ་དེ་ཡིན་ཞིང་། དེ་ནི་ཁོས་རང་འདེམས་བྱས་པའི་འདུ་ར་དེ་རེད། ཁོའི་ཆེས་ལེགས་འགྲུབ་བྱུང་བའི་བརྩམས་སྒྲུང37བསྡུ་རུབ་བྱས་པའི་ཁྲོད་ཀྱི། ཆེས་སྐད་གྲགས་ཆོད་པའི་རྩོམ་ཆོས་གཅིག་ནི།《ང་ཚོས་བརྩེ་དུངས་ལ་བགྲོ་གླེང་བྱེད་བཞིན་པའི་སྐབས་སུ། ང་ཚོས་ཅི་ཞིག་གླེང་གིན་ཡོད་པ་རེད》ཅེས་པ་དེ་རེད། སྤྱིར་རྩོམ་ཆོས་འདི་ནི་སྐད་གྲགས་ལྡན་པ་ཞིག་ཡིན་མོད། འོན་ཀྱང་། དེ་འདྲའི་དཔེར་འོས་པ་ཞིག་ཀྱང་མ་ཡིན་ཏེ། རྩོམ་ཆོས་དེའི་ནང་གི་མི་སྣ་དག་གིས་གློ་བུར་དུ་ཁ་བདེ་ལྕེ་བདེའི་ངང་བརྩེ་དུངས་གླེང་འོང་བ་དེ་རེད། ངས་ཤེས་ཡོད། ཁཱ་ཧྥོ་ཁོའི་བརྩམས་ཆོས་ནང་གི་མི་སྣ་ཐམས་ཅད་ནི་འཇོན་པོ་དང་མཁས་པ་སོགས་མིན་པའི་མཚོན་བྱེད་རྐྱང་ཡིན། ང་རང་ཁོའི་བརྩམས་ཆོས་ཆེས་དགའ་ས་དེ་ནི། 《 ཁྱེད་ཚོས་ཅིའི་ཕྱིར་བྲོ་མི་འཁྲབ་པ་ཡིན》ཞེས་པ་དེ་ཡིན་ལ།
  《 ཁྱེད་ཚོས་ཅིའི་ཕྱིར་བྲོ་མི་འཁྲབ་པ་ཡིན》ཞེས་པའི་བརྩམས་སྒྲུང་དེའི་ནང་དགའ་རོགས་ཆ་ཞིག་ལམ་བར་དུ་འགྲོ་བཞིན་པའི་སྐབས་སུ། ལམ་བར་ནས་ཁྱིམ་ཚང་ཞིག་གི་སྒོ་འགྲམ་དུ་ཁྱིམ་ཆས་མང་པོ་ཞིག་སྤུང་འདུག་པ་དང་འཕྲད། དེ་རུ་མལ་ཁྲི་དང་། བརྙན་འཕྲིན་འཕྲུལ་ཆས། སྟེགས་སྒྲོན། སྒྲ་སྡུད་འཕྲུལ་ཆས་སོགས་སྣ་ཚོགས་ཡོད། ཕར་བལྟས་ཚེ། ཁྱིམ་བདག་དེས་རྙིང་འཚོང་བཙོང་གིན་ཡོད་ས་རེད་སྙམ་སྟེ། དེ་ནས་ཕར་སོང་སྟེ་དེའི་ཁྲོད་ནས་ཅ་ལག་བསལ་འགོ་བརྩམས། ཡིན་ཡང་ཁང་པའི་ནང་མི་གཅིག་ཀྱང་མི་འདུག་ཅིང་། ཅ་ལག་ཚང་མ་སྒོ་རྩར་བསྒྲིགས་འདུག འདི་ལ་དོན་དག་ཅི་ཞིག་བྱུང་བ་ནི་སུས་ཀྱང་མི་ཤེས། དགའ་རོགས་དེ་གཉིས་ནི་ཧ་ཅང་ལོ་ན་གཞོན་པ་གཉིས་ཡིན་ཞིང་། དངུལ་ལོ་ཡང་དེ་འདྲ་མེད་མཁན་གཉིས་ཡིན་པས། ཁོ་གཉིས་ལ་མཁོ་བའི་ཅ་ལག་ཉོ་དགོས་ཚེ་དཀའ་ངལ་ཧ་ཅང་ཆེ། བུ་མོ་དེས་གསར་བུ་ལ་བཤད་རྒྱུར། ཚོང་བདག་ཐོན་དུས་ཁོས་རིན་གོང་ག་ཚོད་མཐོན་པོར་ལབ་ཀྱང་། ཁྱོད་ཀྱིས་དེ་ལས་སྒོར ༡༠ཐབས་བརྒྱ་ཇུས་སྟོང་གིས་མར་གཅོག་ཏུ་བཅུགས་ཤོག”ཅེས་ལབ།
  ཁྱིམ་བདག་དེ་ནི་སྐྱེས་པ་དར་མ་ཞིག་ཡིན་ཞིང་། ལག་ཏུ་ཆང་སྒམ་གཅིག་ཁྱེར་ཏེ་ཕྱིར་ལོག་པ་ན། དགའ་རོགས་ཆ་དེ་གཉིས་དང་འཕྲད། དེ་འཕྲལ་གསར་བུ་དེས་ཅ་ལག་དེ་དག་གི་རིན་གོང་དྲིས་པ་ན། སྐྱེས་པ་དེས་ཁ་ལ་ཅི་ཡོང་གིས་དེ་དག་ལ་རྩིས་ཞིབ་ཙམ་བྱས་ཏེ། མལ་ཁྲིར་སྒོར༥༠། བརྙན་འཕྲིན་འཕྲུལ་ཆས་ལ་སྒོར༢༥། ཅེས་བཤད་རྗེས། གསར་བུས་རིན་གོང་གཏམས། སྐྱེས་པ་དེས་ཆོག་གི་ཆོག་གི། ཅི་འདྲ་བྱས་ཀྱང་ཆོག་གི་ཟེར་ཞོར་ཁོ་རང་སར་བསྡད་དེ་ཆང་འཐུང་བར་བྱས། ཁོས་དགའ་རོགས་ཆ་དེ་གཉིས་ཀྱང་གདན་འདྲེན་བྱས་ཏེ་ཁོ་ཚོས་མཉམ་དུ་ཆང་འཐུང་བར་བྱས་ཤིང་། ཁོ་ཚོ་ཅ་ལག་རྙིང་འཚོང་དེ་དག་གི་དཀྱིལ་དུ་བསྡད་དེ་ཆང་འཐུང་བར་བྱས། དགའ་རོགས་ཆ་དེ་གཉིས་ཧ་ཅང་དགའ་སྤྲོ་ཆེན་པོ་སྐྱེས། ད་དུང་ཁོ་གཉིས་ཀྱིས་སྒོར་མོ་མང་པོ་ཕྲོ་བརླགས་གཏོང་མ་དགོས་པར་ཁྱིམ་ཆས་མང་པོ་ཞིག་ཉོས་ཐུབ་པར་གྱུར། དེའི་འཕྲལ་སྐྱེས་པ་དེས་སྒྲ་སྡུད་འཕྲུལ་ཆས་ལས་རོལ་དབྱངས་ཤིག་གཏོང་བཞིན། སྔར་བཞིན་“ ཁྱེད་ཚོས་ཅིའི་ཕྱིར་བྲོ་མི་འཁྲབ་པ་ཡིན” ཞེས་དྲིས།
  དེ་ནས་བུ་མོ་དེས་གསར་བུ་ལ་འཁྱུད་དེ་ས་སྲོས་ཀྱི་སྐབས་སུ་ནེའུ་གསིང་དུ་བྲོ་འཁྲབ་བྱུང་། བརྩམས་སྒྲུང་དེ་མཇུག་རྫོགས་ལ་ཉེ་བའི་སྐབས་ལ་ཐོན། དེ་ནས་བཟུང་གསར་བུ་དེ་གཅིག་ཀྱང་བྲིས་མི་འདུག་ཅིང་། དེར་མ་ཟད་བུ་མོ་དེ། ཡང་འབྲི་བསྐྱར་འབྲི་བྱས་ཏེ་མི་རྣམས་ལ་བཤད་དོན། “ ཁྱིམ་བདག་སྡིག་ཅག་དེ་ནི་སྐྱེས་པ་དར་མ་ཞིག་རེད། ཁོས་ཅ་ལག་ཡོད་ཚད་ཁྱིམ་གྱི་སྒོ་རྩར་སྤུང་འདུག ” ངས་ཁྱོད་ལ་མགོ་མི་གཡོག་ཅེས་ལབ་ཡོད། ........འོ་ང་ཚོས་ཆང་འཐུང་རྒྱུར་མང་དྲགས་འདུག ད་དུང་ཁོའི་ཁྱིམ་གྱི་སྒོ་རྩའི་འཁོར་ལམ་རེ་རེ་ནས་བྲོ་འཁྲབ་ཀྱིན་འདུག
  རེད་དེ། ཀློག་པ་པོ་དང་བུ་མོ་དེ་གཉིས་མི་མཚུངས་པའི་སྐྱེས་པ་ཞིག་གིས་ཅིའི་དོན་དུ་རྙིང་འཚོང་བཙོང་དགོས་བྱུང་སོང་བ་རེད། འོ། དེ་ནི་བརྩོན་པ་དང་། ད་དུང་མི་ཚེ་ནི་འབད་བརྩོན་ནས་རྐྱེན་ངན་གོད་ཆག་གི་ཁྲོད་དུ་གནས་འདུག་པ་ཞིག་རེད། འོན་ཀྱང་། བུ་མོ་དེའི་བསམ་པར་ཁྱིམ་བདག་འདི་ནི་རེ་ཐག་ཆད་པའི་གནས་སུ་ལྷུང་འདུག་པར་སྙམ།
  དཔྱད་འཇོག་པ་འགའ་རེས། ཁཱའོ་ཧྥོ་ནི་ཤ་ཚ་སྙིང་རྗེ་མེད་པའི་ཁྱིམ་བདག་ཅིག་རེད། ཁོས་ཤེད་ནུས་གང་ཡོད་ཀྱིས་དཀའ་སྡུག་དག་ཞིབ་འབྲི་བྱས་འདུག་ཅེས་ལབ་མོད། ངས་བལྟས་ན་ཁོ་རང་གཞན་དང་མི་འདྲ་བ་ནི། ཁཱའོ་ཧྥོ་ནི་ཧ་ཅང་ཞི་འཇམ་ཞིག་རེད། ཁོའི་སྣང་བརྙན་གྱིས་སྐད་ཆ་གཅིག་ཤོད་ཐུབ་པ་ནི། རེ་ཐག་ཆད་པའི་མི་སེམས་ཀྱི་སྟེང་དུ་དྲོད་སྣང་སྐྱེད་ཐུབ་པ་དེ་རེད།
  ཁོས་བྲིས་པ་ཚང་མ་འབྱོར་མེད་ངན་ངོ་དང་རེ་ཐག་ཆད་པ་རྐྱང་མ་ཡིན་ཏེ། ཁོའི་སྙུག་འོག་གི་མི་དག་གི་ཁྲོད་དུའང་འཚོ་བ་སྐྱིད་པོ་རོལ་མྱོང་མཁན་ཡོད། དེའི་ཁྲོད་ཀྱི་ལོ་ཆུང་གཞོན་པའི་ཁྱོ་ཤུག་དག་གིས་ཀྱང་སྒོར་མོ་མང་པོ་བསོགས་ཏེ་འཚོ་བ་སྐྱིད་པོ་རོལ་ཡོད་པས་ན། དེ་ནི་ཧ་ཅུང་ཙམ་ཡང་མ་གོ་བའི་ཡིད་འཇོག་མ་བྱས་པའི་མགོ་རྟིང་སློག་པ་ཞིག་རེད་འདུག འཚོ་བ་ཐོར་ཤུག་ཏུ་སོང་བའི་མི་དག་ལའང་ཡིད་འཇོག་བྱ་ཆོག་སྟེ། རྒྱུ་མཚན་འཚོ་བ་སྐྱིད་པོ་ནི་སླར་ཡང་བསྐྱར་གསོ་བྱ་ཆོག་པས་སོ།། ཁྱད་པར་དུ་ཁཱའོ་ཧྥོའི་སྙུག་འོག་གི་ཆང་གིས་རབ་ཏུ་སྨྱོས་པར་གྱུར་པའི་སྐྱེས་པ་དག ཁོ་ཚོ་རང་འགུལ་གྱིས་ཆང་གཅོད་སྟེགས་བུའི་དཀྱིལ་དུ་ཐོན་གྱིན་ཡོད་ཅིང་། ཁོ་ཚོས་ཆང་བཅད་དེ་རང་གི་ཆུང་མ་ཕྱིར་ཁྱིམ་དུ་བར་ཆད་མེད་པའི་ངང་ལོག་པར་རེ་སྒུག་བྱས་ནས་ཡོད། འཚོ་བ་ནི་ཡང་བསྐྱར་རྒྱུན་ལྡན་གྱི་བགྲོད་ལམ་སྟེང་བསྐྱར་འཛུགས་བྱེད་ཆོག་པ་ཞིག་རེད། བརྩོན་པ་ག་འདྲ་ཞིག་བྱས་པའི་ཁྲོད་དུའང་། མི་ཚང་མ་ལ་ཐོར་ཤུག་ཏུ་འགྲོ་བའི་དུས་ཡོད་ལ། ཁཱའོ་ཧྥོ་ཡིས་དེ་དག་གི་དུས་སྐབས་དང་འབྱུང་རྐྱེན་སོགས་བསྟན་ཡོད་པ་རེད།
  ད་དུང་ཁོའི་《དོན་དག་ཕྲན་བུའི་ཕན་ཐོགས།》ཞེས་པའི་ནང་དུ་ལོ་ན་གཞོན་པའི་ཨ་མ་ཞིག་གིས། རང་གི་བུ་ལ་མི་རིང་བར་སྐྱེས་སྐར་རོལ་བའི་ཕྱིར་ཏུ་བག་ལེབ་ཚོང་ཁང་ཞིག་ལས་སྒོ་ངའི་བག་ལེབ་“སྐྱེས་སྐར་བག་ལེབ”ཅིག་གྲ་སྒྲིག་བྱས། བུ་ཆུང་གི་སྐྱེས་སྐར་རོལ་བའི་ཉིན་དེར་རླངས་འཁོར་ཐོ་ཐུག་གི་ཆག་སྒོ་བྱུང་སྟེ། བུ་ཆུང་གི་དྲན་པ་འཐོར་ཞིང་ཡར་མ་སད་པར་གྱུར་ཅིང་སྨན་ཁང་དུ་སྐྱེལ། ཕ་མ་གཉིས་ཀྱིས་སྨན་ཁང་དུ་བུ་ཆུང་མལ་ཁྲིའི་རྩར་སྲུང་ནས་བསྡད་སྐབས། ཁྱོ་གས་དུས་ཚོད་ཀྱི་བར་གསེང་ཞིག་བཙལ་ཏེ་ཁྱིམ་དུ་ལུས་ཁྲུས་ཤིག་བྱས་པའི་ཚེ་ན་ཁ་པར་ཅིག་ཐོན་པ་དེ་ལ་ཉན་མ་ཐག ཁ་པར་ལས་ཁྱེད་ཀྱིས་གཏན་ཁེལ་བྱས་པའི་ཅ་ལག་དེ་ཅིའི་ཕྱིར་མི་ལེན་པ་ཡིན། ཞེས་དྲིས། ཁོའི་སེམས་སུ་དེ་ནི་ཟིང་ཆ་སློང་མཁན་ཞིག་ཡིན་པར་སྙམ་སྟེ་དེ་མ་ཐག་ཁ་པར་སྒོ་གཏན། བུ་ཆུང་ད་དུང་དྲན་པ་སོས་ཐུབ་ཀྱིན་མི་འདུག ཕ་མ་གཉིས་ཀྱིས་ཉིན་ཁ་ཤས་རིང་སྨན་ཁང་ལས་སྒུག་སྟེ་བསྡད། ཉིན་ཞིག་ཡང་ཆུང་མས་ཁྱིམ་ནས་ལུས་ཁྲུས་བྱེད་བཞིན་པའི་སྐབས་སུ་ཁ་པར་ཞིག་ཐོན་ཏེ། ངས་ཁྱེད་ལ་བུ་ཆུང་གི་དོན་དག་མི་བརྗེད་པའི་དྲན་སྐུལ་ཞིག་བྱེད་ཅེས་ལབ་སོང་། སྐབས་དེར་ཕ་མ་གཉིས་ཀྱིས་སྔར་བཞིན་འདི་ནི་བུ་ཆུང་གི་དྲན་པ་འཐོར་བར་གེགས་བྱེད་ཅིག་ལས་མ་འདས་སྙམ་སྟེ། ཐད་ཀར་ཁ་པར་གཏོང་མཁན་དེ་རྩར་མེད་གཏོང་འཇོག་པའི་སེམས་ཁམས་དྲགས་པོ་སྐྱེས། རིམ་གྱིས་བུ་ཆུང་ཚེ་ལས་འདས་པར་གྱུར། དེའི་རྗེས་སུ་ཁོ་གཉིས་ཀྱིས་གློ་བུར་དུ་བུ་ཆུང་གི་“ སྐྱེས་སྐར་བག་ལེབ་”ཡིད་ལ་དྲན་བྱུང་། དེ་བཞིན་དུ་ད་གཟོད་མ་གཞི་ཁ་པར་གཏོང་མཁན་དེ་བག་ལེབ་ཚོང་བདག་དེ་ཡིན་པ་རྟོགས།
  དེའི་རྗེས་ཁོ་གཉིས་སེམས་པ་རབ་ཏུ་ངར་ཏེ་བག་ལེབ་ཚོང་ཁང་གི་ཕྱོགས་སུ་ཚོང་བདག་དེ་རྡུང་རྡེགས་བྱེད་པར་ཤེད་ཀྱིས་རྒྱུགས་འདུག སྐབས་དེར་ཚོང་བདག་གིས་ཁོ་གཉིས་ཀྱིས་མནར་གཅོད་ཐེབས་ཡོང་བར་ཧ་གོ་དེ། དེ་མ་ཐག་ཏུ་བག་ལེབ་ཅིག་ཡར་བླངས་ཏེ། ཚོང་བདག་ཁོར་ལོ་ངོ་འདི་དག་རིང་བྱིས་པ་མ་ཡོད་པའི་ཚོར་སྣང་དེ་ཁྱོ་ཤུག་གཉིས་ལ་བཤད། ཁོས་བཤད་རྒྱུར་“ ཉིན་ཐོག་ཉིན་བརྩེགས་ཏེ་བག་ལེབ་སྲོ་སྒམ་འདི་མཚམས་རེར་ཁ་ཁེངས་འཇོག་པ་དང་། ཡང་མཚམས་རེར་སྟོང་པར་ལོག་འགྲོ དེ་ལྟར་མཐའ་ཐུག་པ་ཞིག་མེད་ཅིང་བཟའ་ཆས་མང་པོ་ཞིག་བསྒྲིགས་ཏེ། མི་གཞན་པ་དག་གི་བདེ་སྐྱིད་དང་སྤྲོ་དགའ་ཡི་དོན་དུ་བག་ལེབ་བཟོ་བཞིན་ཡོད། བག་ལེབ་སྟེང་དུ་བྱིས་པ་ཁྱོ་ཤུག་ཆུང་ཆུང་དག་བཟོས་ཏེ། བརྒྱ་ཉིས་བརྒྱ་བཟོས་པ་ཡིན། ཨོ་མ་རེད། ད་ལྟ་ལ་ཐུག་གི་བར་དུ་ཕལ་ཆེར་སྟོང་ཁ་ལག་ལ་བུད་ཡོད་ངེས། ” དེ་ནི་བརྗོད་པ་ཚད་ལས་འདས་པ་ཞིག་ཡིན་ཞིང་འཚོ་བ་ཡི་བདེ་སྐྱིད་ཀྱང་ཤོར་ལ་ཡོད་པའི་མི་ཞིག་ཡིན། ཁོས་རྩུབ་སྤྱོད་ཅན་གྱི་མགྲོན་པོ་དག་ལ་དེ་བཞིན་ཕར་རྩུབ་སྤྱོད་བྱེད་བཞིན་ཡོད་ལ། ཡང་ཁོས་ཞོགས་པ་རེ་རེར་བུ་ཕྲུག་ཤོར་སོང་བའི་ཕ་མ་དག་ལ་བག་ལེབ་སྟེར་གྱིན་ཡོད་པ་རེད། སྤྱིར་བག་ལེབ་ནི་མེ་ཏོག་ལས་ཀྱང་མཛེས་པ་ཞིག་ཡིན་མོད། འོན་ཀྱང་། རང་ཉིད་ཆེས་གཙོ་བོ་དེ་རེད།
  ཆགས་ས་གནས་ས་མེད་པའི་སྡུག་བསྔལ་ཅན་གྱི་ཕ་མ་དག་བག་ལེབ་ཚོང་ཁང་དུ་བསྡད་དེ། ཐེ་ཚོམ་མེད་པའི་ངང་བག་ལེབ་བཟས་ཤིང་། སྐད་ཅིག་ཙམ་ལ་ཁོ་ཚོས་རང་གི་མནར་སེམས་དང་དཀའ་སྡུག་སྐྱོབ་པ་རེད། དེ་དག་ཚང་མ་ཞེན་ལོག་ཅིང་སུན་སྣང་སྐྱེས་པའི་བག་ལེབ་ཚོང་བདག་དེ་ཡི་སྟེང་ནས་ཀུན་སློང་བཟང་པོའི་ངང་བཞིན་དུ་བྱུང་བ་རེད།
  དེ་ནི་ཁཱའོ་ཧྥོ་ཡི་ཞི་འཇམ་གྱི་གནས་རེད། མུན་ནག་ཏུ་ལྷུང་འཇུག་མཁན་གྱི་མི་སྣ་ཡོད་པ་མ་རེད། ཁཱའོ་ཧྥོ་ཡིས་སྡུག་བསྔལ་འབྲི་དོན་ཁོ་རང་སད་དུ་མི་འཇུག་རྒྱུའི་ཆེད་དུ་མ་ཡིན་པར། དེ་ནི་མི་ཚེ་ནི་མ་གཞི་ནས་དེ་འདྲ་ཞིག་ཡིན་པས་རེད། འོན་ཀྱང་། ད་དུང་སྡོམ་རྩིས་བྱས་ན་དྲོ་སྐྱིད་ལྡན་པ་འགའ་རེའང་ཡོད་པ་རེད། ཁོས་དཀའ་སྡུག་ཅི་འདྲ་ཞིག་ལ་འཕྲད་ཀྱང་མ་འཕྲད་པ་ལྟར་བྱེད་ངེས་པས། དོན་ངོ་མས་ཁོ་ནི་དོན་གྱིས་ཞི་འཇམ་གྱི་མི་ཞིག་རེད། ཁཱའོ་ཧྥོ་ཁོ་དགོང་ལོ་ལྔ་བཅུའི་སྟེང་འཇིག་རྟེན་འདི་དང་ཁ་གྱེས་པ་རེད། སྐབས་དེར་ཁོ་གཉེན་འཐོར་བྱུང་ཡོད་པ་དང་། ཆང་བཅད་པ། བརྩམས་སྒྲུང་གིས་རྒྱལ་ཁ་ཆེན་པོ་ཐོབ་ཡོད་པ་སོགས་རེད། དེ་ལྟར་ཁོ་རང་འཇིག་རྟེན་འདི་དང་ཁ་མ་བྲལ་བའི་ཡར་སྔོན་བར་དུ་ཁོས་སྐབས་ཐོག་དེའི་ཁེར་རྐྱང་གི་མི་དེ་དང་བགྲོ་གླེང་མང་པོ་མཛད་དེ། ཁོ་རང་ཆེས་དགའ་བའི་བྱ་བ་གང་མང་ཞིག་སྒྲུབ། ད་དུང་ཁོས་ཆེས་མཐའ་མཇུག་གི་སྙན་ངག་ཅིག་བྲིས་པ་ནི།

《མཐའ་མཇུག་གི་དྲན་ཚུལ་ཐོར་བུ།》

འཛེམ་དོགས་ཅི་ཡང་མེད་པའི་ངང
ཁྱོད་ཀྱིས་ཐོབ་པ་ཡོད་ལ་མ་འཐོབ་པའང་ཡོད
མི་ཚེ་གང་བོར་འཐོབ་པར་འདོད་དམ
ངས་ཐོབ་སོང
ཡང་ན ཁྱོད་ལ་མཁོ་བ་དེ་ཅི་ཞིག་རེད
དེ་ནི་རང་ཉིད་དགའ་བའི་མི་དེའི་དོན་དུ་དང བརྩེ་སེམས་རེད
དེ་ནི་འཇིག་རྟེན་འདི་ལ་དགའ་བའི་རྟགས་མཚན་རེད
  གལ་ཏེ་ཁོ་བོས་རེ་ཐག་ཆད་པའི་མི་རྣམས་ཀྱིས་ནམ་གུང་གི་སྐབས་སུ་ཁཱའོ་ཧྥོ་ལ་ཁ་པར་གཏོང་དུ་འཇུག་ནུས་ཚེ། རང་ཉིད་ཀྱི་སྡུག་བསྔལ་དག་སྐད་གསེང་དམའ་མོའི་ངང་ལྷུག་བརྗོད་བྱེད་དུ་འཇུག་ངེས། རེད་དེ། སྐུ་ཞབས་ཁཱའོ་ཧྥོ་ལགས། ཁྱེད་ཀྱི་ཁ་པར་ཨང་གྲངས་དེ་ག་རེ་ཡིན་ནམ།

__________________________________

                                    2015/1/14ཉིན་བསྒྱུར་གྲུབ།


                                              སྙུག་བཅུད་ལེན་གྱིས་༢༠༡༥ལོའི་རྒྱ་ཡིག་གི<<ཀློག་པ་པོ>>ལས་གདམས་བསྒྱུར་བྱས།

 

(མཆོད་མེའི་པར་དབང་གཞན་གྱིས་དགོལ་མི་རུང)

 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།