པཎྚིཏ་ར་ཧུ་ལའི་སྐུ་ཚེའི་ལོ་རྒྱུས་བསྡུས་པ།

ཏུའུ་ཡུང་པིན། (杜永彬) 琼迈文学网 2026-01-06

  ར་ཧུ་ལའི་མིང་ཆ་ཚང་ལ་ར་ཧུ་ལ•ཧྲིན་ཁི་རུ་ཏུ་ཡ་ཡཱན(罗睺罗·珊克日迪雅衍)ཞེས་ཟེར་ལ། ཁོང་ནི་རྒྱ་གར་གྱི་མིང་དུ་གྲགས་པའི་རིག་གནས་པ་དང་ཆབ་སྲིད་པ་ཞིག་ཡིན། སྤྱི་ལོ༡༩༨༣ལོའི་ཟླ༤བའི་ཚེས༩ཉིན་ཞིང་བའི་ཁྱིམ་ཚང་ཞིག་དུ་འཁྲུངས་པ་དང་། དེ་ནི་རྒྱ་གར་བྱང་ཕྱོགས་ཀྱི་མངའ་སྡེ་(Uttar pradesh)ཨ་བཙན་དགའི་(Azangarh)བྲམ་ཟེའི་རུས་རྒྱུད་དུ་གཏོགས་པ་ཞིག་ཡིན། ཁོའི་ཡབ་ཆེན་ཕན་རྡེ་(Govardhan Pandey)ལགས་ནི་ཞིང་བ་ཞིག་ཡིན་ལ། རུས་རྒྱུད་གོང་མའི་པཱོ་ཧར་(Bhumihars)ཀྱི་ཁོངས་སུ་གཏོགས་པ་ཤ་སྟག་ཅིག་ཡིན་པ་དང་ཁོང་ཉིད་བྱང་ཕྱོགས་ཀྱི་མངའ་སྡེ་ཨ་བཙན་དགའི་ས་ཆའི་མཁར་གླེ་སྡེ་བ་ནས་ཐོན་པ་ཞིག་ཡིན་པར་མ་ཟད་མ་ཡུམ་ཁཱོ་ལ་ཝན་ཐེ་(Kulawanti) ཡང་སྡེ་བ་འདི་ནས་ཡིན། ར་ཧུ་ལ་ནི་སྤུན་མཆེད་བཞི་ལས་ཆེ་ཤོས་དེ་ཡིན་པ་དང་ཁོའི་བྱིས་དུས་ཀྱི་ལང་ཚོ་ནི་རྒྱ་གར་བྱང་ཕྱོགས་ཀྱི་པི་ཧཱ་རའི་མངའ་སྡེ་ནས་བསྐྱལ་བར་གྲགས། ཆུང་དུས་ནས་ཨ་ཕྱིས་གཉོར་སྐྱོང་བྱས་ཏེ་ནར་སོན་པ་ཡིན་པ་དང་དེ་ཡང་ལོ༢༨སོན་དུས་སུ་མ་ཡུམ་ཚེ་ལས་འདས་དང་ཨ་ཕ་ནི་ར་ཧུ་ལ་དགུང་ལོ༤༥ སོན་དུས་ད་གཟོད་འདས་གྲོངས་སུ་ཕྱིན་པ་རེད། ༡༩༡༣ལོར་ཁོང་ཐི་ལོར་མེ་ཤོར་ཕེབས་ཏེ་ཐེ་སྨིར་ཀྱི་སྐད་སློབ་མགོ་བརྩམས། དེའི་རྗེས་སུ་ཁོ་སླར་ཨ་ཡོག་སྡི་(Ayodhya)ས་ཆར་ཕེབས་ཏེ་ཡ་ལི་ཨན་མིར་གཏོགས་པའི་ཆོས་སྤེལ་བ་ཞིག་ངོ་ཤེས་བྱུང་སྟེ་རིག་བྱེད་ཀྱི་ཆོས་ལ་སློབ་གཉེར་བྱེད་མགོ་བརྩམས་པར་མ་ཟད། ༡༩༡༥ལོར་ཁོང་ཨ་ཀུ་ལའི་ཡ་ལི་ཨན་ཞིབ་འཇུག་ལྟེ་གནས་སུ་ཕེབས་ཏེ་ལེགས་སྦྱར་གྱི་སྐད་དང་ཨ་རབ་ཀྱི་སྐད ད་དུང་ལྷ་སྒྲུང་སྐོར་གྱི་གཞུང་ལུགས་སོགས་བསླབས་པ་དང་། གཞན་དབྱིན་ཇིའི་སྐད་ཀྱི་ཆུ་ཚད་ཡང་ཆེན་པོར་མཐོར་འདེགས་སུ་ཕྱིན་པ་རེད། དེར་མཐུད་དེ་ཝེ་ཏར་མིན་Kedarnath Vidyarthi)ལྟ་བུའི་བརྩམས་ཆོས་སོགས་ཡང་འབྲི་མགོ་བརྩམས་པ་རེད། ར་ཧུ་ལ་སྐུ་ན་གཞོན་དུས་ཡུལ་ཕྱོགས་གང་སར་ཉུལ་ཏེ་མཐོང་ཐོས་དྲན་རེག་གི་ཤེས་བྱ་མང་དུ་བསགས་པ་དང་། སློབ་ཆེན་གྱི་དུས་ཚོད་ནི་ཀོར་ཁི་(Gorki) སློབ་གྲྭ་ཆེན་མོ་ཞེས་པ་འདི་ནས་བསྐྱལ་བར་གྲགས།

  དེ་ཡང་ཁོང་ཉིད་ལོ་ན་དྲུག་བདུན་ཙམ་ནས་བཟུང་ཕྱུ་པ་ལྭ་རིང་གྱོན་ནས་ལེགས་སྦྱར་གྱི་སྐད་བསླབས་མྱོང་ལ། ཁོང་ཉིད་ཕར་ས་མཱ་སི་(Parasa Math)དགོན་ཞེས་པ་དེའི་གཞུག་སྐྱོང་བའམ་རྒྱུད་འཛིན་པར་ཡང་བགྲངས་ཡོད་པ་རེད། འོན་ཀྱང་ཐབས་ཆགས་པའི་ཆོས་ལུགས་ཀྱི་ཆོ་ག་དང་ཕར་ས་མཱ་སི་དགོན་གྱི་དམ་དྲགས་པའི་འཚོ་བ་རོལ་སྟངས་སོགས་ཀྱིས་ཁོ་ལ་གནོན་ཤུགས་མི་ཉུང་ཞིག་སྦྱིན་པ་རེད། དེ་བས་ཁོ་ཕྱིར་འབུད་ཀྱིས་སླར་ལྷོ་ཕྱོགས་ས་ཆར་ཡུལ་སྐོར་དུ་བསྐྱོད་པ་རེད།

  ར་ཧུ་ལས༡༩༡༥-༡༩༢༢ལོ་ལ་སྐྱ་རེངས་གསར་བའི་དུས་སྐབས་ཞེས་འབོད་ཅིང་། སྐབས་འདིའི་རིང་ལ་ཁོས་མུ་མཐུད་དུ་ལེགས་སྦྱར་སྐད་ལ་སྦྱངས་བརྩོན་བྱས་པར་མ་ཟད་ལྷ་ཚོགས་ཞེས་པའི་རྩ་འཛུགས་ཞིག་ལ་ཞུགས་པ་དང་། དེ་ནི་རྒྱ་གར་གྱི་སྲོལ་རྒྱུན་རིག་གནས་ཀྱི་རིན་ཐང་སླར་གསོ་བྱེད་པར་བསྐུལ་བའི་ལས་འགུལ་ལམ་རྩ་འཛུགས་ཞིག་རེད། གཞན་ཡང་ཁོ་ལ“རང་དབང་བསམ་བློ་བའི”ཆོ་ལོ་ཞིག་བསྩལ་ནས་ཡོད་ཅིང་། ཡོད་ཚད་གཞན་བརྟུན་དང་ལད་མོའི་རྗེས་སུ་ཟློས་འགྲོ་བྱེད་པ་དག་ལ་རྒོལ་ཞིང་སྡང་བ་ཞིག་ཡིན་ཏེ་མཇུག་མཐར་ཁོང་ཉིད་ཆབ་སྲིད་ཀྱི་ལས་འགུལ་དག་ཏུ་ཞུགས་མགོ་བརྩམས། ༡༩༡༧ལོར་་ལུ་ཁཱོ་ནོ་ནས་བཙུན་པ་ཅེ་ཞི(觉喜)ལགས་ལ་འཕྲད་པ་དང་དེ་ནས་བཟུང་ནང་བའི་བསྟན་པ་ལ་ཡང་བློ་ཕྱོགས་མགོ་བརྩམས་པ་རེད། ༡༩༡༨ལོར། ཁོས་ཨུ་རུ་སུར་བྱུང་བའི་༡༩༡༧ལོའི་ཟླ༡༡པའི་ཚེས༧གྱི་གསར་བརྗེ་དེ་ལ་ལྷག་ཏུ་དོ་སྣང་བྱེད་མགོ་ཚུགས་པ་དང་། དེའི་རྗེས་ཀྱི་ལོ་ངོ་དུ་མའི་རིང་ལ་གུང་ཁྲན་རིང་ལུགས་པའི་རྒྱལ་ཁབ་ཞིག་འཛུགས་རྒྱུར་ཡང་ཕུགས་རེ་བྱས་མྱོང་བར་མ་ཟད། སྒོས་སུ་ལེགས་སྦྱར་སྐད་ཀྱི་ལམ་ནས་འདི་ལྟ་བུའི་ཕུགས་བསམ་གྱི་ལས་ཀ་ཞིག་ལ་རྟོག་བཟོའམ་བློ་བཟོ་ཡང་མང་དུ་བྱས་བ་རེད། ཁོ་རང་འདུལ་སྡོམ་(戒严法)དུས་སྐབས་དངོས་སུ་བརྒྱུད་མྱོང་ལ། བདག་ཉིད་ཆེན་པོ་མ་ཧཱ་གན་རྡིས་སྣེ་ཁྲིད་བྱས་བའི“བདེན་ལུགས་མཐའ་འཁྱོལ་བྱེད་པའི་ལས་འགུལ”(Satyagraha)ལ་ཡང་ཞུགས་པ་རེད། ༡༩༢༠ལོར་ར་ཧུ་ལར་བྱང་ཆུབ་ཆེན་མོ་ཚོགས་པའི་རྒྱབ་སྐྱོར་ཐོབ་པ་རང་ལྷན་དུ་རྒྱ་གར་གྱི་ཡུལ་གནས་འགངས་ཆེན་དག་ལ་བསྐྱོད་པ་དང་། ད་དུང་སྔོན་གྱི་ནང་བའི་གནའ་ཤུལ་མང་པོ་ཞིག་ཡང་ངོ་ཤེས་བྱུང་ཞིང། དེ་དག་སླར་གསོའི་བྱེད་པའི་བྱ་བའི་མགོ་ཡང་ཚུགས་པ་རེད།

  ༡༩༢༡ལོར་ཁོང་ཉིད་རྒྱལ་ཏང་ཆེན་པོར་ཞུགས་པ་དང༡༩༢༢ལོར་ཁོས་པཱ་པཱ་རམ་ཏ་ཟི(Baba Ramodar Das)ཞེས་པའི་མིང་ཐོག་ནས་བྱང་ཆུབ་ཆེན་མོའི་ཚོགས་པར་དངོས་སུ་ཞུགས་པ་རེད། བྱང་ཆུབ་ཆེན་མོ་ཚོགས་པས་རྩ་འཛུགས་བྱས་པའི་རྩ་མཆོག་གྲོང་གི་འདུ་འཛོམས་དང་སྟོན་པ་བཅོམ་ལྡན་འདས་མངོན་པར་རྫོགས་པའི་སངས་རྒྱས་པའི་གནས་མཆོག་འདི་ཉིད་ཀྱི་སླར་གསོའི་བྱ་བའི་གྲས་སུ་ཡང་འབད་པས་ཞུགས་པ་རེད། ལོ་འདི་ལ་《དུས་རབས་ཉེར་གཅིག》ཅེས་པའི་བརྩམས་སྒྲུང་ཞིག་ཡང་ལེགས་འགྲུབ་བྱུང་ལ། དེ་ལས་ཁོས་ཨུ་རུ་སུའི་ཟླ་བཅུ་བའི་གསར་བརྗེ་ལ་བཟུང་བའི་འདོད་བློའམ་ལྟ་ཚུལ་མངོན་མཚོན་བྱས་ཡོད་པ་རེད། ལོ་དེའི་རྗེས་མར་བལ་ཡུལ་དུ་རྟོག་ཞིབ་དུ་ཕེབས་པར་མངོན། དེ་ཡང་སྐབས་འདིར་ཁོས་དབྱིན་ཇིའི་སྲིད་སྐྱོང་ལམ་ལུགས་ལ་རྒོལ་བའི་གཏམ་བཤད་ཡོངས་ཁྱབ་དུ་སྤེལ་བས་དེ་མུར་བཙོན་དུ་བཟུང་ཤིང་། བཙོན་ཁང་ནས་ཐཱོ་རོ་སི་ཅིའི་《པུ་ཧྲི་ཝེ་ཁེའི་ལམ་ལུགས་དང་འཛམ་གླིང་གསར་བརྗེ》ཞེས་བྱ་བའི་བརྩམས་ཆོས་བཀླགས་ལ། ད་དུང་ལེགས་སྦྱར་གྱི་ཡི་གེའི་ལམ་ནས་ཆབ་སྲིད་རང་བཞིན་ཅན་གྱི་སྙན་རྩོམ་འབྲི་བ། 《ཀུ་རན་གསུང་རབ》ལེགས་སྦྱར་སྐད་ལ་བསྒྱུར་བ། གཞན་བཙོན་གྲོགས་དག་ལ《ཉེར་གུས་ཀྱི་མདོ》(Upanishad)དང་《རིག་བྱེད་ཀྱི་མདོ》(Vedanta)སོགས་ལྟ་བུའི་མཚན་ཉིད་སྐོར་གྱི་བརྩམས་ཆོས་ཡང་ཟུར་ཁྲིད་བྱས་པ་རེད།

  ཟླ་ངོ་དྲུག་གི་རྗེས་སུ་བཙོན་གྲོལ་བཏང་བ་དང་ས་གནས་རང་བཞིན་གྱི་རྒྱལ་ཏང་ཆེན་པོའི་ཧྲུའུ་ཅི་ལ་ཡང་བདམས་ཐོན་བྱུང་བ་རེད། ༡༩༢༣ལོར་ཁོས་བལ་ཡུལ་ནས་ཀྲུང་གོ་ནས་ཐོན་པའི་ནང་བའི་རྗེས་འཇུག་པ་དང་སློབ་གཉེར་བ་དག་ལ་མཇལ་འཕྲད་གནང་བ་དང་། ཕྱིར་རྒྱ་གར་དུ་ཕེབས་རྗེས་སླར་ཡང་སྔར་གྱི་སྲིད་དང་འགལ་བའི་གཏམ་བཤད་སྤེལ་བས་དབྱིན་ཇི་བས་བཀག་བསྐྱིལ་བྱས་པ་ལགས། སྐབས་འདིར་ཁོས་ཧིན་རྡུའི་སྐད་ཀྱིས་བྲིས་བའི《ཀྲུང་ཉི་ཅ་ཞེ་མདོ》ཞེས་པ་དེ་བཀླགས་པ་དང་། ད་དུང་དབྱིན་ཇིའི་བརྩམས་སྒྲུང་ཁག་བཞི་རྒྱ་གར་རང་སའི་སྐད་དམ་ཧིན་རྡུའི་སྐད་(印地语)ལ་བསྒྱུར་བ་མ་ཟད་ཧྥ་རན་སིའི་སྐད་ཡང་སློབ་མགོ་ཚུགས་པ་རེད། ༡༩༢༦ལོར་བཙོན་གྲོལ་བཏང་བ་རྗེས་ལ་དྭགས་དང་གངས་ཅན་པའི་གནས་རི་གྲགས་ཅན་གངས་རིན་པོ་ཆེ་ལ་སོགས་པར་ཡུལ་སྐོར་དུ་བསྐྱོད་པ་དང་། རིམ་བཞིན་ལ་ཧུར་དང་སུབ་ཐེ སིངྒ་ལ་སོགས་སུ་བསྐྱོད་དེ་མེར་ཐཱེའི(Meerut)ཡུལ་ནས་ཧ་ནན་ཏ་སི(Harnamdas) ལགས་དང་མཇལ་བ་རེད། དེ་ཡང་དམ་པ་འདི་ཉིད་ནི་རྗེས་སུ་སྐད་གྲགས་ཆོད་པའི་བཙུན་པ་ཨ་ནན་ཞེས་བྱ་བ་དེ་ཡིན་ལ། མཐར་ཁོང་གཉིས་སྐུ་ཚེ་གང་བོར་ཕན་ཚུན་འབྲལ་མེད་དུ་གནས་བའི་གྲོགས་པོར་གྱུར་བ་རེད།

  སྐབས་འདི་ལ་སིངྒ་ལའི་ཀྲི་ཡན་ནང་བསྟན་སློབ་གླིང་(Sirinivasa Nayaka Thera)ལ་ལེགས་སྦྱར་གྱི་སྐད་ལ་མཁས་པའི་དགེ་རྒན་ཞིག་མཁོ་བ་དང་། ཏག་ཏག་དེ་ཙམ་ལ་བྱང་ཆུབ་ཆེན་མོ་ཚོགས་པའི་ཐཱེ་ལའི(Sirinivasa Nayaka Thera)མཚམས་སྦྱོར་བརྒྱུད་ཏེ་ར་ཧུ་ལ་༡༩༢༧ལོའི་ཟླ༥བར་སློབ་གྲྭ་འདིར་ཕེབས་པ་སྟེ་ལོ་གཅིག་དང་ཕྱེད་ཀ་ཙམ་གྱི་རིང་ལ་སློབ་ཁྲིད་བྱེད་པའི་ཞོར་ལ་སིང་ག་ལའི་ཡི་གེ་ལ་སློབ་གཉེར་དང་ནང་བསྟན་དང་འབྲེལ་བའི་ཡིག་ཚགས་ལ་ཡང་ཞིབ་འཇུག་བྱས་པ་རེད། གཞན་ད་དུང་ཧིན་རྡུའི་སྐད་གཞིར་བཟུང་ནས་སིང་ག་ལའི་སྐོར་གྱི་དེབ་ཅིག་བརྩམས་པར་མ་ཟད་ལེགས་སྦྱར་སྐད་ཀྱི་ལམ་ནས་སློབ་དཔོན་དབྱིག་གཉེན་གྱི་《མངོན་པ་མཛོད》ལ་འགྲེལ་བ་ལྟ་བུའི་ཟིན་བྲིས་ཞིག་ཡང་བཏབ་པ་རེད།༡༩༢༨ལོར་ཁོས་ཧཱ་ནན་ཏ་སི་ལགས་སིང་ག་ལར་གདན་དྲངས་བ་རེད། ར་ཧུ་ལ་ཉིད་རྒྱ་གར་གྱི་གུང་ཁྲན་ཏང་ཡོན་པ་ཡིན་པར་མ་ཟད་རྒྱ་གར་ཡོངས་ཀྱི་ཞིང་བའི་མནའ་འབྲེལ་ཚོགས་པ (All India Kisan Sabha)འཛུགས་མཁན་ཡང་ཡིན་པ་རེད།

  ར་ཧུ་ལ་གང་སར་ཡུལ་སྐོར་དུ་ཕེབས་པའི་ཞོར་ལ“རྒྱ་གར་གྱི་རང་དབང་ལས་འགུལ་”(IndianndianFreoment)ལ་ཞུགས་པར་མ་ཟད། དབྱིན་ཇིར་རྒོལ་བའི་བརྩམས་ཆོས་དང་གཏམ་བཤད་སོགས་སྤེལ་བས་སྔ་པྱིར་ཐེངས་གསུམ་ལ་བཙོན་དུ་བཅུག གཞན་ཡང་ཁོང་ནང་ཆོས་ལ་དད་པ་བྱེད་མཁན་དུ་གྱུར་པར་མ་ཟད། མར་ཁེ་སིའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཡང་དང་དུ་བླངས་པ་རེད། ༡༩༢༩ལོར་བོད་ལྗོངས་དུ་ཐེངས་དང་པོར་རྟོག་ཞིབ་གནང་བར་ཕེབས་པ་དང་། དབྱིན་ཇི་བའི་ཉེན་ཞིབ་ལས་གཡོལ་ཆེད་སྔོན་ལ་ནེ་པ་ལར་ཕེབས་པ་དང་དེ་རྗེས་གནས་མཇལ་པར་རྫུས་ནས་རྐང་ཐང་དུ་རི་བོ་ཧི་མ་ལ་ཡ་འཕྲེད་ཀྱིས་བཅད་དེ་ལྷ་སར་ཕེབས་པ་རེད། ད་རེས་རྟོག་ཞིབ་བྱེད་སྐབས་ཁོང་གིས་བོད་ཡིག་གི་ཚད་ལྡན་ཡིག་ཆ་འབོར་ཆེན་སྡུད་སྒྲུག་གནང་ཞིང་། རྗེས་སུ་བསམ་ཡས་དང་སྣར་ཐང་། ཞྭ་ལུ བཀྲ་ཤིས་ལྷུན་པོ་སོགས་བརྒྱུད་དེ་རྒྱ་གར་དུ་ཕྱིར་ལོག་གནང་བ་རེད། ༡༩༣༠ལོའི་ཟླ་༧པར། ར་ཧུ་ལ་དངོས་སུ་རབ་ཏུ་བྱུང་བ་དང་ཆོས་མིང་ལ་ཧྲན་ཁི་རུ་ཏུ་ཡ་ཡཱན•ར་ཧུ་ལ(罗睺罗·珊克日迪雅衍)ཞེས་གསོལ་བ་རེད། ད་དུང་ལོ་དེར་《སངས་རྒྱས་ཀྱི་མཛད་རྣམ》(Buddha Caryaa)ཞེས་པའི་བརྩམས་ཆོས་འདི་ཡང་ལེགས་འགྲུབ་བྱུང་བ་རེད། 1932ལོར། ར་ཧུ་ལ་དང་ཨ་ནན་གཉིས་ཀྱིས་བྱང་ཆུབ་ཆེན་མོ་ཚོགས་པའི་ཚབ་བྱས་ཏེ་ལོན་ཏོན་དུ་ནང་ཆོས་དར་སྤེལ་བྱེད་དུ་བཏང་བ་དང་། ཕྱིས་སུ་ཧྥ་རན་སི་དང་འཇར་མན་བརྒྱུད་ནས་སླར་རྒྱ་གར་དུ་ཕྱིར་ལོག ༡༩༣༣ལོར་ར་ཧུ་ལ་དང་ཨ་ནན ཅཱ་ཡེ་པོ་བཅས་སིངྒ་ལར་འཛོམས་པ་དང་ཁོང་ཅག་ལ་རྒྱ་གར་གྱི་ནང་བསྟན་བསྐྱར་དར་གྱི“སྐྱེས་བུ་དམ་པ་གསུམ”ཞེས་པའི་ཆོ་ལོ་ཡང་བསྩལ་ཡོད་དོ།

  ཁོང་ཅག་གི་མཛད་རྗེས་གལ་ཆེན་གཅིག་ནི་པཱ་ལིའི་སྐད་དུ་གནས་པའི་སངས་རྒྱས་ཀྱི་གསུང་རབ་དག་ཧིན་རྡུའི་སྐད་དུ་བསྒྱུར་པ་དང་། དེའི་ཞོར་ལ་བྱང་ཆུབ་ཆེན་མོའི་ཚོགས་པ་ནས་པར་བསྐྲུན་ཡང་བྱས་པ་རེད། ༡༩༣༤ལོ་ནས་༡༩༣༨ལོའི་བར་ར་ཧུ་ལ་ཐེངས་གསུམ་ལ་བོད་ཀྱི་ས་ཆར་རྟོག་ཞིབ་བྱེད་པར་ཕེབས་པ་དང་། ལེགས་སྦྱར་སྐད་དུ་གནས་བའི་སངས་རྒྱས་ཀྱི་གསུང་རབ་སོགས་བསྡུ་བསྒྲིགས་དང་འཚོལ་ཞིབ་བྱས་ཏེ་མཐར་རིགས་སྣ༨༠ལྷག་ཙམ་ཁྱེར་ཕྱིར་བར་མ་ཟད། སངས་རྒྱས་ཀྱི་གསུང་རབ་ཁག་ཅིག་ད་དུང་ལེགས་སྒྲིག་དང་པར་བསྐྲུན་ཡང་གནང་བ་རེད། དེའི་རིང་ལ་འཇར་པན་དང་ཁྲའོ་ཞན། ཀྲུང་གོའི་མན་ཇུ་ལི། སུའུ་ལེན་དང་དབྱི་རན་སོགས་ལའང་བསྐྱོད་པ་རེད།

  ༡༩༣༥ལོར་ཁོང་མན་ཇུ་ལི་བརྒྱུད་དེ་མེ་འཁོར་ལ་བསྡད་ནས་མོ་སི་ཁོར་ཕེབས་པ་དང་། ནང་བསྟན་ལ་མཁས་པའི་སྐུ་ཞབས་ཧྲེའར་པ་ཚེ་ཅི་དང་འཕྲད། ༡༩༣༧ལོར་སུའུ་ལེན་ཚན་རིག་ཁང་གི་གདན་ཞུས་ལྟར་རོ་སྒྲ་ལུའོ་ཡིས་ལེ་ཉིང་ཀེ་ལེར་སློབ་གྲྭ་ཆེ་བའི་ནང་དུ་གསུང་བཤད་གནང་བ་དང་། དེའི་ཡུན་ལ་ཁོང་གིས་སློབ་གྲྭ་དེའི་རྒྱ་བོད་སྡེ་ཁག་(印藏系)གི་བུད་མེད་དྲུང་ཡིག་དང་མོང་གོལ་རིག་པའི་ཞིབ་འཇུག་མི་སྣ་ལུའོ་ལ་(Ellllena Narvertomna Kozeromaya aka aka Lola)དང་ཕན་ཚུན་ངོ་ཤེས་བརྒྱུད་ནས་གཉེན་སྒྲིག་བྱས་པ་སྟེ། མཐར་རབ་བྱུང་གི་མནབས་བཟའ་ཕུད་ནས་སྐྱ་སར་བུད་པར་མ་ཟད་ད་དུང་ཁོང་གཉིས་ལ་དབྱི་ཀེར་(Igor) ཞེས་པའི་བུ་ཆུང་ཞིག་ཡང་འཁྲུངས་བ་རེད།

  ༡༩༣༨ལོར་ར་ཧུ་ལ་སུའུ་ལེན་ནས་ཕྱིར་རྒྱ་གར་དུ་ལོག་ནས་རྒྱ་གར་ཡོངས་ཀྱི་གུང་ཁྲན་ཏང་ནང་ཞུགས། རྗེས་སུ་ཡང་ཞིང་པའི་ལས་འགུལ་ནང་ཐེངས་གཉིས་ཞུགས་ནས་བཙོན་ཁང་དུ་བཅུག ཐེངས་དང་པོར་ཟླ་བ་ཁ་ཤས་ལ་བཙོན་དུ་བསྡད་པ་དང་། ཐེངས་གཉིས་པར་ཟླ ༢༩ལ་ཁྲིམས་ཐག་བཅད་པ་རེད། ཁོང་གིས་བཙོན་ཁང་ནང་ཧིན་རྡུའི་སྐད་ཀྱི་ཐོག་ནས་《མཐོང - མཐོང་རྒྱ》--- 《མའོ་ནུའུ་རྣམ་བཤད།》《ཧྥུར་ཅཱ་གཙང་བོ་ནས་ཆུ་བོ་གངྒའི་བར》སོགས་ཀྱི་བརྩམས་ཆོས་མཛད། ༡༩༤༣ལོར་ར་ཧུ་ལ་བཙོན་ཁང་ནས་ཐོན་རྗེས་ཕྱིར་ཕ་ཡུལ་དུ་ལོག་པ་དང་ ༡༩༤༥ལོར་སུའུ་ལེན་སྲིད་གཞུང་གིས་ར་ཧུ་ལ་ཡང་བསྐྱར་ལེ་ཉིང་ཀེ་ལེའི་སློབ་ཆེན་དུ་རྒྱ་གར་གྱི་རིག་གནས་ལོ་རྒྱུས་ཁྲིད་པའི་དགེ་རྒན་ཆེ་མོར་གདན་ཞུ་གནང་བ་དང་། གཞན་ད་དུང་སློབ་གྲྭ་དེ་ག་ནས་རྒྱ་གར་གྱི་སྐད་དང་བོད་ཡིགནང་བསྟན་གྱི་གཏན་ཚིགས་རིག་པ་སོགས་ཁྲིད་པར་ཁོང་གི་བཟའ་ཟླ་ལུའོ་ལ་དང་བུ་ཆུང་དབྱི་ཀེར་དང་མཉམ་དུ་ཕེབས་རྒྱུའི་གདན་ཞུ་གནང་བ་རེད་མོད། འོན་ཀྱང༡༩༤༧ལོར་ཁོང་རྒྱ་གར་དུ་ལོག་སྐབས་ཁོང་གི་ཆུང་མ་དང་བུ་ཕྲུག་གཉིས་སླར་ཡང་གནས་གཞན་དུ་བགྲོད་པའི་ཆོག་མཆན་ཐོབ་མེད་པས་རེ་བ་དོན་སྨིན་དུ་མ་བྱུང་། གོ་ཐོས་སུ་ར་ཧུ་ལ་ཡིས་ཕྱིས་སུ་སླར་ཡང་ནེ་པ་ལའི་བུད་མེད་ཞིག་མནའ་མར་བླངས་པ་མ་ཟད།བུ་མོ་ཅ་ཡའི(Jaya)དང་བུ་ཆུང་ཅེ་ཏ་(Jeta)གཉིས་ཡང་སྐྱེས་པ་རེད། རྒྱ་གར་དུ་ལོག་རྗེས་ཁོང་གིས་ཨ་ལ་ཧ་པ་ཏེ་རུ་བཙུགས་པའི“ཧིན་རྡུའི་སྐད་ཡིག་རྩོམ་རིག་མཐུན་ཚོགས”ཀྱི་དྲུང་ཡིག་ཆེན་མོར་གནང་བ་དང་འབྲེལ་རྒྱ་གར་སྲིད་གཞུང་གིས་ཡིག་སྒྱུར་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ལ་ཡང་བསྐོ་གཞག་གནང་བ་རེད། ཁོང་གིས་ཧིན་རྡུའི་སྐད་ཀྱི་ལམ་ནས《སྲིད་འཛིན་དོ་དམ་གྱི་ཐ་སྙད་ཚིག་མཛོད》རྩོམ་འབྲི་བྱས། ༡༩༤༨ར་ཧུ་ལ་ད་ལྟ་སྤྱོད་བཞིན་པའི་སྐད་བརྡའི་སྲིད་ཇུས་ལ་བློ་ཡིད་མ་རངས་པས་རྒྱ་གར་ཡོངས་ཀྱི་གུང་ཁྲན་ཏང་ནས་ཕྱིར་འབུད་བྱས་པ་རེད།

  ༡༩༥༦ལོར་ཁོང་གིས་ཨན་པེ་ཁ་སོགས་པའི་སྣེ་ཁྲིད་པའི་ནང་བསྟན་ཆོས་ལུགས་བཅོས་བསྒྱུར་བྱེད་པའི་ལས་འགུལ་ལ་ཕྱོགས་ཡོངས་ནས་རྒྱབ་སྐྱོར་བྱས་པ་མ་ཟད། རྩོམ་ཡིག་སྤེལ་ནས་ནང་བསྟན་ཆོས་ལུགས་བཅོས་བསྒྱུར་བྱེད་པའི་ལས་འགུལ་གྱིས་རྒྱ་གར་ལོ་རྒྱུས་ཐོག་གི་སྔར་བྱས་ཀྱི་བཀྲགས་མདངས་འཚེར་བའི་གཟི་བརྗིད་དག་སླར་གསོ་བྱེད་ཐུབ་པ་དང་། འདི་ལྟར་བྱས་ན་ད་གཟོད་རྒྱ་གར་སྡུག་གི་མཚོ་མོ་ལས་སྐྱོབ་ཐུབ། གང་ལགས་ཞེ་ན། རིགས་རྒྱུད་དམའ་བའི་མི་ཚོགས་ལ་འདྲ་མཉམ་གྱི་གནས་བབ་མ་ཐོབ་གོང་རྒྱ་གར་ཧྲིལ་པོར་སྐྱོབ་ཐུབ་ཀྱི་མེད་པས་རེད་ཅེས་གསུངས་བ་རེད། ༡༩༥༨ལོའི་ཟླ༦པར་ཀྲུང་གོ་ནང་བསྟན་མཐུན་ཚོགས་ཀྱི་གདན་ཞུས་ལྟར་ར་ཧུ་ལ་པེ་ཅིན་དང་ཀྲུང་གོའི་ཤར་རྒྱུད་ས་ཁུལ་སོགས་སུ་སློབ་ཁྲིད་གནང་བར་ཕེབས། ༡༩༥༩ལོར་ཁོང་ཕྱིར་ལོག་ནས་དེ་སྔ་སློབ་ཁྲིད་གནང་མྱོང་བའི་སིང་ག་ལའི་ཀྲི་ཡན་ནང་བསྟན་སློབ་གླིང་དུ་མུ་མཐུད་དགེ་རྒན་ཆེ་མོ་བ་གནང་བ་རེད། ༡༩༦༡ལོར་ནད་ཀྱི་རྐྱེན་པས་རྒྱ་གར་དུ་ཕྱིར་ལོག་པ་དང་རྗེས་སུ་སུའུ་ལེན་དུ་སྨན་བཅོས་བྱེད་པར་བསྐྱལ་ཡང་ད་དུང་དྲག་སྐྱེད་མ་བྱུང་། ༡༩༦༣ལོའི་ཟླ་༤པའི་ཚེས་༡༤ཉིན་གཅིན་སྙི་ཟ་ཁུའི་ནད་དང་ཁྲག་ཤེད་མཐོ་བའི་ནད་སོགས་ཀྱི་རྐྱེན་པས་རྡོ་རྗེ་གླིང་དུ་ཚེ་ལས་འདས། སྐུ་ཚེ་གང་བོར་དགུང་ལོ༦༠ལ་བཞུགས་པ་རེད།

                                            པདྨ་དོན་འགྲུབ་ཀྱིས་བསྒྱུར། 

རྩོམ་སྒྲིག་པ། དབང་མོ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

པཎྚིཏ་ར་ཧུ་ལའི་སྐུ་ཚེའི་ལོ་རྒྱུས་བསྡུས་པ།

2026-01-06 ཏུའུ་ཡུང་པིན། (杜永彬) ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།