སྣ།

ཨ་ཁུ་ཐ་ག་ཝ·རུའུ་ནོ་སུ་ཁེས་བརྩམས། བསོད་ནམས་ཡེ་ཤེས་དང་ལྷ་མཚོས་བསྒྱུར། 琼迈文学网 2026-11-25

  ནང་མཆོད་བསམ་གཏན་ཤེས་རབ་ཀྱི་སྣ་ལ་ཁྲི་བེའི་རྒྱུད་དུ་གསལ་ཆ་མེད་མཁན་གཅིག་ཀྱང་མེད།ཁོའི་སྣར་སོར་ལྔ་དྲུག་ཙམ་གྱི་རིང་ཐུང་ཡོད་དེ།ཡ་ཁ་ནས་མ་ནེའི་འོག་ཏུ་ཕྲ་སྦོམ་མེད་པའི་རྒྱུ་མ་ཞིག་དང་འདྲ་བར་གདོང་དཀྱིལ་དུ་སྦོ་ལུག་གིས་དཔྱངས་འདུག

  ནང་མཆོད་ཀྱི་དགུང་ལོ་བརྒྱ་ཕྱེད་བརྒལ་ཡོད་དེ།གྲྭ་པ་ཆུང་ཆུང་ནས་ད་བར་གྱི་ཆོས་ར་ནང་མའི་བསྙེན་བཀུར་བྱེད་ཡུལ་ཏུ་འཕར་བའི་ལོ་ངོ་དེ་འདྲའི་རིང་ལ།ཁོའི་སེམས་སུ་གྲོལ་དཀའ་བའི་འཆིང་རྒྱ་ཞིག་ཡོད་པ་ནི་སྣ་དེ་རེད།འོན་ཀྱང་ཕྱི་ཚུལ་ནས་ཁོས་སྣང་དོགས་གང་ཡང་མི་བྱེད་ཁུལ་དང་། རྩ་བ་ནས་སེམས་སུ་བཟུང་མེད་མདོག་བྱེད།དེ་ནི་ཁོ་རང་གྲྭ་པ་ཞིག་ཡིན་པས་རྣམ་དག་གིས་ཆོས་བསྒྲུབ་སྟེ་མཐོ་རིས་སྙེག་འོས་པ་ལས།སྣ་ཞིག་གི་དོན་ཏུ་སེམས་ཚེགས་བྱས་ན་ཚུལ་ལ་མི་མཐུན་པ་མ་ཟད།ད་དུང་སྣ་ནི་ཁོའི་སེམས་ནད་ཅིག་ཡིན་པ་གཞན་ལ་ཤེས་སུ་འཇུག་མི་འདོད་པས་ཡིན།དུས་རྒྱུན་གྱི་ཁ་བརྡའི་ཁྲོད་དུའང་ནང་མཆོད་ཀྱིས་སྣའི་ཐ་སྙད་སྐོར་ལ་འཛེམ་སྣང་ཆེན་པོ་བྱེད།

  ནང་མཆོད་སྣའི་དོན་དུ་མགོ་ན་བར་རྒྱུ་རྐྱེན་གཉིས་ཡོད་དེ།གཅིག་ནི་སྣ་རིང་དྲག་པས་སྟབས་བདེ་པོ་མེད།གསོལ་བཅའ་གནང་སྐབས་ཀྱང་འཇོན་ཁག་ཅིང་།རང་གཅིག་པུས་བཟས་ན་སྣ་རྩེ་གསོལ་ཕོར་དུ་བྱན་སྲིད་པས།དགེ་ཕྲུག་ཅིག་ཁ་གཏད་ནས་ཙོག་སྟེ།ཞེང་ལ་སོར་གང་དང་སྲིད་ལ་གྲུ་དོ་ཡོད་པའི་དབྱུག་པས་གདེག་དགོས་ཀྱི་ཡོད།འོན་ཀྱང་འདི་ལྟར་ཟས་བཅའ་ལ་རོལ་ཚེ།དགེ་ཕྲུག་དང་ནང་མཆོད་གཉིས་ཀའི་ཐུགས་སུ་འགྲོ་དཀའ།ཐེངས་ཤིགགྲྭ་པ་གཞན་ཞིག་གིས་དགེ་ཕྲུག་གི་ཚབ་ཏུ་ནང་མཆོད་ཀྱི་སྣ་བསྐྱོར་པར།གྲྭ་ཕྲུག་དེས་སྣ་སྦྲིད་ཅིག་བརྒྱབ་སྟེ་ལག་པ་འཁྱལ་བས་ནང་མཆོད་ཀྱི་སྣ་འབྲས་ཁུའི་ནང་དུ་གླན།དོན་དེ་ཅུང་ཙམ་ནས་རྒྱལ་ས་རུ་ཡང་ཁྱབ་པར་གྱུར།རེད་དེ།འདི་ནི་ནང་མཆོད་སྣ་ལ་སུན་པའི་རྒྱུ་རྐྱེན་གཙོ་བོ་གཏན་ནས་མིན།དོན་དུ།ནང་མཆོད་ཡི་མུག་པ་ནི།སྣ་ཡིས་ཁོའི་ལ་རྒྱ་ཤོར་བར་བྱས་སོང་སྙམ་གྱིན་ཡོད།

  ཁྲི་བེ་ཁྲོམ་གྱི་མི་ཚང་མས་“ནང་མཆོད་ནི་གྲྭ་བ་ཞིག་རེད།མ་གཏོགས་བུ་མོ་སུ་གནས་ལ་ཡོང་སྲིད་དམ་”ཟེར།ད་དུང་ཁོ་སྣ་འདི་འདྲ་ཡིན་པས་རབ་ཏུ་བྱུང་བ་ཡིན་ཐང་’’ཟེར།འོན་ཏེ་ནང་མཆོད་ལ་རང་ཉིད་གྲྭ་པ་ཡིན་མོད་སྣའི་ཆེད་དུ་སེམས་ཁྲལ་བྱེད་མི་དགོས་པའི་གོ་རྟོགས་གང་ཡང་མི་འདུགཁོ་བོའི་ཚོར་བ་སྐྱེན་ཞིང་ནང་སེམས་ཉམ་ཆུང་བས།བག་མ་ལོན་མིན་གྱི་གནད་དོན་ཕྲན་བུས་ཀྱང་སེམས་གདུང་བས་གཟིར་གྱིན་ཡོད།དེ་བས།ནང་མཆོད་ཀྱིས་དགའ་བྲོད་དང་སྐྱོ་ཞུམ་སྟེ་ཕྱོགས་གཉིས་ཀྱི་ཐད་ནས་ཁོ་བོའི་རྨ་ཁ་ཤོར་བའི་ལ་རྒྱ་སླར་གསོ་བྱེད་པར་སྙམ།

  ཐོག་མར་ཁོའི་བསམ་གཞིག་བྱ་ཡུལ་ནི་སྣ་ཇི་ལྟར་ཐུང་དུ་འཇུག་པ་དེ་ཡིན།ཁོ་རང་གཅིག་པུའི་སྐབས་སུ།མེ་ལོང་དུ་སྣའི་ཕྱོགས་སོ་སོ་ལ་ལྟ་བར་བྱས།སྐབས་ལ་རེར།ངོ་གདོང་གི་འཁོར་ཕྱོགས་ཙམ་གྱིས་མི་ཕན་སྙམ་སྟེ།ལག་པས་འགྲམ་ཡས་སྐྱོར་བ་དང་།མཛུབ་མོས་མ་ནེ་མནན་ཏེ།ངལ་བ་མེད་པར་བཅའ་བཅོས་བྱས།ཡིན་ཡང་། སྣ་ཐུང་དུ་སོང་ནས་ཡིད་ཚིམ་པའི་དུས་ཤིག་མ་ཡོད།ལྷག་ཏུ།སྐབས་རེར་ཁོས་ངལ་བ་ཅི་ཙམ་སྤྱད་ཀྱང་སྣ་དེ་ཙམ་གྱིས་རིང་བར་མངོན།དེ་དུས་ཁོས་མེ་ལོང་སྒམ་ཏུ་བཅུག་སྟེ་དབུགས་རིང་རེ་ཕྱུང་བ་དང་། སྐྱོ་སྣང་དྲག་པོས་ཆོས་ཁྲིའི་མདུན་ཏུ་ལོག་སྟེ་སྤྱན་རས་གཟིགས་ཀྱི་མདོ་ཀློག་པར་བྱེད།

  ད་དུང་།ཁོས་གཞན་གྱི་སྣ་ལ་ལྷག་པར་དོ་སྣང་བྱེད།ཁྲི་བེ་དགོན་དུ་ནམ་རྒྱུན་ཆོས་འཆད་ཉན་གྱི་ལས་མང་དུ་མཆིས་པས།མི་ཚོགས་ཀྱིས་འཚང་ཁ་ཤིག་ཤིག་བྱེད་ལ།ཁྲུས་ཁང་དུའང་ཉིན་རྒྱུན་ཆུ་ཁོལ་སྐོལ་བཞིན་ཡོད་དེ། སྐྱ་སེར་འགྲོ་འོང་གི་རྒྱུན་མི་ཆད།ནང་མཆོད་ཀྱིས་གཟབ་ནན་ངང་མི་དེ་དག་གི་ངོ་གདོང་ལ་མཉམ་འཇོག་བྱས་ཏེ།རང་ཉིད་ཀྱི་སྣ་དང་འདྲ་བ་ཞིག་མཐོང་བར་རེ་ཞིང་། ཕྱོགས་ཙམ་འདྲ་བས་ཀྱང་སེམས་ཀྱི་འཆིང་རྒྱ་གྲོལ་ངེས་སྙམ་གྱིན་ཡོད།ལི་མདོག་གི་རྩེ་ཞྭ་དང་ན་བཟའ་ནག་སྐྱ་སོགས་ནི་མིག་ལམ་ནས་གཟུགས་བརྙན་ཙམ་དུ་སྣང་ཞིང་།མཐིང་མདོག་གི་ཟླ་གམ་དང་དུང་མདོག་གི་དངུལ་གཟན་ནི་དེ་བས་ཀྱང་མཐོང་ཡུལ་དུ་མེད། འདྲེན་བྱེད་དུ་བཟུང་བ་ནི་མི་རྣམས་ཀྱི་སྣ་རྐྱང་རྐྱང་ཡིན་པ་འདྲ།ཡིད་ཕངས་བ་ལ་གླག་མཆུ་དང་འདྲ་བའི་སྣ་ཡོད་མོད།ཁོའི་སྣ་དང་འདྲ་བ་ཞིག་ཅི་ལྟར་བཙལ་ཀྱང་མ་རྙེད། ཁོའི་སེམས་སྔར་ལས་སྐྱོ་སྣང་གིས་ཁེངས།འགྲམ་གྱི་མི་རྣམས་ཀྱིས་ལབ་གླེང་བྱེད་སྐབས།ཁོས་རང་དབང་མེད་པར་ཐུར་ཏུ་དཔྱངས་པའི་སྣ་རྩེ་ལ་ཡང་ཡང་རེག་ནས་འདང་རྒྱག་ཏུ་ལྷུང་།མི་ཚེའི་ཕྱེད་ཀ་ཡོལ་ཡང་སེམས་ཀྱི་འཆིང་རྒྱ་ལས་བསླངས་བའི་སྐྱོ་སྣང་གིས་ངོ་གདོང་ནམ་ཡང་སྐྱེངས་ནས་དམར་པོར་འགྱུར་འགྲོ།

  མཐའ་མར་ནང་མཆོད་ཀྱིས།གལ་ཏེ་མདོ་སྡེ་དང་གཙུག་ལག་སོགས་ཀྱི་ཁྲོད་ནས་ཁོ་བོའི་སྣ་དང་མཚུངས་པ་ཞིག་རྙེད་ན།སེམས་ལ་བདེ་བ་སྟེར་ཐུབ་སྙམ།འོན་ཀྱང་མདོ་གང་དུའང་མོང་གོལ་གྱི་བུ་དང་ཤཱ་རིའི་བུ་ལ་སྣ་རིང་པོ་ཞིག་ཡོད་པ་བཀོད་མེད་ལ།འཕགས་པ་ཀླུ་སྒྲུབ་དང་སློབ་དཔོན་དཔའ་བོ་སོགས་ལ་ཡང་རྒྱུན་ལྡན་གྱི་སྣ་ལས་མེད།རྒྱ་ནག་གི་གཏམ་རྒྱུད་ལས་ཧན་ཤར་མའི་ལིའོ་ཞན་ཏི་ལ་རྣ་བ་རིང་པོ་ཞིག་ཡོད་པར་བཀོད་ཡོད་པ་ཐོས།ནང་མཆོད་ཀྱིས་གལ་ཏེ་ལིའོ་ཞན་ཏིའི་སྣའང་ཁོའི་སྣ་དང་འདྲ་བ་ཞིག་ཡིན་ན་ཅི་མ་རུང་སྙམ།

  ནང་མཆོད་ཀྱིས་ཕྱོགས་གཅིག་ནས་སྐྱོ་ཞུམ་གྱིས་དེའི་དོན་ཏུ་སེམས་ངལ་བྱས།ཕྱོགས་གཞན་ཞིག་ནས་ངལ་བ་ཁྱད་དུ་བསད་དེ་ཐབས་སྣ་ཡོད་རྒུ་བཏོན་ནས་སྣ་ཇེ་ཐུང་དུ་གཏོང་བར་ཚོད་ལྟ་བྱེད་བཞིན་ཡོད་པ་ནི་བཤད་མ་དགོས་པ་ཞིག་རེད།ཁོས་བྱ་ཐབས་མང་པོ་ལ་ཚོད་ལྟ་བྱས་མྱོང་སྟེ།ས་ཀུབ་གྱི་ཁུ་བ་ལུམས་ནས་འཐུང་བ་དང་།སྣ་མགོར་ཙི་གུའི་གཅིན་པ་བྱུག་པ་སོགས་བྱས་ཀྱང་སྣའི་རིང་ཐུང་ལ་སྔར་བཞིན་སོར་ལྔ་དྲུག་ཙམ་འདུག་སྟེ།སྔར་བཞིན་ཡ་ཁ་ནས་མ་ནེའི་འོག་ཏུ་དཔྱངས་ཡོད།

  ལོ་ཞིག་གི་སྟོན་ཁར།ནང་མཆོད་ཀྱི་དགེ་ཕྲུག་གིས་རྒྱལ་སར་དོན་དག་བསྒྲུབས་ཞོར་ནས།ཁྲང་ལི་དགོན་པར་རབ་ཏུ་བྱུང་ཡོད་པའི་རྒྱ་ནག་གི་ལྷ་རྗེ་ཞིག་གི་མདུན་ནས་སྣ་ཇེ་ཐུང་ཏུ་གཏོང་བའི་མན་ངག་རྙེད་དེ་ཡོང་།

  ནང་མཆོད་ཀྱིས་སྔར་བཞིན་སྣ་ལ་དོ་སྣང་མི་བྱེད་མདོག་བསྟན་ཏེ།བསམ་བཞིན་ཏུ་མན་ངག་དེར་ཚོད་ལྟ་བྱེད་རྒྱུར་འགོར་འགྱངས་བྱས།འོན་ཏེ་ཕྱོགས་གཞན་ནས།ཁོས་ཀྱང་ཞི་ལྷོད་ངང་ནམ་རྒྱུན་ཟས་ལ་རོལ་སྐབས་དགེ་ཕྲུག་ལ་དཀའ་ལས་གཏོད་དགོས་པས་བློ་བདེ་མོ་མེད་པ་སོགས་གླེང་བར་བྱེད།སེམས་ནས་དགེ་ཕྲུག་ཚོས་ཁོ་ལ་ཚོད་ལྟ་བྱོས་ཟེར་བར་རེ་སྒུག་བྱས་ནས་ཡོད།དགེ་ཕྲུག་ཚོས་ཀྱང་ནང་མཆོད་ཀྱི་སེམས་ཚོར་རྟོགས་ངེས་ཏེ། ཁོའི་སྡུག་བསྔལ་ལ་སྙིང་རྗེ་སྐྱེས་ནས།རེ་སྒུག་བྱས་པ་ལྟར་ནང་མཆོད་ལ་ཚོད་ལྟ་བྱེད་དགོས་པའི་རེ་ཞུ་ཡང་ཡང་བྱས།ཁོས་ཀྱང་སྐབས་བབས་གསེག་གཅོད་ཀྱིས་དགེ་ཕྲུག་ཚོའི་ཁར་ཉན།

  མན་ངག་དེ་ནི་ཧ་ཅང་སླ་མོ་ཡིན་ལ།སྔོན་དུ་ཆུ་ཚ་ཡིས་སྣ་སྦོང་བ་དང་།དེ་ནས་རྐང་རྫི་བྱེད་དུ་བཅུག་པས་འཐུས།

  དགོན་པའི་ཁྲུས་ཁང་ཏུ་ཉིན་རྒྱུན་ཆུ་ཁོལ་སྐོལ་བས།དགེ་ཕྲུག་གིས་ཁོག་མའི་ནང་ཆུ་ཁོལ་བསུས་ནས་ཡོང་།ཆུ་ཁོལ་ཚ་དྲག་པས་མཛུབ་མོ་ཡང་འཚིག་པར་བྱེད།གལ་ཏེ་ཐད་ཀར་སྣ་དེའི་སྦང་ན་དྲོད་རླུང་གིས་ངོ་གདོང་འཚིག་པར་དོགས་ནས།ཤིང་གཞོང་གྲུ་བཞི་ཞིག་ཁོག་མའི་སྟེང་བཀབ་སྟེ།ཤིང་གཞོང་དུ་བུ་ག་བརྟོལ་བ་དང་དེའི་ནང་དུ་སྣ་བསྲིང་ནས་སྦངས་ནའང་།སྣ་འཚིག་པའི་སྣང་བ་གང་ཡང་མ་ཤར།

  ཅུང་ཙམ་ནས་དགེ་ཕྲུག་གིས“སྦང་ཚར་རམ”ཟེར།ནང་མཆོད་སྨྲ་བསམ་བརྗོད་མེད་ངང་ལུས།སྐད་ཆ་རྐྱང་བ་དེར་ཉན་ན།སྣ་ལ་གོ་བ་སུས་ཤེས་སམ།ཁོའི་སྣ་ཆུ་ཁོལ་གྱིས་སྦངས་ནས་ཟ་འཕྲུག་ལངས་ཏེ་ཤིག་གིས་ཟ་བ་དང་མཚུངས།

  ནང་མཆོད་ཀྱིས་སྣ་ཤིང་གཞོང་གི་བུ་ག་ལས་བཏོན་པ་ན།དགེ་ཕྲུག་གིས་རླངས་པ་འཐིབ་བཞིན་པའི་སྣ་ལ་ཤུགས་ཅི་ཡོད་ཀྱིས་བརྫིས། ནང་མཆོད་གསེག་ཉལ་གྱིས་སྣ་པང་གཅལ་ཏུ་བཞག་ནས་ཡོད།མིག་མདུན་དུ་དགེ་ཕྲུག་གི་རྐང་པ་གཉིས་ཀྱིས་ཡར་མར་ལ་རྡོག་རྫིས་བྱེད་པ་མ་གཏོགས་མི་མཐོང་།དགེ་ཕྲུག་གིས་ཤ་ཚ་བའི་རྣམ་འགྱུར་ཡང་ཡང་མངོན་བཞིན་ནང་མཆོད་ཀྱི་མགོ་རིལ་ལ་བལྟས་ནས།ཁྱེད་ལ་ན་ཟུག་འདུག་གམ།ལྷ་རྗེས་བཤད་ན་ཤུགས་ཀྱིས་བརྫི་དགོས་ཟེར།འོན་ཀྱང་།ཟུག་གཟེར་ཆེ་ངེས་ཡིན།

  ནང་མཆོད་ཀྱིས་མགོ་བོ་གཡུག་ནས་མི་ན་བའི་ལན་བླན་འདོད་ཀྱང་།སྣ་རྐང་འོག་ཏུ་བརྫིས་ཡོད་པས་མགོ་བོ་ཇི་ལྟར་གཡུགས་ཐུབ་བམ།དེ་བས་མིག་ཟུང་ཀེམ་ཀེམ་དུ་གཡོས་ཤིང་དགེ་ཕྲུག་གི་རྐང་པའི་སེར་ག་ལ་བལྟས་ནས་མ་དགའ་བའི་ངང་སྐྱོན་མི་འདུག་ཅེས་བཤད།

  དོན་དུ་སྣའི་ཟ་འཕྲུག་ལངས་སར་རྡོག་བརྫིས་བྱས་ཚེ་ཟུག་གཟེར་མེད་དེ།ཧ་ཅང་བདེ་བའི་ཚོར་བ་སྟེར།དུས་ཡུན་རིང་ཙམ་ལ་རྡོག་བརྫིས་བཏང་རྗེས།སྣ་སྒང་དུ་འབྲས་རྡོག་འདྲ་བའི་དངོས་རྫས་མང་དུ་ཐོན་ཞིང་།ཕྱི་དབྱིབས་ནི་བྱ་ཤ་བསྲེགས་མ་དང་འདྲ།སློབ་མས་བརྫི་མཚམས་བཞག་སྟེ།གོ་ཐོས་ལྟར་ན་ཇེམ་ཙེས་བཏོན་དགོས་ཟེར་ཞེས་ཆིག་ལབ་བརྒྱབ།

  ཞེ་མི་བདེ་བའི་ནང་མཆོད་ཀྱིས་མཁུར་བ་བརྒྱངས་ནས་སློབ་མས་ཅི་བྱས་དང་དུ་བླངས།ཁོས་རང་གི་དགེ་ཕྲུག་གིས་བསམ་བཟང་བཅིངས་ཡོད་པ་གསལ་ལེར་ཤེས་ནའང་།གདོང་གི་སྣ་ཅ་ལག་ཅིག་དང་འདྲ་བར་བཙིར་བརྫི་བྱས་པས་སེམས་མི་སྐྱིད་པ་འབའ་ཞིག་གིས་ཁེངས།ནང་མཆོད་ཁོང་ཡིད་རྟོན་མེད་པའི་སྨན་པ་ཞིག་གིས་གཤག་བཅོས་བྱེད་པ་ལྟར།ཤིན་ཏུ་མི་འཐད་པའི་ཉམས་ཀྱིས་ཇེམ་ཙེས་སྣ་སྒང་ནས་ཚིལ་རིལ་འདོན་པའི་དགེ་ཕྲུག་ལ་བལྟས་ནས་བསྡད།སྒྲོ་རྐང་ལྟར་མངོན་པའི་ཚིལ་རིལ་གྱི་སྲིད་ལ་སོར་ཕྱེད་ཙམ་འདུག

  དེ་ལྟར་བྲེལ་བ་ལྷོད་རྗེས།དགེ་ཕྲུག་གིས་དབུགས་རིང་ཞིག་དབྱུང་སྟེ།ད་དུང་ཐེངས་གཅིག་སྦངས་པས་འགྲིག་ཅེས་སྨྲས།

  ནང་མཆོད་སྔར་ལྟར་སྨིན་མ་བསྡུས་ཤིང་།གདོང་ལ་མི་འདོད་པའི་ཉམས་ཀྱིས་གཡོགས་ཏེ་དགེ་ཕྲུག་གི་སྣ་བཅོས་བྱ་བར་གཞོགས་འདེགས་བྱས།

  སྣ་བསྐྱར་དུ་ཐེངས་གཅིག་སྦངས་རྗེས།དངོས་གནས་སྔར་ལས་ལྡབ་ཀྱིས་ཇེ་ཐུང་དུ་སོང་ཞིང་།སྤྱིར་བཏང་གི་གླག་མཆུའི་སྣའི་ཆེ་ཆུང་དང་ཕལ་ཆེར་ཁྱད་པར་མེད།ནང་མཆོད་དགེ་ཕྲུག་གིས་སྤྲད་པའི་མེ་ལོང་ལ་ཁ་གཏད་དེ།ཐུང་བར་གྱུར་པའི་སྣ་ལ་རེག་ཅིང་།འཛེམ་འཛེམ་བཙའ་བཙའ་དང་།དོགས་མི་བདེ་བའི་ངང་ཡང་ཡང་བལྟས།

  སྔོན་ཆད་ཀྱི་ཡ་ཁ་ནས་མ་ནེའི་འོག་བར་དུ་དཔྱངས་པའི་སྣ།ད་བར་སྒྱུ་འཕྲུལ་བསྟན་པ་བཞིན་འཁུམས་ཏེ།མདངས་ཉམས་མདོག་སྡུག་ངང་ཡ་ཁའི་སྟེང་ན་ཤི་མ་གསོན་དུ་མཆིས།སྣ་ངོས་སུ་ད་དུང་དམར་ཐིག་གདོང་དྲེགས་བཞིན་ལུས་པ་ནི་རྡོག་བརྫིས་བྱས་ཤུལ་ཡིན་ངེས།དེ་ལྟར་ན།ད་ནི་སུས་ཀྱང་བདག་ལ་འཕྱ་དགོད་བྱེད་མི་ཡོང་།མེ་ལོང་ཁྲོད་ཀྱི་ནང་མཆོད་མེ་ལོང་ཁ་གཏད་ཀྱི་ཁོ་རང་ལ་བལྟས་ནས།འདོད་བློ་ཚིམ་པའི་ངང་མིག་རྡེབ་ཙམ་རྡེབ་ཙམ་བྱས།

  རེད་དེ།སྣ་ཡང་བསྐྱར་ཇེ་རིང་དུ་འགྲོ་སྲིད་དམ་སྙམ་ནས་ནང་མཆོད་ཉིན་གང་བོར་བག་ཕེབས་སུ་གནས་མ་ཐུབ།ཁ་ཏོན་སྒྲུབ་སྦྱོང་དང་གསོལ་ཚིགས་བཞེས་རོལ་སོགས་ཀྱི་བར་གླགས་ནས་ཁོམ་ལོང་ཙམ་བྱུང་ཚེ།འཕྲལ་དུ་ལག་པས་སྣ་རྩེར་ཐུག་རེག་བྱས།དགའ་འོས་པ་ཞིག་ལ།སྣ་དེ་འདོད་པ་ཇི་བཞིན་ཡ་ཁའི་སྟེང་དུ་ཚུལ་བཞིན་དུ་གནས་ཤིང་།མར་འདྲུད་པའི་བཟོ་ཡེ་ནས་མི་འདུགཞག་གཅིག་འགྱངས་རྗེས།ནང་མཆོད་སྐྱ་མཐའ་མ་བཀྱགས་གོང་ནས་གཉིད་ལས་སད་ཅིང་སྣ་ལ་རེགསྣ་སྔར་བཞིན་ཐུང་ཐུང་དུ་གནས་པས།ཁོའི་ཡིད་སེམས་སྤྲོ་བས་བརྟས་ཤིང་།དམ་ཆོས་པད་མ་དཀར་པོ་ཚར་གཅིག་བཤུས་པའི་དགེ་བ་ཐོབ་སོང་བ་བཞིན་ལོ་མང་པོར་འདི་འདྲ་སེམས་སྐྱིད་པོ་མ་བྱུང་།

  འོན་ཏེ།ཉིན་འགའི་རྗེས་ལ།ཁོས་བློ་ཡུལ་ལས་འདས་པའི་དོན་དངོས་ཤིག་ཤེས་རྟོགས་བྱུང་ཞིང་།སྐབས་དེར་བང་མི་ཞིག་ལས་དོན་གྱི་དབང་གིས་ཁྲི་བེ་དགོན་དུ་འབྱོར་ཞིང་།ཁོས་ནང་མཆོད་ཀྱི་སྣ་མིག་གིས་ཟ་བ་བཞིན་འཚོས་ཏེ་བཤད་རྒྱུའི་སྐད་ཆའང་དྲན་ཤེས་ལས་སྟོར་བ་མ་ཟད།གདོང་གི་རྣམ་འགྱུར་གྱིས་ནང་མཆོད་ཀྱི་སྣ་ནི་དེ་སྔོན་ལས་ཀྱང་དགོད་བྲོ་བར་འདུག་ཅེས་སྨྲ་བ་དང་མཚུངས།ད་དུང་དེ་སྔོན་ཁོའི་སྣ་འབྲས་ཁུར་གླན་མཁན་གྱི་གྲྭ་ཕྲུག་དེས་འདུ་ཁང་ཕྱི་རོལ་ནས་ཁོ་མཐོང་སྐབས།དང་ཐོག་མགོ་བོ་སྒུར་ཞིང་གད་མོ་འགོག་ཐབས་བྱས་ཀྱང་།ཐེངས་ཤིག་བསྲན་མ་ཐུབ་པར་ཕུ་ཆི་ཞེས་དགོད་སྒྲ་ཤོར།གཞན་ནང་མཆོད་ཀྱིས་རང་གི་མདུན་འདུག་ཚོར་བཀའ་བསྒོ་གནང་སྐབས་ཀྱང་།མིག་སྔུན་ནས་ཁོ་ཚོས་གུས་ཉམས་ཆེན་པོས་ཉན་མོད།ཁ་ཕྱིར་འཁོར་མ་ཐག་ལྐོག་བགད་བྱེད་ཅིང་།དེ་ཡང་ཐེངས་གཅིག་གཉིས་ཙམ་ག་ལ་ཡིན།

  ནང་མཆོད་ཀྱིས་ཕལ་ཆེར་དེ་ནི་རང་གི་གདོང་བྱད་ལ་འགྱུར་ལྡོག་གསར་བ་བྱུང་བས་ཡིན་སྙམ་ཞིང་།དོན་གྱིས་གྲྭ་པ་དག་དགོད་ཁ་ཤོར་བའི་གནད་ཀྱང་དེ་ག་རང་དུ་འདུག་ནའང་།ཁོས་དེ་ནི་རྒྱུ་མཚན་ཉག་གཅིག་ཡིན་པར་རློམ་ཐབས་བྲལ།དེ་སྔོན་དང་བསྡུར་ན།ད་ལྟའི་དགོད་ཤོར་བར་ནང་དོན་གཞན་ཞིག་འདྲེས་ཡོད་པ་འདྲ།གལ་ཏེ་སྣ་རིང་བོར་ལྟ་རྒྱུ་གོམས་སོང་བས།སྣ་ཐུང་ཐུང་དེ་ལྷག་པར་ཉམས་མཚར་བ་ཞིག་རེད་ཟེར་ན་གཞན་ཅི་བསམ་རྒྱུ་མེད་ཀྱང་།ནང་མཆོད་ཀྱིས་རྒྱུན་དུ་དེ་རུ་རྒྱུ་རྐྱེན་གཞན་ཞིག་བདོག་སྙམ།

  སྔོན་ཆད་ཁོ་ཚོ་དེ་འདྲའི་འཛེམ་དོགས་ཅི་ཡང་མེད་པར་ཧབ་དགོད་བྱེད་མི་སྲིད།

  ནང་མཆོད་ཀྱིས་འདོན་འཕྲོར་ལུས་པའི་ཁ་ཏོན་བསྐྱུར་ནས།འོད་ཀྱིག་ཀྱིག་གི་མགོ་གཡོན་ཏེ་ཁ་ནས་སྐབས་དང་སྐབས་སུ་དེ་ལྟར་སྐྱོར་གྱིན་འདུགརྒྱུན་པར་འདི་འདྲའི་དུས་སུ་ཁོ་རང་འཁྲིས་ཀྱི་རྩིགས་ལྡེབས་སུ་བཀལ་བའི་ཀུན་ཏུ་བཟང་པོའི་སྐུ་ལ་ཧད་ཅིང་།ཉིན་བཞི་ལྔའི་སྔོན་གྱི་སྣ་རིང་བའི་རང་ཉིད་ལ་ཕྱིར་དྲན་བྱས་ཏེ་ཡི་མུག་པར་གྱུར།དེ་ནི་ཏག་ཏག་ད་ལྟའི་འཁྱམས་པོས།།གནའ་ཡི་མཚར་སྡུག་དྲན།།ཞེས་པ་རང་རེད།ནང་མཆོད་ལ་དོགས་གནད་འདི་ཐག་གིས་གཅོད་པའི་ཤེས་རབ་ཀྱིས་དབུལ་བ་ནི་དངོས་གནས་ཡིད་ཕངས་པ་ཞིག་རེད།

  མིའི་རྒྱུད་ལ་ཕན་ཚུན་འགལ་བའི་སེམས་གཤིས་གཉིས་གོམས་ཡོད་དེ།མི་ཞིག་སྡུག་གིས་གཟིར་ཚེ་སུས་ཀྱང་སྙིང་རྗེ་སྐྱེ་སྲིད།ཡིན་ནའང་སྡུག་གིས་གཟིར་བ་གང་གལ་སྲིད་སྡུག་ལས་ཐར་སོང་ན།ཁོ་ཚོར་ཡང་རང་ཤུགས་ཀྱིས་ཐོབ་ཤོར་གྱི་ཕངས་སེམས་སྐྱེ།འུད་ཅུང་བསྲེས་ཏེ་བརྗོད་ན་ཁོ་ཚོས་ད་དུང་མི་དེས་སྔར་མཚུངས་ཀྱི་སྡུག་བསྔལ་མྱང་ན་ཅི་མ་རུང་སྙམ་ཞིང་།བསམ་གཟས་ནས་བྱས་པ་མིན་ཡང་།དྲན་མེད་ཚོར་མེད་དུ་མི་དེར་འཁོན་སེམས་བཅིངས་ནས་དགྲ་རུ་ལངས་སྲིད།ནང་མཆོད་ཀྱིས་རྒྱུ་མཚན་ཅིའི་ཕྱིར་ཡིན་མི་རྟོགས་ཀྱང་།ཁོས་ཁྲི་བེ་དགོན་གྱི་སྐྱ་སེར་ཡོངས་ཀྱི་རྣམ་འགྱུར་ལས་ལྟད་མོ་བའི་རྒྱུད་ཀྱི་དེ་འདྲའི་རང་འདོད་རིང་ལུགས་ཤིག་མངོན་ཆུང་གི་ཚོར་བས་ཟིན་པས་སེམས་སྐྱོ་མུག་གི་ཀློང་དུ་ཚུད།

  དེ་བས་ནང་མཆོད་ཀྱི་སེམས་རྒྱུད་ཇེ་ངན་ཇེ་སྡུག་ཏུ་སོང་ཞིང་།སུ་དང་གང་ལ་ཡང་ཚིག་རྩུབ་ཀྱིས་བཀའ་བཀྱོན་གནང་བར་བྱེད།མཐར་ནང་མཆོད་ཀྱི་སྣ་བཅོས་མཁན་གྱི་སློབ་མས་ཀྱང་རྒྱབ་ནས་ནང་མཆོད་ནི་ཞེ་སྡང་གི་སྡོམ་པ་དང་འགལ་བས་རྣམ་སྨིན་མྱོང་དགོས་སོ་ཞེས་སྨྲས།ནང་མཆོད་ཀྱི་ཐུགས་ལྷག་པར་དཀྲུགས་མཁན་ནི།གྲྭ་ཕྲུག་རྩེ་དགའ་ཅན་དེ་རེད།ཉིན་ཞིག་ཁོས་རྣོ་ཞིང་ཕྲ་བའི་ཁྱིའི་ཟུག་སྐད་ཐོས་ཏེ་སྒོར་བུད་ནས་བལྟས་པ་ན།གྲྭ་ཕྲུག་དེས་ཁྲུ་གཉིས་ཅན་གྱི་ཤིང་དབྱུག་གིས་ཁྱི་ངན་ཞིག་བདའ་བཞིན་པ་མཐོང་།བདའ་རྩེད་ཙམ་ཡིན་ན་ཅི་མཚར་དུ་མེད་ཀྱང་།གྲྭ་ཕྲུག་དེས་བདའ་བཞིན་དུ་ངས་ཁྱོད་ཀྱི་སྣ་ལ་རྡུང་མིན་ལྟོས་དང་ཆོག་ཅེས་སྐད་ཅོར་བརྒྱབ་པས།ནང་མཆོད་ཀྱིས་ཤིང་དབྱུག་ཕྲོགས་ནས་ཁོའི་གདོང་ལ་ཤུགས་དྲག་པོས་གཞུས།ཏག་ཏག་ཤིང་དབྱུག་ནི་སྔོན་ཆད་ནང་མཆོད་ཀྱི་སྣ་སྐྱོར་བྱེད་དེ་རེད།

  སྣ་ཇེ་ཐུང་དུ་གྱུར་ཡང་།ནང་མཆོད་དགའ་བ་ལས་ལྡོག་སྟེ་ཡིད་མ་རངས་པས་གཙེས།

  དགོང་མོར།ཉི་མ་རི་ལ་འཆེལ་རྗེས་གློ་བུར་དུ་རླུང་ལྡང་ཞིང་།མཆོད་རྟེན་ངོས་ཀྱི་དྲིལ་འཕྲེང་སིལ་སིལ་གྲགས་ཏེ།ནང་མཆོད་ཀྱི་སྔས་འགྲམ་དུ་མཆེད་པས།ཁོའི་ནང་སེམས་ཟང་ཟིང་དུ་ཆགས།དེའི་ཁར་ཙག་རླུང་གིས་རུས་གསེང་གཤགས་པས།ལོ་ན་བགྲེས་པའི་ནང་མཆོད་གཉིད་མ་ཁུག་པར་མལ་སྟན་ཐོག་འགྲེ་ལོག་རྒྱག་བཞིན་པའི་སྐབས་སུ།གློ་རྡེག་ཏུ་སྣ་མགོར་ཟ་འཕྲུག་ཁྱད་པར་བ་ལངས་ནས་ལག་པས་རེག་ཙ་ན།སྣ་རློན་གཤེར་གྱིས་སྐྲངས་ཤིང་ཚ་བ་རྒྱས་ཙམ་དུ་འདུག

  བཙན་གྱིས་སྣ་ཐུང་ངུར་བཟོས་པས་སྐྱོན་ཤོར་བ་མིན་ནམ་ཞེས་ནང་མཆོད་ཀྱིས་ཁེར་ལབ་རྒྱག་ཞོར་སངས་རྒྱས་ཀྱི་སྐུ་མདུན་དུ་བདུག་སྤོས་མེ་ཏོག་གིས་མཆོད་བཤམས་བྱེད་པ་བཞིན་གུས་སྟབས་ཆེན་པོས་སྣ་འཕུར་འཕུར་བྱས།

  ཕྱི་ཉིན།ནང་མཆོད་རྒྱུན་ལྡན་ལྟར་སྔ་མོ་ནས་སད་ཅིང་།དགོན་པའི་གསེར་སྡོང་དང་འདབ་བདུན་ལྗོན་པ་སོགས་ཞག་གཅིག་ལ་ལོ་འདབ་འཐོར།ར་སྐོར་དུ་གསེར་ཕྱེ་གཏོར་བ་བཞིན་འོད་ཆེམ་ཆེམ་དུ་སྣང་།མཆོད་རྟེན་རྩེ་ལ་བ་མོ་ཆགས་པས།སྐྱ་རེངས་ཀྱི་འཛུམ་ཟེར་ཁུད་ན་ཆོས་འཁོར་རིམ་པ་བཅུ་གསུམ་བཀྲག་མདངས་རབ་ཏུ་རྒྱས།སྒེའུ་ཁུང་ཕྱེས་འདུག་ཅིང་།ནང་མཆོད་བསམ་གཏན་ཤེས་རབ་སྒོ་ཁྱམས་སུ་བཞེངས་ནས་དལ་གྱིས་དབུགས་རིང་བརྔུབས།

  སྐབས་དེར།ཡུན་རིང་བརྗེད་ལྐུགས་སུ་གྱུར་པའི་ཚོར་བ་འཁྱམས་པོ་ཞིག་ནང་མཆོད་ཀྱི་ལུས་སྟེང་ནས་སླར་སོས་བརྒྱབས།

  ཁོས་དེ་མུར་སྣ་ལ་རེག་པ་ན།ལག་པས་མྱངས་བ་ནི་མདང་དགོང་གི་སྣ་ཐུང་ཐུང་དེ་མ་ཡིན་པར།སོར་ལྔ་དྲུག་ཙམ་རིང་བའི།ཡ་ཁ་ནས་མ་ནེའི་འོག་ཏུ་དཔྱངས་བའི་སྔོན་ཆད་ཀྱི་སྣ་དེ་རེད།ཁོས་རང་གི་སྔོན་ཆད་ཀྱི་སྣ་དེ་ཞག་གཅིག་གི་རིང་དུ་ཕྱིར་ལོག་པ་ཤེས་ལ།སྣ་ཇེ་ཐུང་དུ་གྱུར་བའི་སྐབས་དང་འདྲ་བར་ཧ་ཅང་བདེ་བའི་སྣང་བ་དེའང་ཅིག་ཅར་དུ་སླར་རྙེད་བྱུང་།

  ད་ནས་སུས་ཀྱང་བདག་ལ་འཕྱ་དགོད་བྱེད་མི་སྲིད།

  ནང་མཆོད་ཀྱིས་མཆུ་སྒྲོས་ལྷབ་ལྷབ་འགུལ་ཞོར་ཁེར་ལབ་བྱས། ཡ་ཁ་ནས་མ་ནེའི་འོག་ཏུ་དཔྱངས་བའི་སྣ་རིང་པོ་ཞོགས་པའི་སྟོན་རླུང་ཁྲོད་ན་ལྡེམ་ལྡེམ་གཡོ།

རྩོམ་སྒྲིག་པ། གངས་དགའ།

རྩོམ་ཁུངས། ངེད་དྲ་བ།

གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག   བཤེར་འཚོལ།བཤེར་འཚོལ།

སྣ།

2026-11-25 ཨ་ཁུ་ཐ་ག་ཝ·རུའུ་ནོ་སུ་ཁེས་བརྩམས། བསོད་ནམས་ཡེ་ཤེས་དང་ལྷ་མཚོས་བསྒྱུར། ཀློག་གྲངས། མཆན ཡོད།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།