གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《དཔལ་རྩལ་གྱི་བརྩམས་སྒྲུང་གསར་བ། རང་ཁྱིམ་མགྲོན་ཁང་གི་ཞག་མ་གཅིག

  • ཚེ་རིང་ནོར་བུ།ip:171.209.134.*
    2019-01-28 15:32:05
    བརྗོད་སྙིང་ཅི་ཡིན་ཤེས་མ་སོང་།
  • ས་སྙིང་།ip:182.130.20.*
    2018-10-07 13:31:45
    རྩོམ་གཤིས་ཡག་པོ་རེད་ཡཱ། དེ་དང་དེབཞིན་མང་དུ་རྩོམ་པར་མཛོད།
  • འཁྱམ་རྣ་བྷ།ip:218.249.241.*
    2015-11-04 20:05:38
    ཡག་པོ་འདུག་སྙམ།
  • 石确普尺ip:182.205.189.*
    2015-09-29 20:42:04
    不好意思,我没有藏文软件,所以只能用汉语来写,这个小说写的挺好!真的!
  • གཡགip:182.151.214.*
    2015-09-17 15:49:22
    ཕ་བོང་ནག་པོ་ལགས་ལ་ཞུ་དོན། ཁྱེད་ཀྱི་གསུངས་པའི་ཕྱོགས་དེ་བདེན་པ་རེད། སྒྲུང་དང་རྩོམ་རིག་ཙམ་མིན་པར་ལས་ཀ་གང་ལའང་དྲང་བོར་སྨྲས་པའི་གཏམ་ནི་ཕན་ཐོགས་པ་དངོས་རེད། སྒྲུང་འདི་ལ་སྐྱོན་ཡོད་པ་དང་། ལེགས་པོ་འཁྱོངས་མེད་པར་སྨྲས་པའང་བདེན་པར་ངེས་སྙམ། གཞན་ཡང་ཁ་ལ་རེག་པོས་ཉིད་ལ་རེ་བ་ཞུས་པ་བཞིན་ཞིབ་པར་གསུངས་རོགས་ཞུ།
  • ཁ་ལ་རེག་པོ།ip:182.140.39.*
    2015-09-17 15:18:27
    ཕ་བོང་ནག་པོ་ལགས་ཀྱིས་དཔལ་རྩལ་གྱི་སྒྲུང་གཏམ་འདིའི་སྒྲིག་གཞི་དང་སྡེབ་སྦྱོར་སོགས་མི་འདང་བའི་ཆ་དེ་བྱེ་བྲག་ལ་བབས་ནས་གསུང་རོགས། དེ་མིན་སྤྱི་བཤད་ཙམ་བྱས་པའི་ཕན་ཐོགས་པ་མ་རེད།
  • ཕ་བོང་ནག་པོip:110.166.254.*
    2015-09-16 22:56:44
    དེང་སྐབས།བོད་ཀྱི་ན་གཞོན་ཤེས་ཡོན་པར་རློམ་མཁན་འགའ་རེས།རང་གི་མཛའ་བཤེས་སྤུན་མཆེད་གྲོགས་པོ་
    སོགས་ཀྱི་ཁ་ངོ་དང་རང་གི་ཁེ་གྲགས་ཅུང་ཙམ་གྱི་ཆེད་དུ།གཞན་རྩོམ་གྱི་
    བཟང་ངན་ལར་ནས་མི་ཤེས་ཀྱང་།ཤེས་མདོག་གིས་མི་བཟང་ཡང་བཟང་ཟེར།བརྩམས་སྒྲུང་འདི་ཡང་བརྩམས་སྒྲུང་གི་གཏམ་རྒྱུད་ཀྱི་སྒྲིག་གཞི་དང་སྡེབ་སྦྱོར་སོགས་མི་ལེགས་ཀྱང་བསམ་བཞིན་ལེགས་ཟེར།དེ་ལྟ་དེ་ལྟར།དེང་སང་
    བོད་ཀྱི་ཚད་ལྡན་དུས་དེབ་སྦྲང་ཆར་སོགས་ཀྱི་རྒྱུ་སྤུས་ཀྱང་ཇེ་ཞན་ནས་ཇེ་ཞན་དུ་འགྱུར་བཞིན་ཡོད་ལ།བོད་ཀྱི་དུས་དེབ་ཆེ་ཤོས་སྦྲང་ཆར་རྩོམ་སྒྲིག་ཁང་གིས་ཀྱང་ངོ་སོ་ལྐོག་འབྲེལ་སོགས་ཀྱི་ལས་ཀ་གཉེར་གྱི་ཡོད་དེ།དཔེར་ན།དུས་དེབ་དེའི་རྩོམ་སྒྲིག་པ་ཨ་སྨྱོན་བཀྲ་ཤིས་དོན་གྲུབ་ཟེར་བ་དེས་ཐབས་བརྒྱ་ཇུས་སྟོང་གིས་རང་གི་བརྩམས་ཆོས་ཨ་མ་དང་ཙིག་མ་ཟེར་བའི་སྒྲུང་ཡང་མིན་པའི་གཏམ་རྒྱུད་དེར་སྦྲང་ཆར་རྩོམ་རིག་བྱ་དགའ་བྱིན་པ་ནི་མཚར་རོ།།མཁའ་འགྲོ་ཚེ་རིང་བ་ཟེར་བ་དེས་བརྩམས་སྒྲུང་ཕར་ཞོག   ཉིན་ཐོ་ཙམ་ཡང་འབྲི་མི་ཤེས་ཀྱང་དུས་དེབ་སྦྲང་ཆར་གྱི་བརྩམས་སྒྲུང་ལེ་ཚན་གྱི་འགན་ཁུར་ཡོད་པ་ནི་དགོད་བྲོའོ།།
    ལར་ཁ་བ་རི་བོའི་སྤུན་ཟླས་ཕན་ཚུན་ལ་ཕྲག་དོག་མི་བྱེད་ལ་ངོ་སོའང་སྲུང་རེས་མི་བྱེད་པར་དད་ལྡན་མི་རིགས་ཤིག་གི་བྱ་བ་རྣམས་བསྒྲུབ་ན་བཟང་ངོ་།།གནས་ལུགས་སེམས་ཀྱིས་བརྩི་ཞོར་ཁ་དྲང་མོས་སྐད་ཆ་བཤད་དགོས་སོ།།
  • ཁ་ལ་རེག་པོip:182.140.39.*
    2015-09-16 11:13:24
    ཉིད་ཀྱི་སྒྲུང་ཐུང་བཀླགས་རྗེས་ངས་སྒྲུང་གཏམ་པ་གྲགས་ཅན་ཨུའུ་ཧིན་ལས་ཀྱི“把灯打开,我不想在黑暗中回家”ཞེས་པ་དེ་དྲན་སོང་།
  • གཡགip:182.151.214.*
    2015-09-15 14:44:33
    ཨི་ཐ་ལིའི་འཁྲབ་ཁྲིད་པ་ཐོར་ནཱ་ཐོ་རེ་ནི་ང་རང་དགའ་ཤོས་བྱེད་པའི་འཁྲབ་ཁྲིད་པ་ཞིག་ཡིན་ཞིང་། ཁོང་གི་དག་ཞིང་གི་གློག་བརྙན་ཁང་དང་། མཱ་ལིན་ནཱ་སོགས་ལ་ཡང་དང་ཡང་དུ་བལྟས་ཤིང་། འགྱུར་ཁུག་ལྷོད་མོ་ཡི་གདུང་མ་བརྟན་ཆེ་བས། བརྗོད་བྱ་ལྗིད་མོ་དེ་འདྲ་བཏེགས་ཡོད་པ་དང་། ཨི་ཐ་ལི་ཁོ་ཚོའི་ལུགས་ཀྱི་སྤྲོ་དགའ་དང་རྩེ་དགོད་ཀྱིས་སྡུག་བསྔལ་གཏོས་ཆེ་བ་གསལ་ལ་མི་གསལ་བར་བཏང་བ་སོགས་ཀྱིས་དང་བ་འཕྲོག་མྱོང་། དེའི་ཕྱིར་སྐབས་ཤིག་རིང་ལ་མཚོ་ཁའི་གྲོང་ཁྱེར་ཝེ་ནེ་སི་རུ་བོད་པ་ཞིག་ཡུན་རིང་འཐོར་བའི་གཉེན་ཉེ་བཙལ་བར་སོང་བའི་སྒྲུང་ཞིག་བློས་བླངས་མྱོང་ཡང་། ཕྱིས་སུ་སྒྱིད་ལུག་དང་རྣམ་གཡེང་ལ་ཤོར། དེ་བཞིན་དུ་རྣམ་དཔྱོད་ཟླ་བྲལ་བའི་ཨི་ཐ་ལའི་རྩོམ་པ་པོ་ཀཱལ་ཝེ་ནོItalo Calvinoཡང་ང་ལ་མཚོན་ན་ཐང་ལ་འཇོག་མི་བྲ་བའི་ཀློག་བྱ་གཙོ་བོ་ཞིག་ཡིན། ཁོང་གི་བྱུང་རིམ་དང་དུས་ཚོད། སྒྲུང་དང་དངོས་ཡོད་སོགས་ཀྱི་རྒྱ་ལ་མ་ཆུན་པར་རང་དབང་གིས་འགྲོ་འོང་བྱེད་པའི་གྲུབ་རྟགས་ལ་ཧ་ཡང་ལས་མྱོང་། འདི་དག་ནི་གཡུ་ཆུང་ལགས་ཀྱི་མཆན་དེར་བལྟས་རྗེས་གང་དྲན་དུ་སྨྲས་པའོ།།            གཡག་གིས།
  • གཡགip:182.151.214.*
    2015-09-15 14:35:58
    གཡུ་ཆུང་སོགས་དཔྱད་མཆན་མཁན་དང་ཀློག་མཁན་གྲོགས་པོ་ཚོར་ཐུགས་རྗེ་ཆེ་ཞུ། ཕྲན་ནི་སྤྱིར་བཏང་འཚོ་བའི་ནང་དུ་མི་ཅུང་སྒྱིད་ལུག་དང་། ཚོར་བའི་འཕར་ཆག་ཆེན་པོ་ལ་མི་རེ་བ་དེ་འདྲ་ཞིག་ཡིན། སྒྲུང་ཐུང་ངུ་རེ་འབྲི་བའི་སྐབས་སུའང་རྒྱུན་དུ་གྱ་གྱུ་དང་འཕར་ཆག་ཆེན་པོ་མེད་པར་ཁ་ཁུ་སིམ་པོ་ཞིག་ཏུ་རང་ཤུགས་ཀྱིས་གྱུར་འགྲོ གྲོགས་པོ་དུ་མས་ང་ལ་ཁྱོད་ཀྱི་སྒྲུང་ལས་ཉི་ཧོང་གི་མཛེས་པ་ཞིག་མཐོང་བྱུང་གསུང་བྱུང་། དེ་ནི་ང་རང་དགའ་ཤོས་ཡིན་ལ། སྔོན་ཆད་མིང་མི་དྲན་པའི་ཉི་ཧོང་གི་རྩོམ་པ་པོ་ཞིག་གིས་བྲིས་པའི་ཁ་བ་འབབ་པའི་ཉིན་ཞིག་ལ་གྲོང་གསེབ་དུ་སྡོད་པའི་ཨ་ནེ་ལ་ལྟ་རུ་སོང་བའི་སྒྲུང་ཞིག་བཀླག་པས་ཉིན་ཤས་རིང་སྙིང་ལྡིང་ཚད་ཡང་ཇེ་དལ་ལ་སོང་བའི་ཚོར་བ་སྤྲད་མྱོང་། འདི་ནི་ཤར་ཕྱོགས་པ་ཚོ་སྤྱི་ལ་ཡོད་པའི་མངོན་ཆུང་གི་མཛེས་པ་ཞིག་ཡིན་ཡང་སྲིད།               གཡག་གིས།
  • ཀློའུ།ip:42.93.184.*
    2015-09-15 13:47:12
    བཀླགས་ཟིན།ཡག་པོ་འདུག
  • གཡུ་ཆུང་།ip:114.243.229.*
    2015-09-15 13:36:45
    བཀླགས་རྗེས་ང་ལ་ཉི་ཧོང་གི་གློག་བརྙན《ནམ་གུང་གི་ཟ་ཁང》深夜食堂ཞེས་པ་དེ་དྲན་དུ་བཅུག་སོང་།  དེར་ཁོ་བོས་བལྟས་མྱོང་མེད་མོད།  ངོ་སྤྲོད་ཞིག་དེ་སྔ་རིག་མྱོང་།   ཧ་ལམ་དེ་ཡང་ཞག་མ་གཅིག་གི་བྱུང་རིམ་བརྗོད་པ་ཞིག་ཡིན་བསམ་སོང་།    འདང་རེ་བརྒྱབ་ན་ཞག་མ་གཅིག་ནི་ཤིན་ཏུ་ཐུང་སྟེ། དེ་མི་ཞིག་གི་གཉིད་ཡུན་ཙམ་རེད།  འོན་ཀྱང་།  དེའི་རིང་ལ་དགྲ་ཇག་ཆོམ་རྐུན་ཡོང་སྲིད་ལ།  མི་ཤི་རྟ་འགྱེལ་ཡང་བྱུང་ཆོག་པས།  ཞག་མ་གཅིག་ནི་ལོ་ངོ་གཅིག་ལྟར་དུ་རིང་།  དེ་བས་ཉིད་ཀྱིས་དུས་ཚོད་ཞག་མ་གཅིག་བཀོད་སྒྲིག་བྱས་པ་འདིར་ཤིན་ཏུ་དགའ་བ་ཞིག་བྱུང་།   དེ་བཞིན་མཇུག་སྡུད་སྟངས་ཡང་སྙིང་ཉེ་བ་ཞིག་འདུག་སྟེ།  དེ་ནི天堂电影院ནང་གི་གློག་བརྙན་སྟོན་མཁན་རྒན་པོ་ཨེ་ཧྥོར་རྡོས་བུ་ཆུང་སཱལ་བ་ཊོར་ལ“གཅེས་ཕྲུག  ད་གཉིད།  ལྟད་མོ་རྫོགས་སོང”ཞེས་ལག་པ་ཆེན་པོ་དེའི་གོང་མཛུབ་ཀྱིས་གློག་སྒོ་མནན་པ་དང་འདྲའོ།།