གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《ཝེ། ཧེ་ཧེ།

  • དདདip:111.11.191.*
    2015-06-23 12:39:06
    བུད་མེད་ཀྱི་དཔེ་ཀློག་གིས་མི་རིགས་ཤིག་སྲོག་ཉེན་ལས་སྐྱོབ་ཐུབ།

    ཨིན་ཇིའི་རླབས་ཆེ་བའི་བསམ་བློ་བ་ཕེ་ཀུན་གྱི་གསུང་ལས་ལོ་རྒྱུས་བཀླག་ན་མིའི་བློ་རིག་དྭངས་བ་དང་སྙན་ངག་བཀླག་ན་མིའི་ཤེས་རབ་འཕེལ་བ།གྲངས་རིག་སྦྱང་ན་མི་ཞིབ་མོར་བསྒྱུར་བ།མཚན་ཉིད་རིག་པས་མི་སྒམ་པོར་བསྒྱུར་བ།མི་ཆོས་རིག་པས་མི་སློབ་སྦྱོང་ཅན་དུ་བསྒྱུར་བ།ཚད་མ་དང་ཚིག་རྒྱན་སྦྱང་ན་རྩོད་པ་ལ་བྱང་བ་སོགས་དཔེ་ཆ་ཅི་ཞིག་བཀླགས་ན་དེའི་དགེ་མཚན་གཙོ་བོ་བརྗོད་ཡོད།མི་ཞིག་གི་མཚར་ལོངས་ཀྱི་གོ་རིམ་ནི་ཤེས་བྱ་དང་ཁ་འབྲལ་ཐབས་མེད་ལ་དཔེ་ཆ་དང་ཁ་བྲལ་ཐབས་ཀྱང་མེད།དེས་དཔེ་ཀློག་ནི་མི་ཞིག་ལ་མཚོན་ན་ཅི་འདྲ་གལ་ཆེན་ཞིག་ཡིན་པ་བརྗོད་ཡོད།
    རྣམ་པ་ཚོས་ཚགས་ཤོག་དང་གསར་ལམ་ཁག་ནས་རྒྱུན་པར་ཀྲུང་ཧྭ་མི་རིགས་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས་ཞེས་པ་མི་མཐོང་ངམ།ཡང་ན་སྙུག་ཐོགས་པ་འགའ་རེས་དམངས་ཡོངས་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས་ན་ངེས་པར་བྱིས་པ་ནས་འགོ་རྩོམ་དགོས་པ་དང་།ལྷག་པར་བུ་མོ་ཚོ་ནས་འགོ་རྩོམ་དགོས་པར་འདོད།རྒྱུ་མཚན་བུ་མོ་ཚོ་ནི་མིའི་རིགས་ཀྱི་མ་འོངས་འབྱུང་འགྱུར་གྱི་བདག་མོ་དང་ཁོ་མོ་ཚོ་ནི་མིའི་རིགས་ཡོངས་ལ་མཚོན་ན་ཚེ་སྲོག་སྐྱེ་འཕེལ་གཏོང་བ་ཙམ་མ་ཡིན་པར་རིགས་རྒྱུད་མུར་སྤེལ་དང་དུས་མཚུངས་སུ་སློབ་གསོའི་བྱེད་ནུས་དང་འགན་སེམས་ངེས་ཅན་རེ་ཡིན་འོས།
    ཨ་མ་ནི་མིའི་རིགས་ཀྱི་ཆེས་ཐོག་མའི་དགེ་རྒན་རེད།འདི་ནི་སྔོན་བྱོན་དམ་པ་གང་དེས་ཞིབ་དཔྱོད་བྱས་པའི་ལེགས་བཤད་ཅིག་སྟེ་འདི་ལ་ང་རང་ཤིན་ཏུ་འཐད།འབྲེལ་ཡོད་དཔྱད་གཞིའི་ཁྲོད་འཁོད་པ་ལྟར་ན་མི་ཞིག་ལ་ལོ་གསུམ་གྱི་སྔོན་ནས་རྗེས་ཕྱོགས་དར་མ་ཆགས་པའི་ཆེས་གཞི་རྩའི་གཤིས་ཀ་ལྡན་པ་དང་།ལོ་གསུམ་གྱི་སྔོན་ནི་གང་ཡིན་ཞེ་ན།མང་ཆེ་བའི་སྤྲོ་སྣང་ལྡན་པའི་བྱིས་དུས་ནི་ཨ་མའི་པང་ནས་ནར་སོན་པའི་ལོ་ཟླ་རེད།ཨ་མའི་སྐད་ཆ་དང་བྱ་སྤྱོད།ཨ་མའི་གཤིས་ཀ་དང་རྒྱུ་སྤུས་སོགས་ཀྱི་བྱིས་པའི་སེམས་སུ་གཏིང་ཟབ་པའི་བག་ཆགས་འཇོག་བཞིན་ཡོད།བྱིས་པ་ནི་རྒྱལ་ཁབ་ཀྱི་འཛུགས་སྐྲུན་པ་དང་གསར་གཏོད་པ།སྒོ་འབྱེད་པ་རེད།རྒྱུ་མཚན་དེའི་དབང་གིས་དམངས་ཡོངས་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏང་དགོས་ཚེ་གཙོ་བོ་བུད་མེད་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་དགོས།

    ང་ཚོའི་བྱིས་པ་རེ་རེས་བྱིས་གཉོར་ཁང་ནས་ཚད་ལྡན་གྱི་སློབ་གསོ་མྱོང་འགོ་བརྩམས་པ་ནས་སློབ་ཆུང་དང་སློབ་འབྲིང་།སློབ་ཆེན་བར་ཅིའི་ཕྱིར་སྐྱེས་པའི་དགེ་རྒན་ལས་བུད་མེད་དགེ་རྒན་ལས་མང་བ་ཡིན་ནམ།དེ་ནི་སྤྱི་ཚོགས་ཀྱི་ལས་རིགས་བགོ་སྟངས་ལས་གཞན་ད་དུང་རྒྱུ་མཚན་གཞན་ཞིག་འདུག་སྟེ།བུད་མེད་ནི་ནམ་ཡིན་ཡང་སློབ་གསོ་བའི་འཁྲབ་སྟོན་པ་སྟེ།སློབ་གསོའི་ལས་རིགས་ལ་ཞིབ་ཚགས་ལྡན་ཞིང་ཧུར་བརྩོན་ལྡན་པས་སོ།