གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《གཡང་མོ་མཚོར་འཁྱིལ་བའི་གཉའ་ཁྲི་བཙན་པོ།

  • ཟླ་ཚང་ཨོ་རྒྱན་ཚེ་རིངip:31.173.84.*
    2018-01-20 03:54:37
    ཁོང་དང་ཁོང་མོ་གཉིས་ལ་གུས་འདུད་ཡང་ཡང་ཞུ།ཁོང་རྣམ་གཉིས་ལྟ་བུ་ནི་ང་ཚོའི་མིག་དཔེར་གཟུང་བྱའི་སྐྱེ་བོའོ།།
  • ལྷ་ལྡན།ip:220.182.51.*
    2016-10-30 20:32:13
    དཔྱད་བརྗོད་པ་བཙན་པོའི་ལོ་རྒྱུས་ལ་ཉམས་ཞིབ་མེད་པ་མངོན་གསལ་དོད་པོ་རེད།
  • ཡེ་རྡོར།ip:152.75.195.*
    2016-10-12 22:39:47
    འབུམ་རམ་པ་བླ་མ་སྐྱབས་ལགས།        ཁྱོད་ཀྱིས་བོད་ཡིག་འབྲི་དུས་བོད་ཡིག་མ་གཏོགས་མི་ཤེས་མཁན་གྱི་མཁས་པ་ཞིག་འདྲ་ལ་དབྱིན་ཡིག་འབྲི་དུས་དབྱིན་ཇི་མ་གཏོགས་མི་ཤེས་མཁན་གྱི་མཁས་པ་ཞིག་དང་འདྲ།        དེ་གཉིས་ཀ་འཛོམ་མཁན་གྱི་མི་ཞིག་གི་ཆ་ནས་ཁྱོད་ལྟ་བུའི་མཁས་པ་ཞིག་དེང་སྐབས་བོད་མིའི་སྤྱི་ཚོགས་ནང་རྙེད་དཀའ་བར་སྙམ།
  • གངས་རིས།ip:171.220.78.*
    2016-10-11 13:01:29
    ཞིབ་པར་བཀླགས་ཏེ་ད་ནི་《གཉའ་ཁྲི་བཙན་པོ་ཞིབ་འཇུག་》ལ་མཇལ་འདོད་ཅི་བས་བརྟས།
  • ཡེ་ཤེས་དཔལ་ལྡན།ip:42.95.119.*
    2016-10-10 21:19:06
    མདའ་ཚན་བླ་མ་སྐྱབས་ནི་བོད་པའི་རྩོམ་རིག་དཔྱད་བརྗོད་པ་མིང་དོན་དང་མཚུངས་པ་ཞིག་ཡིན་ལ། སླད་ཕྱིན་ཁོང་གིས་བོད་པའི་རྩོམ་རིག་ལ་མུ་ནས་དཀྲུག་དཀྲུག་གཏོང་ནུས་པའི་རེ་སྨོན་ཚད་མེད་ཡོད།
  • གཡུ་ཆུང་།ip:114.242.250.*
    2016-10-10 20:19:30
    བླ་མ་སྐྱབས་ལགས།  དེབ་ཡག་པོ་ལ་དེབ་དཔྱད་ཀྱང་ཡག་པོ་བྱས་འདུག  བློ་སྐྱེད་མི་དམན་པ་བྱུང་སོང་། ཐུགས་རྗེ་ཆེ།  གུས་པས་ཀྱང་དེབ་རྒན་འདི་ཀློག་སྒང་ཡིན། དེབ་འདིས་ང་ལ་ཡོད་པའི་དྲི་བ་མང་པོ་ལས་གཉའ་ཁྲི་བཙན་པོའི་སྐོར་ཙམ་མ་ཡིན་པར།   དྲི་བ་གཞན་མང་པོ་ཞིག་ལ་ལན་བཏབ་འདུག་པས་མིག་སྔའི་ཆར་བཀླགས་མ་ཚར་ན་སྙམ་པ་ཞིག་འདུག
  • རྗེན་པ།ip:222.210.3.*
    2016-10-10 20:10:31
    མདའ་ཚན་བླ་མ་སྐྱབས་ལགས་ད་ཆ་བོད་པ་རྩོམ་རིག་ཉམས་ཞིབ་པའི་ཚོགས་སུ་རྒྱུ་སྐར་རྒྱལ་བོ(ཡང་བྱས་ན་ཁོང་ནི་མིང་དོན་དང་ལྡན་པ་ཉག་གཅིག་པུ་དེ་ཉིད་ཡིན་སྲིད)་ལྟ་བུའོ༎ ཁོང་གིས་ཨིན་ཡིག་ནང་བརྩམས་གནང་མཛད་ཡོད་པའི་བོད་ཀྱི་ངག་རྩོམ་སྐོར་གྱི་དེབ་རྒན་དེ་བོད་ཡིག་ནང་མྱུར་བར་མཇལ་ཐུབ་པའི་རེ་སྒུག་ཀྱང་ཡོད།
  • དུར་སྲི།ip:61.178.103.*
    2016-10-10 19:59:54
    བཀླགས།