གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

ཀློག་པ་པོའི་དཔྱད་མཆན: 《གཅན་ཡུ་མོའི་སྙན་ངག་བདམས་བཀོད།

  • མགར་ཆོས།ip:139.207.73.*
    2018-11-16 15:32:53
    གལ་ཏེ་ཁྱོད་དང་ཐེངས་གཅིག་འཕྲད་པའི་གོ་སྐབས་བྱུང་ན།
    ངས་ཚེ་གང་བོར་བསོག་པའི་དངུལ་ལོ་ཁྱེར་ནས།
    ཁྱོད་ཀྱི་སྙན་ངག་དུམ་གཅིག་གི་བླུ་ཡོན་དུ་ཕུལ་ངེས།

    གལ་ཏེ། སྐྱེ་བ་རྗེས་མ་ཞིག་ཡོད་ན།
    ང་རང་ཁྱོད་ཀྱི་སྙུག་རྩེ་ནས་བཞུར་བའི་སྙན་ངག་དེ་བྱ་འདོད།
  • སྨུག་པོ།ip:60.165.248.*
    2018-10-25 09:29:42
    བཀླགས་ཟིན།  ཡག་གི་བསམ་སོང་། མུ་མཐུད་དུ་མང་པོ་འབྲི་རོགས།
  • རྩེ་རི་ཚེ་དབང་རྒྱལ་པip:223.220.130.*
    2018-07-17 15:42:16
    སྙན་ངག་ནི་སྐད་ཆའི་སྒྱུ་རྩལ་གྱི་ཁོངས་སུ་གཏོགས་པས། ཕྱི་ནང་སྙན་ངག་གང་ཞིག་གི་སྒྱུ་རྩལ་ཞིབ་དབྱེའི་གོམ་པ་དང་པོ་ནི་སྐད་ཆའི་ཞིབ་དབྱེ་ཡིན་པ་དང་། སྙན་ངག་གི་དབྱངས་ཀྱི་མཛེས་པ་དང་ཡིད་ཡུལ་མཛེས་པ་སོགས་གྱ་ནོམ་པའི་མཛེས་ཆོས་གང་ཡིན་ཡང་ཚང་མ་ཡིག་འབྲུ་དང་སྐད་ཆའི་བར་གནས་ཡོད་པ་རེད། སྙན་ངག་པས་སྒྱུ་རྩལ་གྱི་ཐབས་རྩལ་དུ་མ་བསྲེས་སྦྱོར་གྱིས་སྣང་བརྙན་བཞེངས་བསྐྲུན་མཛད་དེ། སྙིང་ཁོངས་ཀྱི་དོན་དམ་བརྩེ་དུང་ཉིང་བསྡུས་ཀྱིས་གླུ་རུ་ལེན་བཞིན་ཡོད་དོ།། ཡག་པོ་ཐལ།