ཚིག་གི་མར་ལོ།༧
ནོར་ནག
ད་ལྟའི་ནོར་ནག་ནི་མྱི་འབྲེལ་གྱི་ལས་ལ་རྩ་ཟ་བའི་སྲོག་ཆགས་ཤིག
ལུག་ཤ
སྒྲིག་ལམ་བཟོ་བྱེད་ཡིན་ལ་གུ་ཡངས་ལ་གཏོང་བྱེད་ཀྱང་ཡིན་པ།
གྲྭ་བ།
རས་གཟན་གྱི་ནང་དུ་བཏུམས་པའི་གཡུ་འབྲུག་ཅིག
དགེ་རྒན།
དེང་སང་དགེ་རྒན་ཕལ་ཆེར་རྫུན་བཤད་མཁན་དག་བསྡུས་ཡོང་བ་དང་འདྲ།
རྩྭ་ཐང་།
འགུལ་ཞིང་སྐྱོད་པའི་ཀོ་བ་ཆེན་པོ་ཞིག
ཉི་མ།
རབ་ཏུ་འབར་ཞིང་དུས་ནམ་ཡང་འཚིག་གིན་པའི་ཤིང་རྟ་ཆེན་པོ་ཞིག
ཟླ་བ།
སྙན་ངག་དགེ་རྒན་ཚོའི་ཁ་ནས་གོ་བ་ལྟར་ན། མལ་ཁྲི་རུ་ཆགས་སྲེད་ཀྱིས་འཁུན་ཞིང་འདར་བའི་གན་རྐྱལ་དུ་ཉལ་བའི་བུད་མེད་ཡུགས་མོ་ཞིག
སྙན་ངག
དེང་སང་གི་ཚགས་པར་དང་དུས་དེབ་ཏུ་མཐོང་བའི་སྙན་ངག་དག་ནི་ངུ་རྒྱུ་མེད་པའི་ངུ་སྒྲ་དང་དགོད་རྒྱུ་མེད་པའི་དགོད་སྒྲ། ན་ཟུག་མེད་པའི་ཧོ་རིང་གསུམ་རེད།
མུན་ནག
བུད་མེད་ཚོའི་རྫི་བག་བཤུ་བའི་ལག་པ་ཆེན་པོ་ཞིག
ཆང་།
ཆང་ནི་མ་གཞི་ནས་བཟི་བོ་ཞིག འདི་ནི་བོད་ཀྱི་འབྲོག་པ་ཚོའི་ཁ་ལ་རེག་ཚེ་གཡག་གི་རྡུང་ཀ་དྲན་ཡོང་ལ་བོད་ཀྱི་ལས་བྱེད་ཚོའི་ཁ་ལ་རེག་ཚེ་ལ་རྒྱ་དྲན་ཡོང་བ། བོད་ཀྱི་སྙན་ངག་པ་ཚོའི་ཁ་ལ་རེག་ཚེ་སྨད་འཚོང་དྲན་ཡོང་བ། བོད་ཀྱི་འགོ་བ་ཚོའི་ཁ་ལ་རེག་ཚེ་རིག་གནས་དྲན་ཡོང་བའི་སྨན་རྫས་ཤིག
བུད་མེད།
བུད་མེད་ནི་སྔུན་རྒྱབ་གང་ནས་བལྟས་རུང་བོའུ་མཆུ་ཞིག་སྟེ། དེ་ཡི་སོ་བ་འཛུགས་ས་ནི་རང་གི་སྐྱེས་པ་རེད།
ནམ་མཁའ།
བར་སྣང་དུ་འབྱར་བའི་མྱི་ཀོ་རལ་བོ་ཞིག
བྷ་ག
སངས་རྒྱས་ས་ཡིན་ལ་དམྱལ་བར་ལྷུང་ས་ཡང་རེད།
ལངྒ།
རང་གི་སྐྱི་པགས་སུ་ཉལ་བར་དགའ་ཞིང་གཞན་གྱི་སྐྱི་པགས་སུ་འཛུལ་བར་དགའ་བའི་ཤ་སྦྲུལ་ཞིག
ཁང་བ།
ངས་བལྟས་ན་གཅེར་བུར་ཉལ་བའི་ཁྱོ་ཤུག་གཉིས་ལ་ཁང་བ་ཟེར་ཆོག
ལྷམ།
མྱིས་གྱོན་པ་ནས་ཁྱི་སར་དེད་པ་ནི་ལྷམ་རེད།
ལག་པ།
མང་བོ་ཞིག་འཛིན་དགོས་འདོད་ནས་དེ་ལས་ཀྱང་མང་བ་ཞིག་ཤོར་མཁན་དེ་ལ་ལག་པ་ཟེར།
རྩོམ་ཁུངས། ངེད་དྲ་བ།