གཟིམས་པ་མེད་པའི་མཆོད་མེ། དབྱངས་གསལ་སོ་བཞིའི་མཛེས་སྡུག  RSSསྔོན་མངག

<<ཚངས་མགུར>>བཅོས་མ།

2008-11-03 22:28:00 འཕྲུལ་ཞགས། ཀློག་གྲངས། མཆན ཡོད།

རང་སེམས་སོང་བའི་མི་དེ།། གཏན་གྱི་འདུན་མར་མ་བྱུང༌།།
རྒྱ་མཚོའི་གཏིང་ནས་ནོར་བུ།། ལོན་དང་མ་ལོན་མི་འདུག།

མི་ཆེན་དཔོན་པོའི་སྲས་མོ།། སྐུ་ལུས་རྒྱགས་ལུགས་བལྟས་ན།།
ཁམ་སྡོང་མཐོན་པོའི་རྩེ་ཡི།།འབྲས་བུ་བཟོས་པ་འདྲ་བྱུང༌།།

གྲུ་ཤན་སེམས་པ་ཡོད་པས།། རྟ་མགོས་ཕྱི་མིག་བལྟས་བྱུང༌།།
བྱམས་པར་ཁྲེལ་གཞུང་མེད་པས།། ང་ལ་ཕྱི་མིག་མ་བལྟས།།

བྲིས་པའི་ཡི་གེ་ནག་ཆུང༌།། ཆུ་དང་ཐིགས་པས་མ་འཇིག།།
མ་བྲིས་སེམས་ཀྱི་རི་མོ།། དུས་དང་རྒས་པས་བསུབ་སོང༌།།

སྟོབས་ལྡན་ཧ་ལོའི་མེ་ཏོག། མཆོད་པའི་ས་ལ་བཞག་ན།།
གཡུ་སྦྲང་གཞོན་ནུ་ང་རང༌།། ལྷ་ཁང་ནང་ལ་མི་བཏུད།།

སེམས་སོང་བྱམས་པ་མ་བཞུགས།། རྒྱལ་ཁམས་གཅོད་ལ་ཕེབས་ན།།
ཕོ་གཞོན་ང་ཡང་མི་འདུག། ས་མཐའ་འགྲིམ་ལ་ཐལ་འགྲོ །།

སྒོམ་པའི་བླ་མའི་ཞལ་རས།།ཡིད་ལ་ཐེངས་གཅིག་ཤར་མྱོང༌།།
མ་བསྒོམ་བྱམས་པའི་ཞལ་རས།། སེམས་ལ་ཐེངས་བརྒྱར་བཙུད་ཡོང༌།།

ཧ་ཅང་སེམས་ལ་སོང་ནས༌།། འགྲོག་འདྲིས་ཨེ་ཡོང་དྲིས་པས།།
ཤི་རྗེས་མི་ཤེས་མ་གཏོགས།། གསོན་དུས་མི་འགྲོག་གསུངས་བྱུང༌།།

སྙིང་ཐུབ་ཡིད་འཕྲོག་ལྷ་མོ།། དབང་ཆེན་མི་ཡི་དཔོན་པོ།།
ནོར་བཟང་རྒྱལ་བོའི་ཡིན་ཀྱང༌།། རྔོན་པ་ང་རས་འཕྲོག་ཡོད།།

ནོར་བུ་རང་ལ་ཡོད་དུས།། ནོར་བུའི་ནོར་ཉམས་བཅད་ཡོད།།
ནོར་བུ་གཞན་ལ་ཤོར་ཀྱང༌།། སྙིང་རླུང་འཚང་དགོས་མི་འདུག །

རང་ལ་དགའ་བའི་བྱམས་པ།། རང་གིས་འདུན་མར་བླངས་ཡོད།།
གཞན་ལ་སེམས་གཅོང་ཆེ་བས།། ལུས་པོའི་ཤ་ཡང་སྐམས་སོང༌།།

བུ་མོར་འཆི་བ་ཡོད་ཀྱང༌།། ཆང་ལ་འཛད་པ་མི་འདུག །
གཞོན་པའི་གཏན་གྱི་སྐྱབས་གནས།། འདི་ལ་བཅོལ་བས་ལོས་ཆོག །

བུ་མོ་ཆུང་འདྲིས་བྱམས་པ།། སྤྱང་ཀིའི་རིགས་རྒྱུད་མིན་ནམ།།
ཤ་འདྲེས་པགས་འདྲེས་བྱུང་ཀྱང།། ང་རང་ཟ་གྲབས་མཛད་ཀིས།།

རྟ་རྒོད་རི་ལ་ཤོར་བ།། རྙི་དང་ཞགས་པས་མ་ཟིན།།
བྱམས་པ་ངོ་ལོག་རྒྱབ་པ།། ངན་མཚང་སློག་པས་ཐུབ་སོང༌།།

དབུས་ཀྱི་རི་རྒྱལ་ལྷུན་པོ།། མ་འགྱུར་བརྟན་པར་བཞུགས་ཀྱང༌།།
ཉི་མ་ཟླ་བའི་འཁོར་ཕྱོགས།། ནམ་ཡང་ནོར་ནས་འདུག་གི།

ཤ་འཇམ་ལུས་པོ་འདྲེས་ཀྱང༌།། ནམ་མཁའི་སྐར་ཚོད་་མི་ཐིག །
ས་ལ་རི་མོ་བྲིས་ཀྱང༌།། ནམ་མཁའི་སྐར་ཚོད་མི་ཐིག །

མདའ་མོ་འབེན་ལ་མ་ཕོག། མདེའུ་ས་ལ་འཛུལ་སོང༌།།
ཆུང་འདྲེས་བྱམས་པར་མ་འཕྲད།། སེམས་ཉིད་རྗེས་ལ་འབྲངས་སོང༌།།

དང་བོ་མ་མཐོང་ཆོག་ག། སེམས་པ་མ་ཤོར་ཆོག་ག།
གཉིས་པ་མ་འདྲེས་ཆོག་ག། སེམས་གཅོང་མ་ཡོང་ཆོག་ག།

ཤིང་དེ་བརྒྱ་ཡི་ནང་ནས།། རྒྱ་ལྕང་སྡོང་བོ་གདམས་ཡོད།།
རྒྱ་ལྕང་ཁོག་པ་རུལ་བ།། ཨོ་ལོས་ཤེས་ཀྱང་གསང་ཡོད།།

ཁུ་བྱུག་མོན་ནས་ཡོང་བ།། ལྷ་ཤིང་བསམ་ནས་ཡོང་མེད།།
ལྷ་ཤིང་འགྱུར་མདོག་བསྟན་ཀྱང༌།། སྙིང་ལ་གས་ཁ་མི་ཡོང༌།།

མ་བྱས་མི་ཁ་སྡང་བ།། ཁོང་དང་ཕོ་རོག་ནག་ཆུང༌།།
བྱས་ཀྱང་མི་ཁ་མི་འདུག། ང་དང་རྒྱ་ཁྲ་ཧོར་བ།།
 

རྩོམ་ཁུངས། ངེད་དྲ་བ།

དཔྱད་མཆན ཡོངས་སུ་གཟིགས།དཔྱད་མཆན།

མིང་མི་འགོད་པར་སྤེལ།